མཆིན་པའི་ཕན་ནུས་དང་བདག་སྐྱོང་སོགས་ཀྱི་སྐོར།

མཆིན་པ་ནི་མིའི་ལུས་ཁམས་སུ་རྙིང་ཚབ་གསར་བརྗེ་ཡི་བྱེད་ནུས་གཙོ་བོར་བྱས་པའི་དབང་བོ་ཞིག་ཡིན་ལ། མིའི་ལུས་ཁམས་སུ་མཆིན་པའི་མངར་ཆ་གསོག་འཇོག་དང་ཟགས་ཐོན་རང་བཞིན་གྱི་སྤྲི་དཀར་བཅུད་མཉམ་སྦྱོར་སོགས་ཀྱི་ནུས་པ་ཐོན་ཞིང་། མཚེར་བས་འཇུ་བྱེད་མ་ལག་ཁྲོད་ཀྱི་མཁྲིས་ཁུ་བཟོ་བར་ཡང་ཕན། ཡང་མཚེར་བ་ནི་མིའི་ལུས་ཁམས་ཀྱི་ནང་ཁྲོལ་ལས་དབང་བོ་ཆེས་ཆེ་ཤོས་དེ་ཡིན་ལ། མིའི་ལུས་ཁམས་ཀྱི་གསུས་ཁོག་ཏུ་གནས་ཤིང་། མཁྲིས་པའི་མདུན་ཕྱོགས་དང་གཡས་ཕྱོགས་ཀྱི་མཁལ་མའི་མདུན་ཕྱོགས། ཕོ་བའི་སྟེང་བཅས་ཀྱི་སར་ཡོད།

༡ ཕན་ནུས།

མཆིན་པས་མིའི་ལུས་ཁམས་ལ་ཕན་ནུས་ཆེན་པོ་ཐོན་ཞིང་། མིའི་ལུས་ཁམས་ནི་གཙོ་བོ་མཆིན་པ་ལ་བརྟེན་ནས་རྙིང་ཚབ་གསར་བརྗེ་བྱ་བ་ཡིན་ལ། མཆིན་པས་མིའི་ལུས་ཁམས་ལ་ཐོན་པའི་ནུས་པ་ནི་གཤམ་གསལ་ལྟར།

(༡)མཆིན་པ་ནི་གསུས་ཁོག་སྟོད་ཀྱི་ཆར་གནས་པ་དང་། ཚེ་སྲོག་གི་རྒྱུན་མཐུད་པར་བྱེད་ནུས་གལ་ཆེན་འདོན་མཁན་དེ་ཡིན།

(༢)མཆིན་པའི་བྱེད་ནུས་གཙོ་བོ་ནི་མཁྲིས་ཁུ་ཟགས་ཐོན་བྱ་བ་དང་། སྲོག་ཆགས་ཀྱི་སིང་ཕྱེ་ཉར་ཚགས་བྱ་བ། སྤྲི་དཀར་བཅུད་དང་ཚིལ་སོགས་ཀྱི་རྙིང་ཚབ་གསར་བརྗེ་དང་སྙོམས་སྒྲིག་བྱ་བ་བཅས་ཡིན་པར་མ་ཟད། གཞན་ད་དུང་དུག་གདོན་པ་དང་ཁྲག་བཟོ་བ་སོགས་ཀྱི་ཕན་ནུས་ཀྱང་ལྡན།

(༣)མཆིན་པ་ནི་མིའི་ལུས་ཁམས་ཀྱི་དུག་འདོན་དབང་བོ་ཆེས་ཆེ་ཤོས་དེ་ཡིན་ལ། ལུས་ཁམས་སུ་བྱུང་བའི་དུག་རྫས་དང་ཁ་རུ་ཟོས་པའི་དུག་རྫས། མཆིན་པར་གནོད་སྐྱོན་བཟོ་བའི་སྨན་རྫས་རིགས་སོགས་ངེས་པར་དུ་མཆིན་པ་ལ་བརྟེན་ནས་དུག་འདོན་བྱ་དགོས།

༢ བདག་སྐྱོང་།

༢_༡ རྒྱུན་ལྡན་གྱི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱ་བ།

ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་ཡིས་མཆིན་པའི་དུག་འདོན་གྱི་བྱ་བ་ཧ་ཅང་དཀའ་ཚེགས་ཆེ་ལ། མཆིན་པ་ཚིལ་འགྱུར་གྱི་ནད་འབྱུང་བའི་ཚད་ཀྱང་མཐོ་རུ་འགྲོ་བ་ཡིན། གལ་ཏེ་ཕུང་བོ་ཧྲིལ་བོའི་ཚིལ་ཉུང་དུ་སོང་བའི་ཚེ་ན། མཆིན་པའི་ཚིལ་ཡང་ཉུང་དུ་འགྲོ་བ་ཡིན་ཞིང་། མཆིན་ནད་ཅན་གྱི་མིའི་མཆིན་པའི་བྱེད་ནུས་ཀྱི་གྲངས་ཚད་མཐོ་རུ་འཕགས་པ་དེ་ཡང་མངོན་གསལ་གྱིས་ཇེ་དམའ་རུ་འགྲོ་བ་ཡིན།

