ལོ་སར་སྐབས་རང་ཞིང་གིས་ཕྱིར་འཚོང་མ་དངུལ་སྒོར་དུང་ཕྱུར1.38མངོན་འགྱུར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་ཚོང་དོན་མ་ལག་གིས་རྣམ་པ་སྣ་མང་ཅན་གྱི་ཕྱིར་འཚོང་བྱ་འགུལ་སྤེལ་ནས། ལོ་སར་ཁྲོམ་རའི་ཚོང་རྫས་ཕུན་སུམ་ཚོགས་པ་དང་ཚོང་ཁུངས་ཀྱིས་འདང་ངེས། ཁྲོམ་རའི་འཛད་སྤྱོད་སྔར་ལས་ཆེས་ཆེར་བཏང་ཡོད། ལྟ་ཞིབ་ཚད་ལེན་བྱས་པ་ལས་ཤེས་གསལ་ལྟར་ན། རང་ཞིང་གི་ཚོང་དོན་ཁེ་ལས་གཙོ་བོ13གྱིས་ཟླ2པའི་ཚེས11ཉིན་ནས་ཚེས17ཉིན་བར་མ་དངུལ་སྒོར་དུང་ཕྱུར1.38མངོན་འགྱུར་བྱས་ཤིང་ལོ་སྔོན་མ་ལས32.1%འཕར་ཡོད།

ཚོང་རྫས་སྣ་ཚོགས་ཕུན་སུམ་ཚོགས་ཤིང་རིན་གོང་བརྟན་འཇགས་ཡིན་པ།

ད་ལོ། ཞིང་ཆེན་ཡོངས་ཀྱི་ཚོང་དོན་སྡེ་ཁག་གིས་བྱེད་ཐབས་ནུས་ལྡན་ལག་བསྟར་སྒོས2021ལོའི་ལོ་སར་ཁྲོམ་རའི་མཁོ་འདོན་དང་འཛད་སྤྱོད་ལ་སྐུལ་འདེད་བྱ་བ་ལེགས་པོ་སྒྲུབ་རྒྱུ་དམ་འཛིན་སྒོས་བྱེད་ཐབས་སྣ་མང་ངང་ལོ་སར་སྐབས་ཀྱི་ཁྲོམ་རའི་མཁོ་སྤྲོད་ལ་འགན་སྲུང་བྱས་ཤིང་། རྒྱ་ཆེའི་མི་དམངས་མང་ཚོགས་ལ་གོ་རིམ་ངེས་ཅན་དང་སྣ་མང་རང་བཞིན་གྱི་འཛད་སྤྱོད་མཁོ་འདོན་བྱས་པ་རེད།

ཟླ2པའི་ཚེས10ཉིན། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལྟ་སྐུལ་ཚད་ལེན་ལས་ཁུངས་ཀྱི་སིལ་འཚོང་ཁེ་ལས68གྱི་མཛོད་ཁང་དུ་འབྲས་ཏུན847དང་ཕྱེ་ཏུན1072 བཟའ་སྣུམ་ཏུན266 སྔོ་ཚོད་ཏུན868 བྱ་སྒོང་ཏུན110 འོ་མ་ཏུན171ཉར་ཡོད། མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ལྟེ་གནས་སོགས་གཙོ་གནད་སྡེབ་འཚོང་ཁྲོམ་ར་གསུམ་གྱིས་འབྲས་ཏུན3669དང་ཕྱེ་ཏུན4173 བཟའ་སྣུམ་ཏུན960 སྔོ་ཚོད་ཏུན1599 བྱ་སྒོང་ཏུན158བཅས་ཉར་ཡོད།

