རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་མཇུག་སྒྲིལ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་མཇུག་སྒྲིལ་བ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས་གནང་བ། ཝང་དབྱང་གིས་གསུང་བཤད་གནང་བ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་ཟིན་རྗེས་དེ་རིང་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་མཇུག་སྒྲིལ་ཡོད་པ་རེད། གྲོས་ཚོགས་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་། ཞུགས་མཁན་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་དང་། སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་ཕྱོགས་དང་བསྟུན་ནས་འགོ་གསར་པ་འཛུགས་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝེ། མ་པིའོ། ཁྲེན་ཞའོ་ཀོང་། ལིའང་ཀྲེན་དབྱིང་། ཞ་པའོ་ལུང་། ཡང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་ཞུགས་ཡོད་པ་རེད།

ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་ཞུགས་ཡོད།

ཕྱི་དྲོའི་ཆུ་ཚོད་གསུམ་པར། མཇུག་སྒྲིལ་ཚོགས་འདུ་འགོ་ཚུགས་པ་དང་། ཝང་དབྱང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པར་ཞུགས་དགོས་པའི་ཨུ་ཡོན་2158ཡོད་པ་དང་། དངོས་སུ་ཞུགས་པའི་ཨུ་ཡོན་2087ཟིན་ཡོད། དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་ཅེས་ཁྱབ་བསྒྲགས་གནང་ཡོད།

གྲོས་ཚོགས་ཐོག སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་ཞུའི་སྐོར་གྱི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་ཞིབ་དཔྱད་བྱས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་ཡོད། ཨུ་ཡོན་ཚོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་བྱས་པར་མགྲིན་དབྱངས་གཅིག་གྱུར་ཐོག་མོས་མཐུན་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཝང་དབྱང་གིས་གསུང་བཤད་གནང་སྐབས། ཐེངས་འདིའི་གྲོས་ཚོགས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པར་གཅིག་སྡུད་བྱས་པ་དང་འཆར་གཞི་གསར་པ་མཉམ་གླེང་། དྲང་ནུས་གཅིག་ཏུ་འདུས་པ་བཅས་བྱས་ཤིང་། དེ་ནི་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་ཨུ་ཡོན་ཚོ་དང་མཉམ་དུ་རྒྱལ་དོན་གླེང་གནང་ཡོད། ཨུ་ཡོན་ཡོངས་ནས་སྲིད་གཞུང་ལས་དོན་སྙན་ཞུ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རྩ་གནད་འཆར་ཟིན། དེ་བཞིན་སྙན་ཞུ་གཞན་དག་ལ་གྲོས་བསྡུར་གཏིང་ཟབ་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་སོགས་ཡིག་ཆར་གྲོས་ཞིབ་ནན་ཏན་གནང་བ། སྲིད་དོན་ཆེད་དུ་གྲོས་འགོ་འདོན་པ་དང་ཐུན་མོང་ངོས་འཛིན་གཅིག་སྡུད་བྱ་རྒྱུར་ཕྱོགས་གཉིས་ནས་ནུས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་པར་གྲུབ་འབྲས་ཡག་པོ་ཐོབ་པ་དང་། རྒྱ་ཆེའི་ཨུ་ཡོན་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་དང་། མི་དམངས་ཀྱི་ཆེད་དུ་འགན་ཁུར་བའི་འགན་འཁྲིའི་བསམ་པ་གང་ལེགས་མངོན་པ། མི་དམངས་སྲིད་གྲོས་དེ་ཉིད་ཆེད་མངགས་གྲོས་མོལ་ལས་ཁུངས་ཡིན་པའི་བཟང་ཆའི་ནུས་པ་གང་ལེགས་མངོན་པར་བྱས་ཡོད་ཅེས་གསུངས་ཡོད།

ཝང་དབྱང་གིས། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་ཡིན་ལ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན་པས། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས། ཀྲུང་གུང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་བླང་བྱ་དོན་འཁྱོལ་བྱེད་དགོས་པ་དང་། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་ཧྭའི་བུ་ཕྲུག་རྣམས་ཀྱི་བློ་རིག་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་འགོ་ཡག་པོ་འཛུགས་པ་དང་། གོམ་པ་བརྟན་པོ་སྤོ་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་བསྟན་གནང་ཡོད།

