རླངས་སྣུམ་གྱི་རིན་གོང་འཕར་རྒྱུ་རེད།

རང་རེའི་དྲ་བའི་འཕྲིན། ཟླ2པའི་ཚེས15ཉིན། རྒྱལ་སྤྱིའི་སྣུམ་རིན་ཟླ13རིང་གི་ཆེས་མཐོ་བའི་འཕར་ཚད་ལ་བསླེབས། རྒྱུས་ལོན་པ་ལྟར་ན། ཉེ་སྔོན། རྒྱལ་སྤྱིའི་རླངས་སྣུམ་རིན་གོང་ཡང་བསྐྱར་འཕར་དོན་ནི། གཙོ་བོ་ནམ་ཟླ་འཁྱག་པའི་ཤུགས་རྐྱེན་འོག ཨ་རུའི་ཆེས་ཆེ་བའི་རླངས་སྣུན་ཐོན་སྐྱེད་བཟོ་གྲྭའི་སྒོ་བརྒྱབས་པས། ས་ཁུལ་ཁ་ཤས་ཀྱི་རླངས་སྣུམ་ཐོན་སྐྱེད་ཚད་ཉིན་རེར་སྣུམ་སྣོད་ཁྲི100ཡིས་མར་ཆག་ཅིང་། དེ་ལས་གོ་ལ་ཧྲིལ་པོའི་རླངས་སྣུམ་གྱི་མཁོ་འདོན་ཚད་ཡང་བསྐྱར་ཇེ་ཉུང་དུ་སོང་བས་རེད།

2021ལོའི་རླངས་སྣུམ་གྱི་རིན་གོང་ལེགས་སྒྲིག་དུས་ཚོད་རེའུ་མིག་ལྟར་ན། ཟླ2པའི་ཚེས18གྱི་ཆུ་ཚོད24སྟེང་། རང་རྒྱལ་གྱི་རླངས་སྣུམ་རིན་གོང་ཡང་བསྐྱར་འཕར་རྒྱུ་ཡིན་ཞིང་། གཞི་གྲངས་ལྟར་རྩིས་བརྒྱབ་ན། རླངས་སྣུམ་འཕར་ཚད་དེ་སྔའི་རིན་གོང་ལས0.57%འཕར་ཏེ། ཏུན་རེར་དམངས་སྒོར170དང་སྤྱི་རྒྱ་གང་རེར་སྒོར0.13དང-0.15འཕར་རྒྱུ་རེད། རླངས་འཁོར་གྱི་སྣུམ་སྒམ་ཤོང་ཚད40Lལྟར་རྩིས་ན། དེ་སྔ་ལས་སྒོར6གི་ཇེ་མཐོར་འགྲོ་རྒྱུ་རེད།

ལོ་ཙཱ་པ། ལྷ་ཆེན་རྒྱལ།