ཞིང་ཆེན་ཚན་རྩལ་ཐིང་གིས་གཙོ་གནད་ཚན་རྩལ་ཆེད་དོན་རྣམ་གྲངས་སྐོར་ཁག་དང་པོའི་སྙན་ཞུ་འབུལ་ལུགས་ཁྱབ་སྒྲོག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་བསྒྲུབ་པའི”ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་དང་། མཚོ་སྔོན་གྱི་གསར་དར་ཚན་རྩལ་གྱི་དཀའ་སེལ་ལམ་ལུགས་ལེགས་པོར་འཛུགས་ཆེད། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དོན་ཆེ་ཤོས་ཐད་ཀྱི་ལམ་ལུགས་སྙོམས་སྒྲིག་གི་རྨང་གཞིའི་སྟེང་། ཉེ་ལམ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐོར་ཁག་དང་པོ་དང་།2021ལོའི་སྐོར་ཁག་དང་པོའི་གཙོ་གནད་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་སྙན་ཞུ་འབུལ་ལུགས་ཁྱབ་སྒྲོག་བྱས།

2021ལོའི་གཙོ་གནད་ཚན་རིག་ལག་རྩལ་གྱི་ཆེད་དོན་རྣམ་གྲངས་སྐོར་དང་པོས་འཆར་འགོད་ཀྱི་སྣེ་འཁྲིད་རྒྱུན་འཁྱོངས་བྱས་ཏེ། “ལག་རྩལ་སྣ་གཅིག་གྲུབ་ན་དེ་ལག་ལེན་དུ་འདེབས་དགོས་པའི”རྩ་དོན་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་གི་ཚན་རྩལ་གསར་གཏོད་ཀྱི་འཆར་འགོད་ནང་གཏན་འབེབས་བྱས་པའི་ཚན་རྩལ་གཙོ་ཆེ15གཙིགས་སུ་བཟུང་བ་ལས་ཐོག་མར་ཚྭ་མཚོའི་ཐོན་ཁུངས་ཀྱི་རིན་ཐང་ཆེན་པོ་བེད་སྤྱོད་ཀྱི་ཆེད་དོན་ལས་གཞི་དང་གཙང་སེལ་ནུས་ཁུངས་ཀྱི་ཆེད་དོན་ལས་གཞི། ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ཀྱི་ཆེད་དོན་ལས་གཞི། ཐོན་འབྲས་ཆེ་ཤོས་ཀྱི་ཞིང་ལས་ཐོན་སྐྱེད་ལག་རྩལ་ཕྱོགས་ཀྱི་ཚན་རྩལ་གཙོ་ཆེ་ཡི་ཆེད་དོན་ལས་གཞི་བཅས་ལས་གཞི་གལ་ཆེན་ཁག་སྙན་ཞུ་རྒྱག་འགོ་བརྩམས་ལ། དེའི་ནང“ཚྭ་མཚོའི་ཚྭ་བཟོ་ཆུ་མེད་ཁིལ་འགྱུར་མཱེ་ཡི་གནད་འགག་ལག་རྩལ་ཞིབ་འཇུག་དང་བཀོལ་སྤྱོད”ལས་གཞི་དེ་ཐོག་མར་ཚྭ་མཚོའི་ཆུ་ཁིལ་མཱེ་རྡོ་རྒྱུ་ཆ་བྱས་ནས་ཁྲའར་ཧན་གནམ་གཤིས་དང་མཐུན་པའི་བཞའ་སྐམ་བཟོ་རྩལ་དང་སྒྲིག་ཆས་ལེགས་སྒྱུར་ཞིབ་འཇུག་བྱ་རྒྱུ་གྲོས་འཆམ་བྱུང་ནས། མཚོ་འཕགས་མཐོ་ཤོས་ཀྱི་ཁོར་ཡུག་དང་འཚམ་པའི་ལས་བཟོ་དང་བཟོ་རྩལ་ཚོད་འཛིན་གྱི་དཔྱད་གྲངས། དེ་མིན་བཟོ་སྐྲུན་ལག་རྩལ་ཕྱོགས་ཀྱི་བྱེད་ཐབས་གཏན་འབེབས་བཅས་བྱས་ནས་ཚྭ་མཚོའི་ཁིལ་འགྱུར་མཱེའི་བཞའ་སྐམ་ལག་རྩལ་ཏེ་འཛམ་གླིང་རང་བཞིན་གྱི་དཀའ་གནད་དེ་ཐག་གཅོད་ཐུབ་པ་བྱུང་།

