ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅོ་ལྔ་པས་མཚོ་སྔོན་གྱི་ཡར་ཞུ་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བར་སྐོར་ཞིབ་བྱེད་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ3པའི་ཚེས1ཉིན།ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅོ་ལྔ་པས་མཚོ་སྔོན་ཞིང་ཆེན་གྱི་ཡར་ཞུའི་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བར་སྐོར་ཞིབ་བྱེད་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་ཡར་ཞུ་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་སྐོར་ཞིབ་དང་དག་ཐེར་ལེགས་བཅོས་ཐད་ཀྱི་བཀོད་སྒྲིག་རེ་བ་ལྟར། ཏང་ལ་བློ་དཀར་བ་དང་མི་དམངས་ལ་འགན་ཁུར་བའི་ཆབ་སྲིད་རང་རྟོགས་ཁྱེར་ནས་ཀྲུང་དབྱང་གི་སྐོར་ཞིབ་ཡར་ཞུ་གནད་དོན་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པ་དང་། སྐོར་ཞིབ་ཀྱི་གོ་རིམ་རྗེས་མའི་བྱ་བ་བཟང་པོར་བསྒྲུབ་ནས། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་པོ་རྩོམ་པར་སྐུལ་འདེད་གཏོང་བ་དང་། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་ཡར་ཞུ་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད། བློ་མཐུན་དབྱང་ཞོ་ཏུའུ་ཡིས་ཀྲུང་དབྱང་སྐབས་བཅུ་དགུ་པའི་སྐོར་ཞིབ་ཐེངས་དྲུག་པའི་ཡར་ཞུ་བརྙན་རིས་གྲོས་ཚོགས་སྟེང་གནང་བའི་གཏམ་བཤད་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་ཡར་ཞུ་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཡུས་ཚོང་ལི་ཡིས་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅོ་ལྔ་བས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཞིབ་བྱས་པའི་ཡར་ཞུ་གྲོས་གཞིའི་དག་ཐེར་ལེགས་བཅོས་ཇུས་གཞིའི་གཏན་འབེབས་གནས་ཚུལ་ཐད་ནས་གསལ་བཤད་བྱས།

ཝང་ཅན་ཅོན་གྱིས་བསྟན་དོན། ཀྲུང་དབྱང་སྐོར་ཞིབ་ཀྱི་ཡར་ཞུ་གྲོས་གཞིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་མངོན་པར་བྱས་ཡོད་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རེ་བ་མཚོན་ཡོད། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཆབ་སྲིད་སྟེང་གི་རང་འགུལ་ནི་ཆེས་ཕན་པ་ཡོད་པའི་རང་འགུལ་ཡིན་པ་དང་། ཆབ་སྲིད་སྟེང་གི་གཞན་འགུལ་ནི་ཆེས་ཉེན་ཁ་ཆེ་བའི་གཞན་འགུལ་ཡིན་པས། སྐོར་ཞིབ་དག་བཅོས་དེ་སྲུང་སྐྱོབ་གཉིས་ལ་ཞིབ་དཔྱད་བྱེད་པའི་ཚད་ཁྲེ་གལ་ཆེན་དུ་བརྩིབ་དང་། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་དངོས་ལ་བརྩི་བ། ཀླད་པ་གསལ་ཐིང་ལངས་ཕྱོགས་ཇེ་བརྟན་དུ་བཏང་སྟེ། ཆབ་སྲིད་སྟེང་གི་བསམ་ཤེས་ཅན་