མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ལིས་ཁི་ཆང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱས་པ་དང་། རང་ཞིང་གི་རྩིས་བཤེར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞིན་ཁྲང་ཞིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་བྱ་བའི་ཐད་ནས་ཐེངས་མང་པོར་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཙུང་ལི་ལིས་ཁི་ཆང་གིས་ལོ་རེར་རྩིས་བཤེར་ཧྲུའུ་ཡི་བྱ་བའི་སྙན་ཞུར་ཉན་པ་མ་ཟད་བྱ་བའི་རེ་བ་བཏོན། དེ་དག་གིས་ང་ཚོས་སྤུས་ཚད་མཐོན་པོས་རྩིས་བཤེར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཙུང་ལི་ལིས་ཁི་ཆང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱེད་པ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་རྩིས་བཤེར་བྱ་བའི་སྐོར་གྱི་བཀོད་སྒྲིག་རེ་བའི་སྟེང་གཅིག་གྱུར་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་མ་དཔེ་གསར་བ་འཛུགས་སྐྲུན་བྱས་ནས། རང་ཞིང་གི་རྩིས་བཤེར་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ན་ནིང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩིས་བཤེར་ལས་ཁུངས་ཀྱིས་རང་རྟོགས་སྒོས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ལྟ་སྐུལ་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་རྩོམ་པའི་རྩིས་བཤེར་བྱ་བ་བཟང་བོར་བསྒྲུབ་ནས། ཆབ་སྲིད་གླེང་བ་འབུར་དུ་ཐོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། འགུལ་སྐྱོད་གཉིས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་བྱེད་ཕྱོགས་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས། སྒྲིག་ལམ་འཛུགས་པ་འབུར་དུ་ཐོན་པར་བྱེད་པ་དང་། གཙོ་ལས་ལ་དམིགས་ནས་ཤུགས་འདོན་པར་དམིགས་པ། དཔལ་འབྱོར་མྱོང་ཚོར་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ། རྩིས་བཤེར་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་རྩིས་བཤེར་ལ་བརྟེན་ནས་དོ་དམ་ལ་སྐུལ་འདེད་བཏང་སྟེ། སྒྲིག་ལམ་བཟང་བ་དང་འདྲ་མཉམ་དྲང་གཞག འཆམ་མཐུན་དང་ལྷོད་ཀྱི་དཔལ་འབྱོར་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་ལ་ཤུགས་སྣོན་པ་འབུར་དུ་ཐོན་པར་བྱེད་པ་དང་། རྩིས་བཤེར་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བར་གྱི་གཞོགས་འདེགས་ལ་ཤུགས་སྣོན་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས། སྤུས་ལེགས་འཚོ་བ། སྲོལ་བཟང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། ཀྲུང་དབྱང་གི་སྐོར་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོར་དམིགས་ནས། ལྟ་སྐུལ་བྱེད་ཐབས་བཀོལ་སྤྱོད་བྱེད་པ་དང་། ཁྲིམས་ལྟར་རྩིས་བཤེར་འགན་འཁྲི་ལག་བསྟར་བྱེད་པ། ལྟ་སྐུལ་ཕན་ཡོད་བྱེད་པ། རྩིས་བཤེར་གྱི་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་པ། ཉེན་ཁ་ཆེན་པོ་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། དཔུང་སྡེ་དམ་འཛིན་བྱེད་པ་འབུར་དུ་ཐོན་པར་བྱེད་པ་དང་། རྩིས་བཤེར་ལས་བྱེད་པར་སེམས་ཁུར་བྱེད་པ། རྩིས་བཤེར་དཔུང་སྡེའི་ཆབ་སྲིད་འཛུགས་སྐྲུན་དང་སྒྲིག་ལམ་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། ལས་སྒོ་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྩིས་བཤེར་བྱ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ་དང་། རྒྱ་ཆེའི་རྩིས་བཤེར་ལས་བྱེད་པའི་ལས་གཉེར་ལས་སྐྲུན་གྱི་སྙིང་སྟོབས་ཆེར་སྐྱེད་དགོས། ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་སྡེ་ཁག་གིས་མཉམ་ལས་དམ་ཟབ་བྱེད་པ་དང་། རྩིས་བཤེར་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ལྟ་སྐུལ་ཆེན་པོའི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་རིམ་པའི༢༠༢༡ལོའི་རྩིས་བཤེར་ལས་གཞི་འཆར་འགོད་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གཙོ་བོ་དང་རྒྱལ་དབང་ཁེ་ལས་དང་ལས་དོན་སྡེ་ཁག་གི་འགོ་ཁྲིད་མི་སྣ་གཙོ་བོའི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་ལག་བསྟར་བྱེད་ཐབས་གཉིས་ལ་གྲོས་ཞིབ་བྱས་པར་མ་ཟད་གྲོས་འཆམ་བྱུང་། ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡུས་ཚོང་ལི་དང་ཀྲང་ཀོང་ཆོང་གཉིས་གྲོས་ཚོགས་ལ་ཞུགས།