དེ་བཞིན་དམིགས་བསལ་མཐོ་གནོན་ཐད་རྒྱུག་གིGWརིམ་པའི་མཉམ་སྤྱོད་ནུས་གསོག་ཁུལ་འབྲེལ་མཐུད་གཞི་བྱས་པའི་གནད་འགག་གི་ལག་རྩལ་དང་ཐད་རྒྱུག་འཕར་གནོན་སྒྲིག་ཆས་ཞིབ་འཇུག་དང་གསར་སྤེལ། བཀོལ་སྤྱོད”ཀྱི་ལས་གཞི་ཕྱོགས་ནས་གཙོ་བོ་མཚོ་ནུབ་དང་མཚོ་ལྷོ་གཉིས་ཀྱི་སྟོང་ཝ་ས་ཡ་རིམ་པའི་ནུས་ཁུངས་གསར་པའི་རྟེན་གཞི་གཉིས་དང་། མཚོ་སྔོན་ནས་ཧི་ནན་བར་གྱི±800kVཅན་གྱི་དམིགས་བསལ་མཐོ་གནོན་ཐད་རྒྱུག་ལས་གཞི་འཛུགས་སྐྲུན་ཁྲོད་འོད་ཧྥུ་གློག་འདོན་ལ་རྒྱུན་ལྡན་གྱི་གློག་ཁུངས་འདེགས་སྐྱོར་མེད་པའི་གནད་དོན། དམིགས་བསལ་གྱི་དུས་སྐབས་སུ“གློག་མཁོ་འདོན་དཀའ་བ”དང་། གློག་དྲའི་གཏན་འཇགས་ཀྱི་གནས་སྐབས་གནད་དོན་ལ་བརྟེན་ནས་གཙང་སེལ་ནུས་ཁུངས་ཀྱི་བདེ་འཇགས་ལ་ཚད་བཀག་ཐེབས་སྲིད་པ་ལ་སོགས་གནད་དོན་མང་པོ་ཐག་གཅོད་བྱས་པར་མ་ཟད། “དབྱར་རྩྭ་དགུན་འབུ་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་ཐོན་ལས་རིམ་སྤར་ལྗང་སྒྱུར་གྱི་གནད་འགག་ལག་རྩལ་ཞིབ་འཇུག”གི་ལས་གཞི་ཡིས་དབྱར་རྩྭ་དགུན་འབུའི་སྐྱེ་ཁམས་ཐོན་རྫས་རྩེ་གྲ་གསར་སྤེལ་བྱས་ཏེ། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ལས་རིམ་སྤར་ལ་སྐུལ་རོགས་བྱས། “ནས་ཆང་གི་སྤུས་དག་འཕར་ཕྱོད་ཀྱི་གནད་འགག་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན”ལས་གཞི་ཡིས་གཙོ་བོ་ནས་ཀྱི་ཆེད་སྤྱོད་ཐོན་རྫས་རིགས་འདེབས་གསོ་དང་། ལྷད་མེད་འདེབས་འཛུགས། ནས་ཀྱི་བཟང་ངན་དཔྱད་འཇོག་དང་ཐོན་རྫས་ལས་སྣོན་གྱི་སྤུས་བཟང་འཕར་ཕྱོད་ལ་ཕན་པའི་ལག་རྩལ་ཕྱོགས་བསྡུས་བྱས་ནས་དཔེ་སྟོན་གྱི་ཐོན་ལས་རྣམ་པ་གསར་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ནས་ཀྱི་ཐོན་ལས་ཚད་གཞི་ཅན་དང་ཐོན་ལས་ཅན། ཚོང་རྟགས་གྲགས་ཅན་དུ་འགྱུར་བའི་ཕྱོགས་ལ་སྐུལ་རོགས་བྱས།

ཞིང་ཆེན་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བཤད་པ་ལྟར་ན། ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གིས་ལས་གཞི་གཙོ་ཆེ་དེ་དག་གི་ཁྱད་ཆོས་དང་འགན་ལེན་ལས་ཁུངས་ཀྱི་གནས་ཚུལ་གཞིར་བཟུང་ཕྱོགས་མང་པོར་གཞིགས་ཏེ་ལས་གཞི་ཁག་ཅིག་འདེམས་ནས“ཕུལ་བྱུང་མིང་བཏགས”སྒྲིག་འཛུགས་དང་ལས་གཞིའི་གྲོན་དངུལ་ཐད“འགན་གཙང་ལེན་ལམ་ལུགས”ཚོད་ལྟའི་ཚུལ་དུ་བཀོལ་སྤྱོད་བྱས་ཏེ་ལས་གཞི་ལག་བསྟར་ལ་འགན་སྲུང་ལེགས་པོ་ཐུབ་ཡོད་ཟེར།

ཁོན་ཐར་འཚོས་བསྒྱུར།