མཚོ་སྔོན་ཞིང་ཆེན་གྱི2021ལོའི་རབ་འབྱམས་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ཀྱི་ཐོག་མའི་རྒྱུགས་འབྲས་ཁྱབ་སྒྲོག་བྱས་པ།

རྒྱུགས་སྤྲོད་སློབ་མ་རྣམས་ལ། 

མཚོ་སྔོན་ཞིང་ཆེན་གྱི2021ལོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཡིག་རྒྱུགས་ཀྱི་ཐོག་མའི་རྒྱུགས་འབྲས་ཁྱབ་སྒྲོག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་གཤམ་གསལ་ལྟར།

གཅིག རྒྱུགས་འབྲས་ལ་ཞིབ་བཤེར་བྱ་རྒྱུ་སྟེ། མཚོ་སྔོན་ཞིང་ཆེན་གྱི་སློབ་བསྡུའི་ཚན་པར་ཐོ་འགོད་བྱས་པའི་རྒྱུགས་སྤྲོད་སློབ་མར2021ལོའི་ཟླ2པའི་ཚེས26ཉིན་གྱི་ཆུ་ཚོད10ནས་བཟུང་། རང་འགུལ་ངང“ཀྲུང་གོའི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཆ་འཕྲིན་དྲ་རྒྱའི”གྲུབ་འབྲས་ཐོག་ནས་དྲ་ངོས་འདྲི་རྩད་བྱས་ཏེ་རང་ཉིད་ཀྱི་སྦྱངས་འབྲས་འདྲི་རྩད་བྱ་ཆོག་པ་རེད།

གཉིས། སྦྱངས་འབྲས་བསྐྱར་ཞིབ། རང་ཞིང་གི་སློབ་བསྡུའི་ཚན་པར་རྒྱུགས་སྤྲོད་པའི་སློབ་མས་གལ་ཏེ་སྦྱངས་འབྲས་ལ་དོགས་གནད་ཡོད་ཚེ། 2021ལོའི་ཟླ3པའི་ཚེས3ཉིན་གྱི་སྔོན་ལ་ཐོ་འགོད་བྱས་པའི་སློབ་བསྡུའི་ཚན་པར་སྦྱངས་འབྲས་ལ་བསྐྱར་ཞིབ་བྱ་རྒྱུའི་རེ་ཞུ་བྱས་ཆོག་ལ། དུས་བཀག་ལས་ཡོལ་ཚེ་བདག་སྤྲོད་མི་བྱེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དབང་གིས་རྒྱུགས་སྤྲོད་སློབ་མའི་ཡུལ་དངོས་སུ་རེ་ཞུ་དང་ལེན་མི་བྱེད་པ་དང་། ཞིབ་ཕྲའི་བསྐྱར་ཞིབ་རེ་ཞུའི་བརྒྱུད་རིམ་དེ་སློབ་བསྡུའི་ཚན་པ་ཁག་གིས་ཁྱབ་སྒྲོག་བྱ་དགོས།

གསུམ། རྒྱལ་ཁབ་ཀྱིས་ཐག་བཅད་པའི་ཞིབ་འཇུག་སློབ་མའི་རྒྱུགས་སྐར་ཚད་གཞི་ཚོད་དཔག་བྱས་ན་ཟླ་གསུམ་པའི་ཟླ་དཀྱིལ་དུ་ཁྱབ་སྒྲོག་བྱ་རྒྱུ་རེད།

ཟུར་བཀོད། སློབ་བསྡུའི་ཚན་པའི་འབྲེལ་གཏུག་བྱེད་ཐབས།

མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་།

2021ལོའི་ཟླ2པའི་ཚེས23ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།