༢_༢ སྦག་བཙོག་ཏུ་འགྱུར་སླ་བའི་ཡོ་བྱད་དང་རྒྱང་དུ་འགྱེ་བ།

མཁོ་མེད་ཀྱི་ཁྲག་རྒྱག་པ་དང་ཁབ་སྨན་རྒྱག་པ། རྣ་དབུག་པ་བཅས་ཀྱི་ལས་མི་བྱ་བ། ཡང་སོ་ཕྱི་དང་ཁ་སྤུ་གཞར་བྱའི་ཡོ་ཆས་སོགས་མི་གཞན་དང་མཉམ་སྤྱོད་མི་བྱ་བ།

༢_༣ ཟས་ཀྱི་བསྟེན་ཚུལ།

ལུས་པོའི་ཤ་སྦྱག་པའི་སླད་དུ་ཟས་ཐུན་གསུམ་པོར་ཤིང་འབྲས་ཀྱི་རིགས་ཁོ་ན་བཟའ་བ་ལས་ཟས་རིགས་གཞན་མི་བཟའ་བ། ཆུ་འཁྱག་མི་བཏུང་བ། མཚོ་ཟས་ཀྱི་རིགས་རློན་པར་མི་བཟའ་བ་བཅས་ཡིན།

༢_༤ ཆང་མི་བཏུང་བ།

མི་རྣམས་ཀྱིས་འཐུངས་ཟིན་པའི་ཆང་བཅུད་ནི་མཆིན་པ་བརྒྱུད་ནས་རྙིང་ཚབ་གསར་བརྗེ་བྱ་བ་ཡིན་པས། ཆང་བཅུད་མང་དྲགས་པ་དང་མཆིན་པའི་རྙིང་ཚབ་གསར་བརྗེ་ཡི་བྱེད་ནུས་ཞན་པའི་སྐབས་སུ། ཆང་བཅུད་ཁྲོད་དུ་རྫས་འགྱུར་རིགས་ཤིག་ཡོད་པ་དེ་རྫས་འགྱུར་རིགས་གཞན་ཞིག་ཏུ་གྱུར་ནས། ཆེས་མཐའ་མཇུག་མཆིན་པའི་ཆང་བཅུད་དུ་འགྱུར་བ་ཡིན།

༢_༥ ཐ་མག་གཅད་པ།

ཐ་མག་བརྔུབས་པ་དང་མཆིན་པའི་འབྲས་སྐྲན་གཉིས་ལ་འབྲེལ་བ་དམ་ཟབ་ཡོད།

༢_༦ སྨན་གང་འདོད་དུ་མི་བཏུང་བ།

མི་རྣམས་ཀྱིས་ཁ་རུ་ཟོས་པའི་སྨན་རྫས་ཀྱི་རིགས་ནི་ངེས་པར་དུ་མཆིན་པ་བརྒྱུད་ནས་དུག་འདོན་བྱ་བ་ཡིན་ལ། སྨན་པའི་ངག་ལ་མི་ཉན་པར་སྨན་གང་འདོད་དུ་འཐུངས་པ་ཡིས། མཆིན་པས་སྨན་རྫས་རྙིང་ཚབ་གསར་བརྗེ་བྱ་བའི་ནུས་པ་ཉམས་འགྲོ་བ་ཡིན།

༢_༧ ངལ་གསོ་འོས་འཚམ་བྱ་བ།

མི་དར་མའི་རྒྱུན་ལྡན་གྱི་ངལ་གསོའི་དུས་ཡུན་ནི་ཆུ་ཚོད་༨ཡིན་དགོས་ཤིང་། རྒྱུན་ལྡན་ལྟར་ན་དགོང་མོའི་ཆུ་ཚོད་༢༢ནས་ངལ་གསོས་ན་བཟང་བ་དང་། ནམ་གུང་ཆུ་ཚོད་༡-༣གྱི་བར་ནི་གཉིད་ལྕི་བའི་དུས་ཡིན་ལ། དུས་ཡུན་དེ་ནི་མཆིན་པ་གསོ་བའི་དུས་སྐབས་ཆེས་བཟང་ཤོས་དེ་ཡང་ཡིན་ཞིང་། དེ་ལས་ལྡོག་ན་མཆིན་པ་གསོ་བར་གནོད་པ་ཚབས་ཆེན་ཐེབས་པ་ཡིན། དེ་བས་མཚན་སྐྱེལ་བྱ་བ་ནི་མཆིན་པར་ཧ་ཅང་གནོད་པའི་ལས་ཤིག་ཡིན་ཙ་ན། ཚང་མས་འདི་ལ་གཟབ་ན་ལེགས་པར་སྙམ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།