སྡོད་ཁང་གསར་པའི་ནང་ལོ་གསར་པ་ཞིག་ལ་རོལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས11ཉིན་གྱི་ས་སྲོད་ལ་གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོའི་གཡམ་སྡེ་བའི་སྡེ་མི་ལོ་བརྒྱ་ཚང་ལ་སོང་། ཁོ་ཚང་གིས་རང་ཁྱིམ་དུ་གད་དར་བྱས་པ་གྲལ་དག་ཅིང་གོ་རིམ་ལྡན། ཅོག་ཙེ་སྟེང་དུ་ད་རུང་སྣུམ་བསྲེགས་ཀོ་རེ་སྣ་ཚོགས་དང་ཀུ་ཤུ་སོགས་སིལ་ཏོག་སྣ་ཚོགས་ཀྱི་སྡེར་ཁ་ཡིས་བཀང་འདུག ལོ་བརྒྱའི་ཚ་མོ་ཆུང་ཆུང་གིས་ལྭ་རིང་གསར་པ་གསར་རྐྱང་ཞིག་དང་ཀོ་ལྷམ་གསར་པ་ཞིག་གྱོན་ནས་གྲོགས་པོ་ཚོ་དང་མཉམ་དུ་དགའ་སྤྲོའི་རྩེད་འཇོར་རོལ་བཞིན་ཡོད།

2015ལོར་ཁོ་ཚང་ལ་ནད་པ་ཡོད་པ་མ་ཟད། དེའི་ཁར་རང་ཉིད་ལ་ཡང་མིག་ནད་ཡོདཔས། ལོ་བརྒྱ་ཁྱིམ་ཚང་གང་བོ་ཁོའི་བུ་ཡིས་མཁར་གྲོང་དུ་ཞོར་ལས་ལས་པའི་ཡོང་སྒོ་ཁོ་ནར་བརྟེན་ནས་ཁྱིམ་ཚང་གི་འགྲོ་སོང་ཡོད་ཚད་འགན་ལེན་བྱས་ཡོད། ལོ་དེར་ལོ་བརྒྱ་ཚང་དབུལ་ཁྱིམ་ཡིག་ཚགས་ཅན་གྱི་ཁྱིམ་ཚང་དུ་བདམས། ལོ་བརྒྱ་ཚང་སྔ་མོ་ནས་དབུལ་ཐར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱ་ཆེད། སྡེ་བའི་ཨུ་ལྷན་གཉིས་དང་སྡེ་སྡོད་ཧྲུའུ་ཅི་དང་པོ་དབྱང་ཕེ་ཧོང་སོགས་ཀྱིས་དོན་དངོས་གནས་ཚུལ་གཞིར་བཟུང་སྟེ། ཁོ་ཚང་གིས་ཕག་གསོ་སྤེལ་བྱེད་རྒྱུར་རྒྱབ་སྐྱོར་བྱས། 2018ལོར་ལོ་བརྒྱ་ཡིས530དངུལ་བུན་བརྒྱུད་ཕག་ཕྲུག་ཉོས་པ་མ་ཟད་གསོ་སྤེལ་དྲོད་ཁང་ཞིག་གསོ་བྱས། ཕག་གསོ་སྤེལ་ཐད་ཀྱི་རིམ་པ་མི་འདྲ་བའི་སྲིད་ཇུས་ཀྱི་རོགས་སྐྱོར་སྣ་ཚོགས་ལ་བརྟེན་ནས། སྤྱིའི་ཡོང་འབབ་སྒོར53900ལ་བུད་པ་དང་དེ་ནི་དབུལ་ཐར་གྱི་ཚད་གཞི་ལས་རིང་དུ་བརྒལ་ཡོད།

ལོ་བརྒྱ་ཡིས་བཤད་རྒྱུར། ན་ནིང་ངས་ད་རུང་དྲོད་ཁང་ཞིག་དང་ཚོང་ཁང་ཆུང་ཆུང་ཞིག་ཕྱེས་ནས་ཚོང་གཉེར་བྱས་པ་ཡིན་ལ། ད་རུང་ཕྱིའི་ར་སྐོར་ཚང་མ་ཡང་གསར་དུ་བསྐོར། ད་ལོ་ངེད་ཚང་གིས་ཁང་བ་གསར་པ་ཞིག་ལས་ནས་ལོ་སར་པ་ཡིན། བྱིས་པ་དག་རྩེད་མོར་རོལ་བཞིན་ཡོད་མོད་ཅུང་ཙམ་འགོར་ན་ང་ཚོ་ལྷན་དུ་འཛོམས་ནས་ལོ་སར་གྱི་གསོལ་སྟོན་ལ་རོལ་རྒྱུ་ཡིན་ཟེར་བཞིན། ཁོའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཤིག་མངོན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།