རང་རེའི་ཞིང་ཆེན་གྱི་གཙོ་གནད་ལས་ཀ་བཅུ་ཡིས་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་གཏང་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་རང་རེའི་ཞིང་ཆེན་གྱིས《2021ལོའི་མཚོ་སྔོན་ཞིང་ཆེན་གྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བའི་གལ་གནད》པར་འགྲེམས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རིམ་ཁག་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་རིམ་བཞིའི་མ་ལག་ཆ་ཚང་བཟོ་བ་ནས་སྤྱི་ཡོངས་ནས་སྲུང་སྐྱོབ་ལེགས་པོ་བྱེད་པ། མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་ཡུལ་སྐོར་མཉམ་སྤེལ་སོགས་ལ་ཤུགས་བསྣན་ནས་མངོན་མིན་ཤུལ་བཞག་རིག་གནས་གོང་སྤེལ་ལ་གསར་གཏོད་རང་བཞིན་གྱི་སྒོ་ནས་སྐུལ་འདེད་བྱ་རྒྱུ་རེད།

གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན། ད་ལོར་རང་རེའི་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྲོལ་ཡིག》བཏོན་ཏེ། 《མཚོ་སྔོན་ཞིང་ཆེན་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དོ་དམ་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་ཞིང་ཆེན་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་བཟོ་གྲྭ་ངོས་འཛིན་དང་དོ་དམ་བྱེད་ཐབས》གཉིས་བཟོས་ནས《“མཚོ་སྔོན་གཙག་དྲུབས”ལོ་གསུམ་ལེགས་སྤེལ་གྱི་འགུལ་སྐྱོད་འཆར་འགོད(2021ལོ་ནས2023ལོའི་བར)》ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་གོང་སྤེལ་ལ་རོགས་འདེགས་བྱ་རྒྱུ་རེད།

མངོན་མིན་ཤུལ་བཞག་རིག་གནས་ཀྱི་མ་ལག་ཡོངས་སྲུང་སྐྱོབ་བྱེད་པའི་ཁྲོད་དུ། རང་རེའི་ཞིང་ཆེན་གྱིས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་རིམ་པ་བཞི་བའི་མིང་ཐོའི་མ་ལག་འཐུས་ཚང་དུ་བཏང་སྟེ། 《“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”སྐབས་ཀྱི་མཚོ་སྔོན་ཞིང་ཆེན་མངོན་མིན་ཤུལ་བཞག་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་བའི་ཆེད་དོན་འཆར་འགོད》བསྒྲིགས་ནས། རྨ་ཆུ་འབབ་རྒྱུད་ཀྱི་མངོན་མིན་ཤུལ་བཞག་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཤུགས་བསྣན་དང་། རྨ་ཆུ་འབབ་རྒྱུད་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ལ་རྟོག་ཞིབ་བྱ་རྒྱུ་རེད།

དེར་མ་ཟད། རང་རེའི་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དོ་དམ་ལ་ཤུགས་སྣོན་དང་། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས(མགོ་ལོག)། རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དང་། ཏེ་ཏུའུ་སོག་པོའི་རིག་གནས། ཧོར་གྲོང་ཧོར་གྱི་རིག་གནས། ཡ་རྫིའི་ཟ་ལའི་རིག་གནས་བཅས་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གསུམ་འཛུགས་སྐྲུན་བྱ་བར་སྐུལ་འདེདབྱ་རྒྱུ་དང་། རྨ་ཙོང་རིག་གནས་སྲུང་སྐྱོབ་གོང་སྤེལ་གྱི་ཁྲོད་དུ་རང་རེའི་ཞིང་ཆེན་གྱིས་རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མངོན་མིན་ཤུལ་བཞག་གི་ཁྱད་ལྡན་གྲོང་རྡལ་དང་། སྲང་ལམ་ཚོད་ལྟའི་ཚུལ་དུ་འཛུགས་སྐྲུན་བྱས་ནས་མཚོ་སྔོན་གྱི་མངོན་མིན་ཤུལ་བཞག་རིག་གནས་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུ་རེད།

གཞན་རང་རེའི་ཞིང་ཆེན་གྱིས་སྔར་མུས་བཞིན་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་རྣམས་ལ་ཆེད་དུ་སློབ་སྦྱོང་དང་ཞིབ་འཇུག་གི་ཟབ་སྦྱོང་སྤེལ་བའི་འཆར་འགོད་བཟོས་ཏེ། ཞིབ་འཇུག་སྐྱེད་སྲིང་གི་བསླབ་གཞི་བཀོད་སྒྲིག་ལུགས་མཐུན་བྱས་ནས་ཟབ་སྦྱོང་གི་རིམ་པའི་ནང་དུ་གཞི་རིམ་གྱི་མངོན་མིན་ཤུལ་བཞག་སྲུང་སྐྱོབ་པའི་དཔུང་སྡེ་དང་། ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་སྐྱེད་སྲིང་བྱ་བའི་ཟབ་སྦྱོང་གི་སྲོལ་བཟང་རྒྱུན་འཁྱོངས་བྱ་བ་དང་། མཐུན་ཚོགས་དང་བཟོ་ཁང་བཟོ་གྲྭ རྒྱུན་འཛིན་པས་རིག་གནས་ཀྱི་ས་ཞིང་དང་མངོན་མིན་ཤུལ་བཞག་གི་ལག་རྩལ་ལ་སློབ་སྦྱོང་བྱེད་པ་སོགས་ལ་རྒྱབ་སྐྱོར་བྱས་ནས་རྒྱུན་འཛིན་པའི་ཟབ་སྦྱོང་རྒྱུན་ལྡན་དུ་གཏང་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།