རྩེ་ཁོག་རྫོང་ཨོ་རྡོ་ལ“རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་སྔོན་ཐོན་མི་སྣའི”མཚན་སྙན་ཐོབ་པ།

ཨོ་རྡོ།སྐྱེས་པ།བོད་རིགས།1975ལོའི་ཟླ7པར་སྐྱེས།ཀྲུང་གུང་ཏང་ཡོན།རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་གྲོང་རྡལ་སྦྲ་དཀར་སྡེ་བའི་མི།ད་ལྟ་ཉིན་ཤུག་གྲོང་རྡལ་སྦྲ་དཀར་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་སྦྲ་དཀར་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ལས་འཛིན་དཔོན་གྱི་འགན་གཅིག་ལྕོགས་ཁུར་ཡོད། 2017ལོའི་ཟླ12པར“རྒྱལ་ཡོངས་ཞིང་ལས་ཀྱི་ངལ་རྩོལ་དཔེ་བཟང”དང་། 2018ལོའི་ཟླ3པར“རྩེ་ཁོག་རྫོང་གི2017ལོའི་ཞིང་ཕྱུགས་ལས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ།” 2018ལོའི་ཟླ4པར“རྨ་ལྷོ་ཁུལ་གྱི་ངལ་རྩོལ་དཔེ་བཟང་།”2021ལོའི་ཟླ2པར“རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར”བཅས་ཀྱི་མཚན་སྙན་ཐོབ་པ་རེད།

ཤ་མོ་འཚོས་བསྒྱུར།