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་དག་ཐེར་ལེགས་བཅོས་ཀྱི་ཆབ་སྲིད་རང་ཞིན་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན་དོན། དེ་ཡང་སྐོར་ཞིབ་ནི་ཆབ་སྲིད་ཀྱི་སྐོར་ཞིབ་དང་དག་ཐེར་ལེགས་བཅོས་ནི་ཆབ་སྲིད་ཀྱི་ལས་འགན་ཡིན། དག་ཐེར་ལེགས་བཅོས་ཐད་ནས་གདམ་གསེས་མེད་པར་ཚང་མ་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་ཡིན་པ་མ་ཟད། བཟང་བོར་བསྒྲུབ་དགོས། ངེས་པར་དུ་ཆབ་སྲིད་གླེང་བའི་མཐོ་ཚད་དུ་འགྲེང་ནས་དག་ཐེར་ལེགས་བཅོས་བྱ་བར་ལྟ་སྟངས་འཛིན་པ་དང་། ལངས་ཕྱོགས་གསལ་བོས་ཆབ་སྲིད་གླེང་བ་དེ་དག་ཐེར་ལེགས་བཅོས་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ། ཆབ་སྲིད་སྟེང་དག་ཐེར་ལེགས་བཅོས་ལ་ལྟ་སྟངས་བཟུང་ནས། ཆབ་སྲིད་སྟེང་འཆར་འགོད་དང་བཀོད་སྒྲིག་བྱེད་པ་དང་། ཆབ་སྲིད་སྟེང་ལག་བསྟར་ལ་སྐུལ་འདེད་གཏང་དགོས། དག་ཐེར་ལེགས་བཅོས་ཀྱི་གཟབ་ནན་རང་བཞིན་འབུར་དུ་ཐོན་པར་བྱེད་དགོས། སྐོར་ཞིབ་ནི་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་རལ་གྲི་ཡིན་ལ། དག་ཐེར་ལེགས་བཅོས་ནི་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་ཡིན། གཟབ་ནན་གྱི་རྨང་གཞི་གཙོ་བོ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ་ནི། ཏང་ཀྲུང་དབྱང་གི་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་བཅངས་པའི་རྣམ་འགྱུར་བརྟན་པོ་ཡིན། གཟབ་ནན་གཙོར་འཛིན་པ་དང་། འགོ་མཇུག་བར་གསུམ་དུ་གཟབ་ནན་བྱེད་རྒྱུ་ནི་ཞིང་ཆེན་ཏང་ཨུས་སྐོར་ཞིབ་དང་དག་ཐེར་ལེགས་བཅོས་ལ་དམ་འཛིན་བྱེད་པའི་ལངས་ཕྱོགས་གསལ་བོ་ཡིན། གནད་དོན་རེ་རེ་བཞིན་ཤན་སྦྱར་ནས་དག་ཐེར་ལེགས་བཅོས་ནན་མོ་བྱེད་པར་དམ་འཛིན་བྱེད་པ་དང་། གནད་དོན་ཐག་བཟང་བོ་བཅད་དེ། ངེས་པར་དུ་ཀླད་པ་གསལ་བོ་བྱེད་པ་དང་། ངེས་པར་དུ་གོམ་སྟབས་གཅིག་གྱུར་བྱེད་དགོས། དག་ཐེར་ལེགས་བཅོས་ཀྱི་དུས་ཕན་རང་བཞིན་ལ་དོ་སྣང་བྱེད་དགོས། ཞིང་ཆེན་ཏང་ཨུའི་དག་ཐེར་ལེགས་བཅོས་ཇུས་གཞི་ལ་དམ་དུ་དམིགས་པ་དང་། བཟོ་སྐྲུན་གྱི་དུས་ཚོད་བཀོད་སྒྲིག་བཟང་བོ་བྱེད་པ་དང་འགོར་འགྱངས་མི་བྱེད་པ། དུས་ཚོད་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། དམ་འཛིན་ལྷོད་མེད་བྱེད་པ་དང་། གནད་དོན་རེ་རེ་བཞིན་ཐག་གཅོད་དགོས། རྩ་འཛུགས་འགོ་ཁྲིད་རྐྱེན་སྲོལ་དང་བྱ་བའི་སྐུལ་སྤེལ་རྐྱེན་སྲོལ། སྐུལ་འདེད་ཞིབ་བཤེར་རྐྱེན་སྲོལ་འཛུགས་པ་དང་། དག་ཐེར་ལེགས་བཅོས་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་པ་གཏན་འབེབས་ལག་བསྟར་བྱེད་པ། རིམ་པ་གསུམ་པའི་སྐབས་བརྗེ་སོགས་དང་ཟུང་འབྲེལ་བྱས་ཏེ། སྐོར་ཞིབ་ཀྱི་གྲུབ་འབྲས་བཀོལ་སྤྱོད་བྱེད