རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དུས་ཚོད་གཏན་འཁེལ་བྱས་འདུག

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་སྟེང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་བསྡུ་བའི་གཏན་འབེབས་ལ་གྲོས་འཆམ་བྱུང་སྟེ། གཏན་འབེབས་ལས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ2021ལོའི་ཟླ3པའི་ཚེས5ཉིན་པེ་ཅིང་ནས་འཚོག་རྒྱུ་ཡིན་པ་གསལ་པོར་བཏོན་ཡོད།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གྲོས་ཚོགས་ཐེངས་ཞེ་བདུན་པའི་སྟེང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་བསྡུ་བའི་གཏན་འབེབས(ཇུས་གཞི)ལ་གྲོས་འཆམ་བྱུང་སྟེ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ2021ལོའི་ཟླ3པའི་ཚེས4ཉིན་པེ་ཅིང་ནས་འཚོག་རྒྱུ་ཡིན་པ་གཏན་འབེབས་བྱས་ཡོད། གཞན་ད་དུང་ཚོགས་འདུའི་སྟེང་། 2021ལོའི་ཟླ3པའི་ཚེས1ནས2ཉིན་བར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་བསྡུས་ཏེ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་བསྡུ་བར་གྲ་སྒྲིག་བྱ་དགོས་པར་གཏན་འབེབས་བྱས་པ་རེད།

ལོ་ཙཱ་པ། ལྷ་ཆེན་རྒྱལ།