2021ལོའི་མཐོ་རྒྱུགས་དུས་ཚོད་གཏན་འཁེལ་བྱས་འདུག

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། སློབ་གསོ་པུའུ་གཞུང་ཕྱོགས་དྲ་ཚིགས་ཀྱིས《སློབ་གསོ་པུའུ་ཡིས2021ལོའི་མཐོ་རིམ་སློབ་གྲྭའི་སློབ་བསྡུ་བྱ་བ་ལེགས་པོར་བསྒྲུབ་པའི་ཐད་ཀྱི་བརྡ་སྦྱོར》(བསྡུས་མིང《བརྡ་སྦྱོར》)བསྒྲགས་འདུག་ལ། གསར་འགོད་པས《བརྡ་སྦྱོར》ལས《2021ལོའི་མཐོ་རིམ་སློབ་གྲྭའི་སློབ་བསྡུ་བྱ་བའི་གཏན་འབེབས》ཁྲོད་རྒྱུས་ལོན་པ་ལྟར་ན། 2021ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དུས་ཚོད་སྔར་བཞིན་ཟླ6པའི་ཚེས7ནས8ཉིན་བར་གཏན་འཁེལ་བྱས་འདུག

ཞིབ་ཕྲའི་རྒྱུགས་ལེན་དུས་ཚོད་བཀོད་སྒྲིག་བྱས་པ་གཤམ་གསལ་ལྟར།

ཟླ6པའི་ཚེས7ཉིན་གྱི་སྔ་དྲོའི་ཆུ་ཚོད9:00ནས11:30བར་རྒྱ་ཡིག་གི་རྒྱུགས་དང་། ཕྱི་དྲོའི་ཆུ་ཚོད15:00ནས17:00བར་རྩིས་རིག་གི་རྒྱུགས་བཀོད་སྒྲིག་བྱས་ཡོད།

ཟླ6པའི་ཚེས8ཉིན་གྱི་སྔ་དྲོའི་ཆུ་ཚོད9:00ནས11:30བར་རིག་ཚན་དང་རྩིས་ཚན་གྱི་རྒྱུགས་དང་། ཕྱི་དྲོའི་ཆུ་ཚོད15:00ནས17:00བར་དབྱིན་ཡིག་གི་རྒྱུགས་བཀོད་སྒྲིག་བྱས་ཡོད་པ་རེད།