སྤྱི་པའི་སྒྲིག་གཞི101ལ“ཞིང་ཆེན་རིམ་པའི་ཆུ་གྲོན་ཆུང་རྣམ་པའི་ལས་ཁུངས”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་སྲིད་གཞུང་གི་ཆ་འཕྲིན་དང་སྲིད་དོན་ཡོངས་སྒྲོག་གཞུང་དོན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།རང་ཞིང་གི་སྤྱི་པའི་སྒྲིག་གཞི101ལ“ཞིང་ཆེན་རིམ་པའི་ཆུ་གྲོན་ཆུང་རྣམ་པའི་ལས་ཁུངས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

2020ལོར་ཞིང་ཆེན་ཡོངས་ཀྱི་རིམ་པོ་སོའི་སྤྱི་པའི་སྒྲིག་གཞིས《མཚོ་སྔོན་ཞིང་ཆེན་གྱི་ཆུ་གྲོན་ཆུང་གི་ལག་བསྟར་ཇུས་གཞིའི》དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཆུ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏང་རྒྱུ་ལྟེ་བར་འཛིན་རྒྱུར་མཐའ་འཁྱོངས་ཀྱིས་ཆེས་ནན་ཤོས་ཀྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་འགན་ལེན་དུ་བྱས་ཏེ། ཆུའི་ཐོན་ཁུངས་བེད་སྤྱོད་དང་། གྲོན་ཆུང་། སྲུང་སྐྱོང་། དོ་དམ་བཅས་ཀྱི་བྱ་བར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་རེད། རིམ་པ་སོ་སོའི་སྤྱི་པའི་སྒྲིག་གཞིའི་ཆུ་གྲོན་ཆུང་དོ་དམ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། ལས་བྱེད་ལས་བཟོའི་ཆུ་གྲོན་ཆུང་གི་འདུ་ཤེས་མངོན་གསལ་དོད་དུ་ཕྱིན་པ། ཆུ་གྲོན་ཆུང་གི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།

《མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་སྒྲིག་གཞིའི་ཆུ་གྲོན་ཆུང་རྣམ་པའི་ལས་ཁུངས་ཀྱི་འཛུགས་སྐྲུན་བྱ་བ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་སྟེ། རིམ་པ་བཞིན་ཞིབ་དཔྱད་དང་འོས་སྦྱོར་བྱས་པ་བརྒྱུད“ལམ་ལུགས་ཆ་ཚང་བ་དང་། དྲིལ་སྒྲོག་གནད་ལ་འཁེལ་བ། སྒྲིག་བཀོད་འཐུས་སྒོ་ཚང་བ། སྤྱོད་གོ་ཆོད་པ”བཅས་ཀྱི་ཆུ་གྲོན་ཆུང་བའི་ལས་ཁུངས་ཁག་གཅིག་ཐོན་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སྤྱི་པའི་སྒྲིག་གཞིས་ཆུ་གྲོན་ཆུང་དོ་དམ་དང་ལག་རྩལ་སྒྱུར་བཀོད་ལ་ཤུགས་སྣོན་རྒྱུར་སྐུལ་ཁྲིད་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་ཆུ་གྲོན་ཆུང་གི་འདུ་ཤེས་ཇེ་ཟབ་ཏུ་གཏང་རྒྱུར་ཁྲིད་སྟོན་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཐུབ་རྒྱུར་བྱས་རྗེས་ཧུར་ཐག་ཕབ་དང་། མཚོ་སྔོན་མི་རིགས་སློབ་ཆེན་སོགས་སྤྱི་པའི་སྒྲིག་གཞི101ལ“ཞིང་ཆེན་རིམ་པའི་ཆུ་གྲོན་ཆུང་རྣམ་པའི་ཚན་པའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།