ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གྲོང་ཁྱེར་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་བྱ་བ་ཡར་ཞུ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་བྱ་བའི་གྲོས་ཚོགས་བསྡུས།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གྲོང་ཁྱེར་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་བྱ་བ་ཡར་ཞུ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་བྱ་བའི་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ཞིང་གིས་རྒྱལ་ཡོངས་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་འཇུག་བྱས་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་རྩ་འཛུགས་བྱ་བའི་ཐད་ཀྱི་རེ་བ་བརྒྱུད་སྒྲོག་བྱས། 

གྲོང་ཁྱེར་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གིས་ན་ནིང་གི་བྱ་བ་ཡར་ཞུ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཁོངས་མིས་ད་ལོའི་བྱ་བའི་ཐད་ནས་གཏམ་བཤད། ཝང་ཡུས་ཡན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནང་། རིམས་ནད་འགོག་བཅོས་དང་དབུལ་ཐར་མཁྲེགས་གཏོར་སོགས་ལས་འགན་གལ་ཆེན་ལ་ཁ་ཕྱོགས་ནས། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་ཐད་ནས་སྤྱི་ཡོངས་ལ་དམིགས་པ་དང་བརྟན་བརླིང་ངང་སྤེལ་བས། གྲུབ་འབྲས་མངོན་གསལ་བླངས་ཟེར། 

ཁོ་མོས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་བཙུགས་ནས་ལོ་བརྒྱ་ལོན་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པ། གྲོང་ཁྱེར་དང་རྫོང་། ཡུལ་ཚོའི་སྐབས་བརྗེ་འདེམ་བསྐོ་བྱེད་པའི་ལོ་ཡིན་པས། རྩ་འཛུགས་སྡེ་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྤུས་ཚད་མཐོན་པོས་བྱ་བར་རྩ་འཛུགས་བྱེད་པ་དང་དཀྱིལ་སྙིང་ལ་ཞབས་འདེགས་ཞུ་དགོས། རྒྱལ་ཡོངས་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་གཉིས་ཟུང་འབྲེལ་བྱེད་པ་དང་། དགོངས་དོན་གྱི་ངོ་བོར་རྒྱུས་ལོན་ཟབ་མོ་བྱས་ནས། ལག་བསྟར་གྱི་ཤུགས་འདོན་ས་དང་ཞིབ་འཇུག་འཆར་འགོད་ཀྱི་རྐང་འཛུགས་ས་འཚོལ་དགོས། སྤྱི་ཡོངས་ཀྱི་གནས་བབ་ཁོང་དུ་ཆུད་པར་བྱེད་པ་དང་། སྣེ་ཁྲིད་དེ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་མཐོར་འདེགས་བཏང་སྟེ། རྩ་འཛུགས་བྱ་བ་དམ་འཛིན་ནན་མོ་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་ཟེར།