མཚོ་སྔོན་ཉེན་རྟོག་པས་དོགས་ཡོད་ཉེས་ཅན3འཛིན་བཟུང་བྱས་པ།

ཉེ་ལམ། མདའ་བཞི་རྫོང་སྤྱི་བདེ་ཅུའུ་ཡིས་དམིགས་ཡུལ་གཅིག་པའི་ཕྱུགས་ཟོག་བརྐུ་འཁྱེར་གྱི་གྱོད་གཞི10ལྷང་ལ་ཕུད་དེ་དོགས་ཡོད་ཉེས་ཅན3འཛིན་བཟུང་བྱས་པ་རེད།

2020ལོའི་ཟླ6པ་ནས་བཟུང་། མདའ་བཞི་རྫོང་ཁོངས་སུ་ཞི་མོན་ཐཱ་བ་ཕྲུག་རྐུན་ལ་ཤོར་བའི་དོན་རྐྱེན་བསྟུད་མར་བྱུང་ལ། མདའ་བཞི་རྫོང་སྤྱི་བདེ་ཅུའུ་ཡིས་དོན་ཆེན་དེར་མཐོང་ཆེན་བྱས་ཤིང་། ཐེངས་མང་པོར་གྱོད་དོན་ལ་དབྱེ་ཞིབ་བྱེད་པའི་ཞིབ་འཇུག་གྲོས་ཚོགས་བསྡུས་ཤིང་། ཆེད་དོན་གྱོད་གཞི་འགན་སྒྲུབ་ཚན་ཆུང་བཙུགས་སྟེ་མྱུལ་ཞིབ་བྱས། མཉམ་ལས་འཐབ་ཇུས་ལ་སྔར་ལས་ཤུགས་སྣོན་དང་གཞི་གྲངས་ཆེན་མོར་དབྱེ་ཞིབ་སྒོས་རྩད་གཅོད་འདྲི་རྟོག་མང་པོ་བྱས། དེའི་མི་ཚད་མཚོ་བྱང་སྤྱི་བདེ་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་ཆེན་པོའི་འོག་མདོ་ལ་ནས་ཡིན་པའི་དོགས་ཡོད་ཉེས་ཅན་ཧན་ཆེ་གེ་མོ་ཡོན་དང་ཧན་ཆེ་གེ་མོ་ཧྲི། མཱ་ཆེ་གེ་མོ་བཅས་མི་གསུམ་ལ་བརྐུ་འཁྱེར་གྱི་དོགས་པ་ཡོད་པ་མ་ཟད། བརྐུ་འཁྱེར་ཡོ་བྱད་རླངས་འཁོར་ཡང་གཏན་ཁེལ་བྱས་པ་རེད།

ལོ་སར་སྐབས་སུ་མདའ་བཞི་རྫོང་སྤྱི་བདེ་ཅུའུ་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ལོ་སར་གྱི་གུང་གསེང་ལ་རོལ་རྒྱུ་ཡང་བསྐྱུར་ནས། བ་ཕྲུག་བོར་སྟོར་གྱི་གྱོད་གཞི་དེའི་མྱུལ་ཞིབ་ཐད་ལ་རྩད་གཅོད་མུ་མཐུད་དུ་བྱས། རྗེས་ཤུལ་ཕྱོགས་བསྡུ་དབྱེ་ཞིབ་ལས་ཞིབ་འཇུག་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་དེ་གསུམ2021ལོའི་ཟླ2པའི་ཚེས19ཉིན་གྱི་དགོང་མོར་ཡང་བསྐྱར་གནས་དེར་འཛུལ་ནས་བ་ཕྲུག་བརྐུ་འཁྱེར་བྱས། གྱོད་དོན་འགན་སྒྲུབ་མི་དམངས་ཉེན་རྟོག་པ་དེས་སྔོན་དཔག་ཇུས་གཞི་གཞིར་བཟུང་སྟེ་མྱུར་དུ་མདོ་ལ་རྫོང་དང་ས་གནས་ཉེན་རྟོག་པར་མྱུར་དུ་འབྲེལ་གཏུག་སྒོས། མདོ་ལ་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་པ་དང་འགྲིམ་འགྲུལ་སྡེ་ཁག་གིས་རོགས་སྐྱོར་ཆེན་པོའི་འོག་ལམ་མདོའི་འགོག་སྲུང་སྒྲིག་འཛུགས་སྒོས་ཟླ2པའི་ཚེས20ཉིན་གྱི་ཉིན་གུང་དོགས་ཡོད་ཉེས་ཅན་མི་གསུམ་ཡུལ་དངོས་ནས་འཛིན་བཟུང་བྱས་པར་མ་ཟད། ཞི་མོན་ཐཱ་བ་ཕྲུག2ཕྱིར་ལག་སོན་བྱུང་།

འདྲི་གཅོད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཧན་ཆེ་གེ་མོ་ཡོན་དང་ཧན་ཆེ་གེ་མོ་ཧྲི། མཱ་ཆེ་གེ་མོ་གསུམ་གྱིས2020ལོའི་ཟླ6པ་ནས་བཟུང་ཕྱུགས་ཟོག་ཐེངས་མང་པོར་བརྐུ་འཁྱེར་བྱས་པའི་དོན་དངོས་ནག་ཉེས་ཡོད་ཚད་ཁས་ལེན་བྱས་པ་རེད། ད་ལྟ་དོགས་ཡོད་ཉེས་ཅན་དེ་གསུམ་ལ་ཉེས་དོན་བྱེད་ཐབས་བཙན་གྱིས་ལག་བསྟར་བྱས་ཤིང་། ད་ལྟ་གྱོད་དོན་དེ་སྒྲུབ་བཞིན་པའི་སྒང་ཡིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།