ཞིང་ཆེན་ཡོངས་ཀྱི་མཁོ་བསྟུན་དོ་དམ་མ་ལག་གིས་དུས་ཆེན་མ་ཐོན་པའི་ཡར་སྔོན་དུ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་སར་དུས་ཆེན་ཐོན་ལ་ཉེ་པའི་སྐབས་འདིར་ཞིང་ཆེན་མཁོ་བསྟུན་དོ་དམ་ཐིན་གྱིས་ས་གནས་ཁག་གི་མཁོ་བསྟུན་དོ་དམ་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་ལོ་སར་དུས་ཆེན་ཡར་སྔོན་གྱི་བདེ་འཇགས་ཐོན་སྐྱེད་དང་ཤོག་སྦག་སིལ་ཚོང་། རོགས་སྐྱོབ་མ་དངུལ་གཏོང་སྤྲོད་སོགས་ཆེད་དོན་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་ཏན་ཏིག་བྱས་ནས་ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་དུས་བབ་བརྟན་ལྷིང་དང་ཇེ་ལེགས་སུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

ཟི་ལིང་གྲོང་ཁྱེར་གྱིས་ཆེད་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་སྣུམ་སྣོན་ས་ཚིགས་དང་ཤོག་སྦག་ཆེད་ཚོང་ཁང་། ཁྲོམ་ར་དང་སྒོ་རྩིས་ཁང་ཆེ་གྲས། ཞིང་ལས་ཉོ་འཚོང་ཁྲོམ་ར་སོགས་མི་མང་འདུ་ས་གཙོ་བོར་བཟུང་ནས་ལྟ་ཞིབ་ནན་པོ་བྱས་པ་རེད། མཚོ་ཤར་གྲོང་ཁྱེར་གྱིས་ཆེད་དོན་ལྟ་ཞིབ་ཚན་ཆུང་བཙུགས་ནས་རྫོང་དང་ཆུས་སོ་སོའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རྡོ་སོལ་མ་ཡིན་པའི་གཏེར་ཁ་གཙོར་བཟུང་སྟེ་ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས། ཤོག་སྦགས། བཟོ་འཚོང་། འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་སྐྲུན་ཨར་ལས། དམངས་སྤྱོད་འབར་རྫས། མེ་ཟོན་སོགས་ལས་རིགས་ཁྱབ་ཁོངས་ལ་དམིགས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལས་དོན་སྤེལ་བ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་འབྲེལ་ཡོད་སྡེ་ཚན་སྐོང་འཐེན་བྱས་ཏེ་དུས་ལྟར་ཞིབ་བཤེར་ཚན་ཆུང་བཙུགས་ནས་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་དང་ཤོག་སྦག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་ལ་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་།