རྒྱུས་ལོན་པ་ལྟར་ན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྲོས་མཐུན་མཉམ་ལས་ཁེ་ལས་ཀྱིས་ཧུར་ཐག་སྒོས་ཚོང་ཁུངས་རྩ་འཛུགས་བྱས་ཏེ་ཚོང་རྫས་ཀྱི་རིགས་ཕུན་སུམ་ཚོགས་པར་བཏང་། རྒྱ་མདོ་ཧྭ་ཤར་སྒོ་རྩིས་ཁང་དང་མདོ་ལ་ཝན་ཅ་ཧྥུ་ཉོ་འཚོང་ལྟེ་གནས་སོགས་སྡེབ་འཚོང་ཁེ་ལས9ཡིས་ཁྱོན་བསྡོམས་པས་ཚོང་རྫས་འབྱུང་ཁུངས་ཀྱི་སྤྱིའི་རིན་ཐང་སྒོས་ཁྲི1900ལ་བུད་ཡོད་པས། ས་གནས་གང་དེའི་ལོ་སར་ཁྲོམ་རའི་འཛད་སྤྱོད་ལ་འགན་སྲུང་བྱས་ཡོད།

ཤ་དང་སྔོ་ཚོད་གསོག་ཉར་གནད་ལ་ཁེལ་ཡོད་པ།

ལོ་སར་སྐབས་སུ་ས་ཁུལ་སོ་སོའི་རིམ་པ་དང་པོའི་ཤ་རིགས་དང་སྔོ་ཚོད་གསོག་འཇོག་འཐུས་ཚང་དུ་བཏང་སྟེ། མཛོད་ཁང་གི་ནུས་པ་ཐོན་ཐུབ་པའི་ཉོ་འཚོང་ཁེ་ལས་ཀྱིས་ཤ་རིགས་དང་སྔོ་ཚོད་སོགས་འཚོ་བའི་དགོས་ངེས་རང་བཞིན་གྱི་ཚོང་ལས་མཛོད་ཁང་ལ་སྐུལ་འདེད་དང་སྣེ་ལེན་བྱས། ལོ་སར་འཛད་སྤྱོད་ཀྱི་དགོས་མཁོ་གཞིར་བཟུང་ནས་དུས་ལྟར་ཤ་རིགས་དང་སྔོ་ཚོད་འཇོག་ས་ལ་ཁྲོམ་རའི་མཁོ་བསྟུན་སྙོམས་སྒྲིག་ཚོད་འཛིན་ནུས་པ་མཐོར་འདེགས་སུ་བཏང་ཡོད། ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཁེ་ལས་ཀྱིས་ནོར་ལུག་གི་ཤ་ཏུན8500དང་ཕག་ཤ་ཏུན540གསོག་ཉར་བྱས་ཡོད།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱིས་ཟླ1པོའི་ཚེས20ཉིན་ནས་བཟུང་ཁྲོམ་ར་ལ་སྔོ་ཚོད་གསོག་འཇོག་བྱས་ཤིང་། ད་ལྟའི་བར་ཏུན3000ལྷག་ཕྱིར་བཀྲམས་ནས་ལོ་སར་སྐབས་ཀྱི་ཁྲོམ་རའི་མཁོ་འདོན་ལ་འགན་སྲུང་ནུས་ལྡན་བྱས་ཡོད། ཀྲུང་དབྱང་གི་གསོག་འཇོག་བྱས་པའི་ནོར་ལུག་ཤ་སྐམ་ཏུན300ས་གནས་སོ་སོའི་ཁྲོམ་ར་ལ་བཀྲམ། ས་ཁུལ་སོ་སོས་ས་གནས་ཀྱི་ཕག་ཤ་གསོག་འཇོག་ཏུན630དང་ནོར་ལུག་ཤ་ཏུན484ཕྱིར་བཀྲམ་པ་རེད།

ཟླ2པའི་ཚེས6ཉིན་ནས་ཚེས11ཉིན་བར། ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་གསོག་འཇོག་གནས259ཡིས་རིན་གོང་དོ་མཉམ་ཅན་གྱི་སྔོ་ཚོད་རིགས་མི་འདྲ་བ7གྱི་ཏུན1023ཕྱིར་བཀྲམས། དེའི་ཁྲོད་རྡོ་ཀུབ་ཏུན180དང་སུར་སྔོན་ཏུན153.6 ཀྲོ་མ་ཀྲུ་ཏུན208.9 སྒོག་མྱུག་ཏུན124 རྡོ་ལུམ་རིང་བོ་ཏུན93.2 ཚོད་དཀར་ཏུན201.8བཅས་ཀྱིས་སྡོད་དམངས་དག་གི་ལོ་སར་འཛད་སྤྱོད་ཀྱི་དགོས་མཁོ་བསྐངས་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།