ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས་གཏམ་བཤད་གལ་ཆེན་གནང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུས་འཕྲལ་དུ་བརྡ་ཐོ་བཏང་ནས་རྩ་འཛུགས་པུའུ་ཡི་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་ཀྱིས་ལྟ་བ་དང་སློབ་སྦྱོང་ཡག་པོ་བྱེད་པ། ཞིང་བཆེན་ཨུའི་རྩ་འཛུགས་པུའི་བྱ་བའི་ཨུ་ལྷན་གྱི་ཁོངས་མི་དང་ཁྲུའུ་དང་ཁང་གི་འགན་འཁུར་བློ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གཏམ་བཤད་ལ་དམིགས་ནས་ངོས་འཛིན་དང་མྱོང་ཚོར་གླེང་བ་དང་དོན་འཁྱོལ་བྱེད་ཐབས་གླེང་བ་རེད།

ཚང་མས་མ་གྲོས་གཅིག་མཐུན་དུ་བསམས་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་མཚོ་སྔོན་འཐུས་མི་ཚོགས་པར་ཕེབས་ནས་གྲོས་ཞིབ་གནང་ནས་གཏམ་བཤད་གལ་ཆེན་གནང་བ་དེ་ལས་ཁོས་མཚོ་སྔོན་ལ་མཐོང་ཆེན་དང་ཐུགས་ཁུར་གནང་ཡོད་པ་མཚོན་ཡོད། གཏམ་བཤད་དེ་ནི་ལྕག་སྐུལ་ཞིག་རེད་ལ་ང་ཚོས་བྱ་བ་སོ་སོ་སྔར་བས་ཡག་པོ་བསྒྲུབ་རྒྱུར་རེ་བ་ཟབ་མོ་བཅངས་ཡོད་པ་དང་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་བསྣན་ཡོད་པར་ངོས་འཛིན་གནང་བ་རེད། ཁྲུའུ་དང་ཁང་སོ་སོ་དང་ཏང་ཀྲི་པུའུ་སོ་སོས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གཏམ་བཤད་གལ་ཆེན་ཡིག་འབྲུ་རེ་རེ་བཞིན་ཞིབ་ཀློག་བྱེད་པ། དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ནས་སློབ་སྦྱོང་གཏིང་ཟབ་དང་། གོ་བ་གཏིང་ཟབ་ལེན་པ། མཐིལ་རྟོགས་ཁྱབ་གདལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་ཁྲིད་སྟོན། བྱ་བར་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་པ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ལས་ཁུངས་ཏང་གི་ལོ་རྒྱུས་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་གསར་འགྱུར་ཀུན་ཁྱབ》དང་། 《མཚོ་སྔོན་འཐུས་མི་ཚོགས་པའི་ནང་ཡུལ་ཤུལ་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་སྐོར་གྱི་ཞིས་ཅིན་ཕིང་གི་གསར་འགྱུར་མ་ཟིན》དུས་ཐོག་ཏུ་པར་འགྲེམས་བྱས་པ། པུའུ་ལས་ཁུངས་ཀྱི་བློ་མཐུན་ཡོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱག་རྒྱུ་ཟུང་འབྲེལ། མང་ཚོགས་ལ་དངོས་དོན་སྒྲུབ་པ་དང་དཀའ་གནད་སེལ་བ་དང་ཟུང་འབྲེལ་དང་། རྩ་འཛུགས་བྱ་བར་ནུས་ཤུགས་གང་ཡོད་སྒོས་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་དང་ཟུང་འབྲེལ། ཁྱོན་ཡོངས་ནས་དགོངས་དོན་གྱི་ངོ་བོར་གོ་བ་ལེན་པ། བསམ་བློ་དང་ལག་ལེན་སྔར་བས་གཅིག་གྱུར་བཅས་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་བྱ་བའི་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་ཏན་ཏིག་བསྒྱུར་དགོས་པ་བསྟན།

གཡང་སྐྱིད་ཀྱིས་བསྒྱུར།