ཟླ་རྗེས་མ་ནས་གྲོན་དངུལ་འདི་དག་མེད་པར་བཟོ་རྒྱུ་རེད།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་སོགས་སྡེ་ཁག་གིས་དཔར་འགྲེམས་བྱས་པའི《མཁར་གྲོང་གི་ཆུ་དང་གློག རྫབ་རླངས་དང་དྲོད་རླངས་འདོན་སྤྲོད་ལས་རིགས་ཀྱི་གྲོན་དངུལ་བསྡུ་བར་ཚད་ལྡན་དུ་བཏང་སྟེ་སྤུས་ལེགས་སྒོས་དར་སྤེལ་གཏོང་བའི་ཐད་ཀྱི་བསམ་འཆར》ཞེས་པ་དེ2021ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

གཅིག འཐུང་ཆུ་འདོན་སྤྲོད་ལས་རིམ་ཁྲོད་བསྡུ་བའི་གྲོན་དངུལ། ཆུ་འདོན་ཁེ་ལས་དང་ཁོངས་གཏོགས་ལས་ཁུངས་སམ་མངགས་བཅོལ་སྒྲིག་བཟོ་ཀུང་ཟིས་ལས་གཞི་ཞིབ་བཤེར་སྐབས་སུ་ཁྱིམ་ཚང་གི་ལག་ནས་བསྡུ་བྱའི་ཆུ་སྦུག་འཐེན་གླ་དང་ལས་གླ་སོགས་རིགས་འདྲ་བའི་གྲོན་དངུལ་མེད་པར་བཟོ་རྒྱུ།

གཉིས། གློག་འདོན་ལས་རིམ་ཁྲོད་བསྡུ་བའི་གྲོན་དངུལ། གློག་འདོན་ཁེ་ལས་དང་ཁོངས་གཏོགས་ལས་ཁུངས་སམ་མངགས་བཅོལ་སྒྲིག་བཟོ་ཀུང་ཟིས་གློག་འདོན་ལས་གཞི་ཞིབ་བཤེར་བྱེད་སྐབས་ཁྱིམ་ཚང་ལག་ནས་བསྡུ་པྱའི་གློག་གི་ཆུ་ཚོད་འཁོར་ལོ་སྤོར་བའི་གྲོན་དངུལ་དང་ནང་འཇུག་བྱེད་པའི་གྲོན་དངུལ། ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གྲོན་དངུལ་སོགས་རིགས་འདྲ་བའི་གྲོན་དངུལ་མེད་པར་བཟོ་རྒྱུ།

གསུམ། རྫབ་རླངས་འདོན་སྤྲོད་ལས་རིམ་ཁྲོད་བསྡུ་བའི་གྲོན་དངུལ། རྫབ་རླངས་འདོན་སྤྲོད་ཁེ་ལས་ཀྱིས་རྫབ་རླངས་ཀྱི་རིན་གོང་ལྟར་མ་རྩ་ཕྱིར་བསྡུས་པའི་གྲོན་དངུལ་མེད་པར་བཟོ་རྒྱུ་དང་། རྫབ་རླངས་སྒྲིག་བཟོའི་ཁྲོད་འདུ་བའི་ཁྱིམ་ཚང་ཐོ་འགོད་གྲོན་དངུལ་དང་རྫབ་རླངས་འཐེན་པའི་གྲོན་དངུལ། དྲ་འཇུག་དང་མེ་སྒྲོན་གྲོན་དངུལ་སོགས་རིགས་འདྲ་བའི་གྲོན་དངུལ་མེད་པར་བཟོ་རྒྱུ།

བཞི། དྲོད་རླངས་འདོན་སྤྲོད་ལས་རིམ་ཁྲོད་བསྡུ་བའི་གྲོན་དངུལ། བྱང་ཕྱོགས་ས་ཁུལ་གྱི་མཁར་གྲོང་ལ་དྲོང་རླངས་འདོན་སྤྲོད་བྱེད་པའི་ཁེ་ལས་ཀྱིས་ཁྱིམ་ཚང་ལག་ནས་བསྡུ་བྱའི་སྦྲེལ་མཐུད་གྲོན་དངུལ་དང་གཅིག་སྡུད་དོ་དམ་བྱེད་པའི་དྲ་རྒྱ་འཛུགས་སྐྲུན་གྲོན་དངུལ་སོགས་རིགས་འདྲ་བའི་གྲོན་དངུལ་མེད་པར་བཟོ་རྒྱུ་རེད།

ལྔ། ལས་གཞིའི་གྲོན་དངུལ། མཁར་གྲོང་འཆར་འགོད་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་གི་ཁྱབ་ཁོངས་ནང་། ཆུ་གློག་འདོན་སྤྲོད་ཁེ་ལས་ཀྱིས་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་སྲིད་ཇུས་ཀྱིས་གཏན་འབེབས་བྱས་པའི་གྲོན་དངུལ་བསྡུ་བ་ཕུད། སྤྱོད་མཁན་གྱི་ལག་ནས་འཛུགས་སྐྲུན་འཆར་འགོད་ཀྱི་གཏན་འབེབས་ལས་བརྒལ་པའི་གྲོན་དངུལ་ཚང་མ་མེད་པར་བཟོ་རྒྱུ།

ལོ་ཙཱ་པ། ལྷ་ཆེན་རྒྱལ།