ད་ལྟའི་བར་ཞིང་ཆེན་མཁོ་བསྟུན་དོ་དམ་ཐིན་གྱིས་འབྲེལ་ཡོད་ས་ཁུལ་དང་མཉམ་དུ་ངར་ལྕགས་བཙོ་སྦྱངས་དང་ཧ་ཡང་ལས་སྣོན། ཁྲོན་པ་བརྐོ་པ། ཀུའེ་ལྕགས་བཙོ་སྦྱང་། བར་སྟོང་གི་ཚད་ཡོད་ལས་སྒྲུབ་སོགས་འབྲེལ་ཡོད་ཁེ་ལས་ལ་ཆེད་དོན་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་། ཁྱོན་བསྡོམས་པས་ཁེ་ལས25ལ་ཁྲིམས་འཛིན་ཞིབ་བཤེར་སྒོས་རིགས་མི་འདྲ་བའི་ཁྲིམས་འཛིན་ཡིག་ཆ16གཤམ་སྤྲོད་བྱས། མངོན་མེད་རྐྱེན་ངན་གནད་དོན196ལ་ཞིབ་བཤེར་དང་ཐག་གཅོད་བྱས། ཁེ་ལས་3ལ་ཐོན་སྐྱེད་དང་ཚོང་གཉེར་བྱེད་མཚམས་འཇོག་ཏུ་བཅུག ཞིང་ཆེན་ཡོངས་ཀྱི་རྡོ་སོལ་མིན་པའི་རི་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཆེད་དོན་ཞིབ་བཤེར་སྒྲིག་འཛུགས་བྱས་ནས་རྡོ་སོལ་མིན་པའི་གཏེར་རི་310ལ་ཞིབ་བཤེར་བྱས་པ་དང་སྤྱིར་བཏང་གི་མི་མངོན་པའི་རྐྱེན་ངན1265ཞིབ་བཤེར་ཐག་གཅོད་བྱས་ཤིང་ཁྲིམས་འཛིན་ཡིག་ཆ་162གཤམ་སྤྲོད་བྱས་ཏེ་སྒོར་ཁྲི་36གི་དངུལ་ཆད་བཅད། ཁེ་ལས་37ལ་ཐོན་སྐྱེད་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་བཅུག འབྲེལ་ཡོད་སྒྲིག་བཀོད་དང་སྒྲིག་ཆས་95སྤྱོད་མཚམས་འཇོག་ཏུ་བཅུག་པ།བདེ་འཇགས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་8གནས་སྐབས་བཀག་ཉར་བྱས་པ།“མིང་ཐོ་ནག་པོའི”ནང་བཅུག་པ་བཅས་རེད། སྔ་རྗེས་སུ་སྟོང་སྐོར།སྟོང་སྐོར།ཏ་ཐུང་།དུས་བདེ།ལེ་ཏུའུ།མིན་ཧོ་བཅས་ཀྱི་ཤོག་སྦག་སིལ་ཚོང་ཁང་40ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་།རང་བྱུང་སོལ་རླངས་མཁོ་སྤྲོད་ཁེ་ལས་4ལ་ཞིབ་བཤེར་བྱས་པ།རྫོང་རིམ་པའི་འཕྲལ་སྡོམ་དོ་དམ་སྡེ་ཚན་ལ་ཤོག་སྦག་སིལ་ཚོང་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་ཕྱིར་བསྡུ་བྱས་པ།ཤོག་སྦག་སིལ་ཚོང་ཁང་2ལས་མཚམས་བཞག་ནས་བཅོས་སྒྲིག་བྱ་རྒྱུའི་བཀའ་བཏང་བ། ས་གནས་ཁག་གི་གེགས་སེལ་མ་དངུལ་སྤྲོད་ཚུལ་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཞིང་ཆེན་ཡོངས་སུ་གེགས་སེལ་མ་དངུལ་སྒོར་ཁྲི་7856.79དང་སྲིང་བལ་སྲིང་བལ་སྲིང་བལ་སྲིང་བལ་དང་།སྲིང་བལ་དང་།སྲིང་བལ་དང་།སྲིང་བལ་དང་།སྲིང་བལ་དང་།སྲིང་བལ་དང་།སྲིང་བལ་སོགས་གེགས་སེལ་དངོས་ཟོག་ཁྲི་6སྤྲད་པ་རེད།

ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་མཁོ་བསྟུན་དོ་དམ་མ་ལག་གིས་གནོད་འཚེའི་ཉེན་ཟོན་སྔོན་བརྡ་དང་མི་མངོན་པའི་རྐྱེན་ངན་རྩིས་བཤེར། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མཁོ་བསྟུན་གྲ་སྒྲིག་སོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བྱས། གནམ་གཤིས་དང་ས་འགུལ། ས་གཤིན། ནགས་ཚལ་དང་རྩྭ་ཐང་བཅས་སྡེ་ཚན་གྱི་ཉེན་ཟོན་ཉེན་བརྡའི་ཆ་འཕྲིན་ལ་དོ་ཁུར་ནན་པོ་བྱས་ནས་མཁོ་བསྟུན་ལས་རེས་བརྟན་སྲུང་ལས་དོན་དོན་འཁྱོལ་ནན་པོ་བྱས། ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་སོ་སྲུང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ལ་འཆམ་མཐུན་དང་སྤྲོ་སྐྱིད། བདེ་འཇགས་བཅས་ཀྱི་ལོ་གསར་པ་ཞིག་ལ་རོལ་རྒྱུ་འགན་ལེན་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།