ཝང་དབྱང་གིས། མི་དམངས་སྲིད་གྲོས་དེ་ཉིད་ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་། དེར་ཤུགས་སྣོན་རྒྱག་རྒྱུའི་འཐབ་ས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་སྔ་བར་ཕྱི་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་དེ་རྩ་བའི་ཆབ་སྲིད་ཀྱི་རྩ་དོན་དང་གལ་ཆེའི་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས། རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་བ། ཆབ་སྲིད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་གི་འགོ་ཁྲིད་བྱེད་ཐབས་གལ་ཆེན་ཡིན་པའི་གྲོས་མོལ་དམངས་གཙོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གྲོས་གྲོས་མོལ་གྱི་ལམ་ལུགས་ལག་ལེན་བརྒྱུད་ཏང་གི་འདོད་ཚུལ་དེ་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་ལ་འགྱུར་བ་བྱེད་དགོས། མི་དམངས་སྲིད་གྲོས་དེ་ཉིད་ཏང་གི་རིགས་གཞུང་གསར་གཏོད་ལ་བརྟེན་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣར་མཐུན་སྒྲིལ་དང་སློབ་གསོ་ཁྲིད་སྟོན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་གི་རིགས་གཞུང་གསར་གཏོད་ལ་བརྟེན་ནས་ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་། བསམ་བློའི་ཐད་མཉམ་དུ་ཡར་རྒྱས། བྱ་སྤྱོད་ཐད་གོམ་སྟབས་གཅིག་གྱུར་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚན་རིག་རིགས་གཞུང་གིས་མཛུབ་ཁྲིད་དང་། གྲོས་མོལ་སྤེལ་རེས་ཁྱད་ཆོས་སུ་བཟུང་བ། རང་ངོས་མཐོར་གཏོང་དམིགས་ཡུལ་གཙོ་བོར་བྱེད་པ། ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་རྒྱུ་དམིགས་འབེན་དུ་བྱེད་པ་བཅས་ཀྱི་སློབ་སྦྱོང་དང་། བསམ་བློ་གཏོང་བ། ལག་ལེན། གནས་ལུགས་རྟོགས་པ་བཅས་ཀྱི་སྟེགས་བུ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། ཀྲུང་གུང་ཏང་གི་ལོ་རྒྱུས་ཀྱིས་གཙོ་བོ་བྱས་པའི་ལོ་རྒྱུས་བཞིའི་སློབ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་པ། ལོ་རྒྱུས་སྦྱངས་ནས་གནས་ལུགས་རྟོགས་པ་དང་། ལོ་རྒྱུས་སྦྱངས་ནས་བློ་སྤོབས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་དུ་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་ཐུབ་པ་བྱ་དགོས། མི་དམངས་སྲིད་གྲོས་དེ་ཉིད་ཐུན་མོང་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་སྟེང་འགལ་ཟླ་སེལ་བ་དང་ཐུན་མོང་ངོས་འཛིན་གཅིག་སྡུད་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་སྲིད་ཇུས་དྲིལ་བསྒྲགས་དང་དོགས་སློང་སེལ་བའི་ལས་དོན་མང་ཙམ་བསྒྲུབ་དགོས་པ་དང་། མཐུན་སྒྲིལ་འབད་འཐབ་དང་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་འཕེལ་བ། སེམས་ཤུགས་འཕེལ་བ་དང་། མི་སེམས་འདུས་པ། སེམས་པ་གཅིག་མཐུན་ཡོང་བ། རིགས་ཁོངས་ཁག་གི་མང་ཚོགས་ཀྱི་ལས་དོན་སྤེལ་ཐབས་ཀྱི་སྟེགས་བུ་གསར་པ་གཏོད་པ། སྲིད་གྲོས་ཀྱིས་ཨུ་ཡོན་སྒྲིག་འཛུགས་དང་ཨུ་ཡོན་གྱིས་རིགས་ཁོངས་སོ་སོའི་མང་ཚོགས་ལ་ཁྲིད་སྟོན་བྱེད་པའི་ལས་ཀའི་འབྲེལ་ཐག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། བློ་རིག་གཅིག་སྡུད་ཐོག་ཇུས་ཡག་པོ་འདོན་པ་དང་། ཀུན་སེམས་གཅིག་སྒྲིལ་གྱི་རྣམ་པ་གསར་པ་འགོ་འཛུགས་རྒྱུར་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱ་དགོས་ཞེས་གསུངས་པ་རེད།

ཝང་དབྱང་གིས། མཇུག་ཏུ་ཨུ་ཡོན་རྣམ་པ་ཚོ་རྒྱལ་ཁབ་ཀྱི་དོན་ཆེན་ནི་འགན་འཁྲིའི་ནང་གི་འགན་འཁྲི་གཙོ་བོ་ཡིན། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་འགག་རྩའི་མཚམས་ཚིགས་སྟེང་ལས་འགན་གྱིས་ང་ཚོར་འབོད་སྐུལ་བྱེད་པ་དང་འགན་འཁྲི་ཕྲག་སྟེང་དུ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། གླང་རྒན་གསུམ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་ལག་ལེན་ནང་ཧུར་ཐག་ཞུགས་པ། ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྱོང་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་ཆེད་སྐུལ་འདེད་ཟམ་མི་ཆད་པ་བཏང་སྟེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་གསུངས་པ་རེད།

མཇུག་སྒྲིལ་ཚོགས་འདུར་ཞུགས་མཁན་འགོ་ཁྲིད་བློ་མཐུན་ཁྲོད་ད་དུང་ཏིང་ཞུའེ་ཞང་དང་། ཝང་ཁྲེན། ལིའུ་ཧོ། ཞུས་ཆི་ལིའང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། ཡང་ཅེ་ཁྲེ། ཡང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་རྨིན་ཨེར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཆོན་སོགས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་བཅས་མཇུག་སྒྲིལ་ཚོགས་འདུར་ཞུགས་གནང་ཡོད། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་སོགས་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་འདུར་ཞུགས་གནང་ཡོད་པ་རེད།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ་བ་རེད།