རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་ཟླ3ཚེས4ཉིན་གྱི་ཕྱི་དྲོར་འཚོགས་རྒྱུ་དང་། ཚེས10ཉིན་མཇུག་སྒྲིལ་རྒྱུ་ཡིན་པ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཚེས3ཉིན་གྱི་ཕྱི་དྲོར་བསྡུས་ཤིང་། ཚོགས་འདུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཝེ་མིན་གྱིས་རྒྱལ་ཕྱི་རྒྱལ་ནང་གི་སྨྱན་བྱེད་ཚན་པར་ཐེངས་འདིའི་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་སྐོར་ནས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

ཀའོ་ཝའེ་མིན་གྱིས་ཚོགས་ཐོག་ཏུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་ཟླ3ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་ཐོག་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་རྒྱུ་དང་། ཟླ3ཚེས10ཉིན་གྱི་ཕྱི་དྲོར་མཇུག་སྒྲིལ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་བྱུང་།

ཚོགས་ཆེན་གྱིས་ཐོག་མར་གཏན་འཁེལ་བྱས་པའི་གྲོས་རིམ་གཙོ་བ་ལ། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་དང་གྲོས་འདོན་སྙན་ཞུ་ལ་ཉན་ནས་གྲོས་ཞིབ་བྱ་རྒྱུ། ཐེངས་འདིའི་སྲིད་གྲོས་ཚོགས་ཞུགས་འཐུས་མི་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་དང་འབྲེལ་ཡོད་སྙན་ཞུ་ལ་ཉན་ནས་གྲོས་སྡུར་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ཕྱོགས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་འཆར་ཟིན་ལ་གྲོས་སྡུར་བྱ་རྒྱུ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཆབ་སྲིད་གྲོས་ཆོད་ལ་སོགས་པའི་གྲོས་ཆོད་དང་སྙན་ཞུ་ལ་གྲོས་ཞིབ་བྱ་རྒྱུ།

ཐེངས་འདིའི་ཚོགས་ཆེན་གྱི་སྐབས་སུ། འགོ་ཚུགས་མཛད་སྒོ་དང་མཇུག་བསྡུ་མཛད་སྒོ། གཏམ་བཤད་ཐེངས་གཉིས་བཀོད་སྒྲིག་བྱ་རྒྱུ་དང་། དེ་ལས་གཏམ་བཤད་གཅིག་བརྙན་འཕྲིན་གྲོས་ཚོགས་ཀྱི་རྣམ་པ་སྤྱད་རྒྱུ། གཞན་ཚན་ཆུང་ཁག་བགོས་ཀྱི་གྲོས་ཚོགས་ཐེངས་དྲུག་བཀོད་སྒྲིག་བྱ་རྒྱུ། འགོ་ཚུགས་མཛད་སྒོ་དང་མཇུག་བསྡུ་མཛད་སྒོའི་ཐོག་ཀྲུང་གོར་སྡོད་པའི་རྒྱལ་ཕྱིའི་གཞུང་ཚབ་པ་ཟུར་ཞུགས་བྱེད་དུ་འཇུག་རྒྱུ།
 


ཁོན་ཐར་འཚོས་བསྒྱུར།