དཔལ་མཁར་རྒྱལ་ལ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་སྔོན་ཐོན་མི་སྣའི་གཟེངས་རྟགས་ཐོབ་པ།

རང་རེའི་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན། རྒྱལ་ཡོངས་དབུལ་སྒྲོལ་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་དཔང་ཡིག་སྤྲད་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད། གཞན་ད་དུང་རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྣ་དང་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་གནང་། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་མཁར་རྒྱལ་ལ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་སྔོན་ཐོན་མི་སྣའི་གཟེངས་རྟགས་ཐོབ་པ་རེད།

ལོ་ཙཱ་པ། ལྷ་ཆེན་རྒྱལ།