་དགོས། དག་ཐེར་ལེགས་བཅོས་ཀྱི་རང་རྟོགས་རང་བཞིན་མཐོར་འདེགས་གཏོང་དགོས། རང་འགུལ་གྱིས་འགན་ཕྲག་ཏུ་ལེན་པ་ལས་འགན་འཛོལ་མི་བྱེད་པ་དང་། འགན་འཁྲི་ལག་བསྟར་བཟང་པོ་བྱེད་པ་ལས་རང་འགན་གཞན་དཀྲི་མི་བྱེད་པ། འགན་འཁྲི་ཕྲག་ཏུ་ལེན་ཕོད་པར་བྱས་ནས། འགན་འཁྲི་ཡིད་ལ་འཛིན་པ་དང་ཕྲག་ཏུ་ལེན་པ། ལག་བསྟར་བཟང་བོ་བྱེད་དགོས། གནད་དོན་གྱི་གསལ་ཁྲ་དང་ལས་འགན་གྱི་གསལ་ཁྲ། འགན་འཁྲའི་གསལ་ཁྲ་ལ་ཤན་སྦྱར་ནས། རང་ཉིད་དེའི་ཁྲོད་འཇོག་པ་དང་འགན་འཁྲི་དེའི་ཁྲོད་འཇོག་པ། བྱ་བ་དེའི་ཁྲོད་འཇོག་པ། རང་འགུལ་གྱིས་ངོས་འཛིན་རྩིས་ལེན་བྱས་ནས་རང་རྟོགས་སྒོས་དག་ཐེར་ལེགས་བཅོས་བྱེད་པ་དང་ཕན་འབྲས་བརྩོན་ལེན་བྱས་ནས་དག་ཐེར་ལེགས་བཅོས་ནན་མོ་བྱེད་པ། གཅིག་ཤེས་ཀུན་གྲོལ་ཀྱིས་དག་ཐེར་ལེགས་བཅོས་བྱས་ཏེ། གནད་དོན་རེ་རེ་དག་ཐེར་ལེགས་བཅོས་ནན་མོ་བྱེད་པ་དང་ལས་འགན་རེ་རེ་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།དག་ཐེར་ལེགས་བཅོས་ཀྱི་བརྟན་བརླིང་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། གནད་དོན་ལ་ཐད་ཀར་ཁ་ཕྱོགས་པ་དང་དག་ཐེར་ལེགས་བཅོས་བྱེད་པའི་སྙིང་སྟོབས་ཡོད་པ་དང་། རྒྱུན་མཐུད་ངང་ཤུགས་འདོན་པ་དང་དཀའ་ཁག་གདོང་གིས་བསུ་བའི་སེམས་ཤུགས་བརྟན་པོ་ཡོད་དགོས་ལ། བློ་བརྟན་འགྱུར་མེད་ཀྱིས་དག་ཐེར་ལེགས་བཅོས་ལ་དམ་འཛིན་བྱེད་པ་དང་། དམིགས་འབེན་མངོན་འགྱུར་མ་བྱས་ནས་མཚམས་འཇོག་མི་རུང་ཟེར།

ཞིན་ཁྲང་ཞིང་གིས་གྲོས་ཚོགས་འགོ་མཛིན་བྱེད་སྐབས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ་དག་ཐེར་ལེགས་བཅོས་དམ་འཛིན་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐོར་ཞིབ་དྲུག་པའི་སྐོར་ཞིབ་གནས་ཚུལ་གྱི་སྙན་ཞུ་ཉན་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། སྐོར་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་ལ་དམིགས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལ་ཟུང་འབྲེལ་བྱས་ནས། འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཚད་གཞིར་དམིགས་པ་དང་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པ། སྐོར་ཞིབ་དང་དག་ཐེར་ལེགས་བཅོས་ཀྱི་འགུལ་སྐྱོད་དངོས་ལ་བརྟེན་ནས་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་དགོས། འགན་འཁྲི་ལག་བསྟར་བྱས་ནས་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་། དག་ཐེར་ལེགས་བཅོས་དེ་འགན་འཁྲི་ལག་བསྟར་བྱེད་པ་དང་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་སུ་བརྩི་བ། མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པའི་བྱེད་ཐབས་སྤྱོད་པ་དང་། ཡུན་རིང་བོར་འཛུགས་པའི་རྐྱེན་སྲོལ་གྲུབ་པར་བྱས་ནས། གནད་དོན་དག་ཐེར་ལེགས་བཅོས་བཟང་པོ་བྱེད་པ་དང་འཕྲོ་ལུས་མི་བྱེད་པ། ཡང་བསྐྱར་མི་འབྱུང་བར་ཁག་ཐེག་བྱེད་དགོས། མཐུན་སྦྱོར་མཉམ་འབྲེལ་གྱིས་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་། རང་འགུལ་གྱིས་རང་ཉིད་དེའི་ཁྲོད་འཇོག་པ། རང་འགན་བསྒྲུབ་པ་དང་མཉམ་འཛིན་མཉམ་སྡོམ་བྱས་ཏེ། གོང་འོག་མཉམ་འབྲེལ་དང་ཕན་ཚུན་ཟུང་འབྲེལ། རིམ་པ་བགོས་ནས་འགན་ཁུར་བའི་དག་ཐེར་ལེགས་བཅོས་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས། གཟབ་དངོས་མཉམ་སྤྱོད་ཀྱིས་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་། བསམ་བློའི་འགོ་ཁུངས་ནས་སྐོར་ཞིབ་ཁྲོད་རྙེད་པའི་གནད་དོན་ལ་དབྱེ་ཞིབ་བྱེད་པ། དག་ཐེར་ལེགས་བཅོས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་ལ་སྐུལ་འདེད་གཏོང་བ། སྤྱོད་ཚུལ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་མེད་པར་བཟོས་ནས། ཚད་གཞི་ནན་མོ་དང་སྒྲིག་ལམ་དམ་པོ། སྤྱོད་ཚུལ་བཟང་པོས་དག་ཐེར་ལེགས་བཅོས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས། བྱ་བར་ཟུང་འབྲེལ་བྱས་ནས་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་། མཉམ་བསྲེས་བཞིའི་རེ་བ་ལྟར། ལོ་ལྔའི་འཆར་གཞི་བཅུ་བཞི་པ་གཏན་འབེབས་ལག་བསྟར་བྱེད་པ་དང་། གྲོང་ཁྱེར་དང་རྫོང་། ཡུལ་ཚོའི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་བྱ་བ་སྤེལ་བ། བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་སོགས་དང་ཟུང་འབྲེལ་བྱས་ནས། ཧུར་ཐག་གིས་སྐོར་ཞིབ་དང་དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་བྱ་བ་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་གསར་པ་རུ་བསྒྱུར་དགོས་ཟེར།

ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་ཡར་ཞུ་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་མགོན་པོ་བཀྲ་ཤིས་དང་ཐིན་ཅ་ཚའེ། ལིས་ཅེ་ཞང་། ཝང་ལིས་མེན་དང་ཞིང་ཆེན་གྱི་འགོ་ཁྲིད་མཱ་ཅི་ཞོ། དབྱིན་པད། ཁྲིན་རུའེ་ཧྥུན། ཀྲང་ཀོང་རོང་། མཱ་ཝེ། ཝུའུ་ཧའེ་ཁུན། ཁོང་ཡུང་། དབྱང་ཧྥུན་ཁྲུན། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཚེ་རིང་ཐར། རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། མཱ་ཧེ་དབྱིན། ཏུའུ་ཏི་ཀྲི ཀྲང་ཞའོ་རོང་། མཱ་ཧྥུན་ཧྲིན། ཀྲང་ཙིག་ཅུན། མིན་ཡོང་ཧྲན་བཅས་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། གྲོང་ཁྱེར། ས་ཁུལ་བཅས་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད།

ཤ་མོ་འཚོས་བསྒྱུར།