རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་གྲོལ་བ།

ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཇུག་འགྲིལ་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོ་ནས་བསྡུས་ཤིང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གྲོས་ཚོགས་ལ་ཞུགས།