གཏམ་བཟང་། རྨ་ཆེན་རྗོང་དང་། མདའ་བཞི་སོཊ་གྲོང་ཁྱེར་དུ་བསྒྱུར......

གསེར་ཆེན་དང་རྨ་ཆེན། མདའ་བཞི་སོགས་གྲོང་ཁྱེར་དུ་བསྒྱུར་རྒྱུ་ཡིན་ཞིང་། དེ་ཡང་“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི”སྐབས་སུ་མཚོ་སྔོན་ཞིང་ཆེན་གྱིས་གསེར་ཆེན་རྫོང་དང་རྨ་ཆེན་རྫོང་། མདའ་བཞི་རྫོང་། ཁྲི་ཀ་རྫོང་། ནང་ཆེན་རྫོང་སོགས་གྲོང་ཁྱེར་དུ་བསྒྱུར་བའི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད། སྤྱི་ཟླ2པའི་ཚེས10ཉིན《མཚོ་སྔོན་ཉིན་རེའི་ཚགས་པར》ཐོག་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཆོག་མཆན་གནང་བའི《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་ཚད་རྩ་གནད》ཅེས་པ་(གཤམ་དུ《རྩ་གནད》ཅེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་པ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། “མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་ཁག་ཅིག་ལ་སྐུལ་འདེད་གཏོང་བའི”《རྩ་གནད》ནང་། གསར་དར་གྲོང་ཁྱེར་དང་གྲོང་རྡལ་ཁག་ཅིག་སྐྱེད་སྲིང་བྱ་རྒྱུ་ཡིན་པ་དང་། “གསེར་ཆེན་རྫོང་དང་རྨ་ཆེན་རྫོང་། མདའ་བཞི་རྫོང་། ཁྲི་ཀ་རྫོང་། ནང་ཆེན་རྫོང་སོགས་གྲོང་ཁྱེར་དུ་བསྒྱུར་བའི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་ཡིན་ཞིང་། འཇུ་ལག་རྫོང་དང་དམར་གཙང་རྫོང་། དགོན་ལུང་མི་རིགས་རང་སྐྱོང་རྫོང་བཅས་ཀྱི་འཆར་འགོད་འཛུགས་སྐྲུན་དོ་དམ་དེ་གྲོང་ཁྱེར་གྱི་སྒྲིག་སྲོལ་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བརྟན་པོ་གཏོང་རྒྱུ་ཡིན་པ་དང་། དུས་བསྟུན་གྱིས་གྲོང་ཁྱེར་དུ་བསྒྱུར་རྒྱུ་རེད།