ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་ནས་ཚོགས།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས་ཏེ།ཚོགས་ཐོག་ནས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དང་རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། 2020ལོའི་བྱ་བར་སྤྱི་སྡོམ་བྱས་ལ། 2021ལོའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བའི་ཐད་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་མགོ་མཛིན་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བ་ནི་ཏང་དང་སྲིད་གཞུང་གིས་མི་སེམས་གཅིག་ཏུ་བསྡུ་བའི་བྱ་བ་གལ་ཆེན་ཡིན། 2020ལོ་ནི་ཆེས་སྤྱིར་བཏང་མིན་པའི་ལོ་དང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བའི་ཐད་ནས་ཀྱང་སྤྱིར་བཏང་མིན་པར་ཉམས་སད་ཐེག་པ་དང་དཀའ་ཁག་ཁྱད་སེལ་བྱས་ལ། དོན་དངོས་བསྒྲུབས་པ་དང་དཀའ་ངལ་ཐག་བཅད་ཅིང་། བྱེད་ཐབས་གསར་བ་སྤྱད་དེ། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་བཟང་བོ་བསྡུ་བའི་ཐད་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་པ་དང་། བློ་གྲོས་དང་སྟོབས་ཤུགས་བསྡུས་ལ། བྱས་རྗེས་ཆེན་པོ་བཞག་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པར་འབད་འཐབ་བྱེད་པ་དང་། དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གནད་འགག་ནི་ཏང་དང་མི་ཡིན། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བའི་ཐད་ནས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་པ། ཏང་གི་གསར་གཏོད་གཞུང་ལུགས་དེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལག་ལེན་བཟང་བོར་བསྒྱུར་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ཁྲོད་གུང་ཁྲན་ཏང་བཟང་བ་དང་སྤྱི་ཚོགས་རིང་ལུགས་བཟང་བ། བཅོས་བསྒྱུར་སྒོ་འབྱེད་བཟང་བ། རླབས་ཆེན་གྱི་མེས་རྒྱལ་བཟང་བ། རིགས་སོ་སོའི་མི་དམངས་བཟང་བའི་དུས་རབས་ཀྱི་དབྱངས་རྟ་གསར་བ་གླུ་རུ་ལེན་པ་དང་། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་རྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ཟབ་མོ་བྱེད་ན། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་གཙོ་གནད་དུ་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ཆབ་སྲིད་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ་དང་སྔོན་དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། བོད་འབྲེལ་ས་ཁུལ་གྱི་གཏན་འཇགས་འཕེལ་རྒྱས་སུ་གཏོང་བ། ཆོས་ལུགས་བྱ་བ་ཁྲིམས་སྐྱོང་ཅན་དུ་བསྒྱུར་བ། རྒྱལ་གཅེས་སྟོབས་ཤུགས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་བཅས་ལས་འགན་གཙོ་བོ་རུ་བརྩི་བ། དྲང་བདེན་འཛིན་སྐྱོང་དང་གསར་གཏོད་བྱེད་པ། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་བ་བཙུགས་ནས། མཚོ་སྔོན་གསར་བ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ཐུན་མོང་གི་ལྟ་བ་དང་མི་སེམས། རིག་སྟོབས། སྟོབས་ཤུགས་བཅས་གཅིག་ཏུ་སྡུད་དགོས་པའི་རེ་བ་བཏོན།

དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པར་ཟུང་འབྲེལ་བྱེད་པ་དང་། གཙོ་ལས་ལ་དམིགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་གོ་སྐབས་དང་འགྲན་རྩོད་ལ་དབྱེ་ཞིབ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་སྤྱི་ཡོངས་ལ་འབྲེལ་བ་དང་རྩ་བར་འབྲེལ་བའི་བྱ་བ་གཙོ་བོ་དང་གནད་འགག་དུས་རིམ་དམ་འཛིན་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བྱ་བ་གཙོ་བོར་དམིགས་ནས། ལས་འགན་མིའི་སྟེང་ཇེ་ཞིབ་ཏུ་གཏོང་བ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྔོན་དུ་བཀོད་འདོམས་བྱེད་པ་དང་། བྱ་བ་གཙོ་བོའི་གོ་རིམ་ཧྲིལ་བོའི་རྗེས་འདེད་དང་ཕན་འབྲས་བརྩོན་ལེན་ལ་ཤུགས་སྣོན་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ས་དེའི་ཏང་སྲིད་མགོ་ཁྲིད་གཙོ་བོ་དང་སྡེ་ཁག་སོ་སོའི་ཏང་ཙུའུ་དང་ཏང་ཨུའི་མགོ་ཁྲིད་བློ་མཐུན་གཙོ་བོས་གྲོས་ཚོགས་ཀྱི་དགོངས་དོན་སྐོར་ནས་སྙན་ཞུ་འབུལ་དགོས་པ་དང་། ལག་བསྟར་གྲོས་གཞི་འདོན་དགོས་ཟེར།