དྲ་རྒྱའི་མགོ་སྐོར་ཐད་ཀྱི་བརྡ་སྦྱོར་གལ་ཆེན།

ཉེ་ཆར། ཁྲིམས་འགལ་མི་སྣ་ལས་ཁུངས་ཀྱི་འགོ་ཁྲིད་དུ་བརྫུས་ནས་མི་གཞན་ལ་མགོ་སྐོར་གཏོང་བའི་གནས་ཚུལ་བསྟུད་མར་བྱུང་བཞིན་ཡོད་ལ། དོགས་ཡོད་མི་སྣས་ཁྲིམས་འགལ་གྱི་བྱ་ཐབས་སྤྱད་དེ་འགོ་ཁྲིད་ཀྱི་མི་སྒེར་གྱི་མིང་དང་འདྲ་པར་སོགས་བརྫུས་སྤྱོད་བྱས་ནས་སྐད་འཕྲིན་དངQQསོགས་ཀྱི་མིང་དང་མགོ་པར་ལ་བཞག་ནས་གནོད་འཚེ་ཐེབས་མཁན་གྱི་སྐད་འཕྲིན་ནང་འཇུག་བྱས་ཏེ། ཡིད་ཆེས་ཐོབ་ཐབས་བྱེད་པའི་མགོ་སྐོར་བཏང་རྗེས། ལས་དོན་སྒྲུབ་པར་མ་དངུལ་སྤྱོད་དགོས་པ་སོགས་རྒྱུ་མཚན་དུ་བྱས་ཏེ་གནོད་འཚེ་ཕོག་མཁན་ལ་དངུལ་སྒོར་བསྐྱི་བ་དང་དངུལ་ཁོངས་བརྗེ་བསྒྱུར་སོགས་ཀྱི་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་ནས་མགོ་སྐོར་གཏོང་བཞིན་ཡོད་པ་རེད།

གཅིག གལ་ཏེ་རང་ཉིད་ལས་ཁུངས་ག་གེ་མོའི་འགོ་ཁྲིད་ཡིན་པར་བཤད་ནས་སྐད་འཕྲིན་དང་། QQསོགས་གླེང་མོལ་ཡོ་བྱད་ལ་བརྟེན་ནས་སྐད་འཕྲིན་ལ་ནང་འཇུག་བྱེད་པ་དང་། དངུལ་ཁོངས་བརྗེ་བསྒྱུར་བྱེད་དགོས་པ་སོགས་ཀྱི་བླང་བྱ་འདོན་སྐབས་ངེས་པར་དུ་ཕ་རོལ་བོའི་ཐོབ་ཐང་ལ་ཞིབ་དཔྱད་བྱ་དགོས་པ་དང་མི་སྒེར་གྱི་ཆ་འཕྲིན་གཞན་ལ་ཤེས་སུ་འཇུག་མི་རུང་བར་མ་ཟད་དངུལ་ཁོངས་བརྗེ་བསྒྱུར་དེ་བས་ཀྱང་བྱ་མི་རུང་།

གཉིས། བདེན་རྫུན་ཡིན་མིན་གཏན་འཁེལ་མ་བྱས་པའི་གནས་ཚུལ་འོག “མི་སྒེར་གྱི་ཆ་འཕྲིན་ཕྱིར་མི་བཤད་པ་དང་གཞན་ལ་ཡིད་ཆེས་མི་བྱེད་པ། དངུལ་ཁོངས་བརྗེ་བསྒྱུར་མི་བྱེད་པ”བཅས་བྱ་དགོས། གལ་ཏེ་ཕ་རོལ་བོའི་ཐོབ་ཐང་དང་ཆ་འཕྲིན་ལ་དོགས་པ་ཡོད་པའམ་ཡང་ན་སྟབས་མ་ལེགས་པར་གཞན་གྱིས་མགོ་སྐོར་བཏང་བ་ཤེས་ཚེ། ཁྱེད་ཀྱིས་ངེས་པར་དུ་གླེང་མོལ་བྱས་པའི་ཟིན་ཐོ་དང་འབྲེལ་གཏུག་བྱེད་སྟངས་སོགས་ཀྱི་བདེན་དཔང་སོར་འཇོག་བྱ་དགོས་པར་མ་ཟད་འཕྲལ་མར110ལ་ཉེན་བརྡ་གཏང་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།