ན་གོར་མོས་ནགས་ཚལ་གྱི་འགོག་སྲུང་གསུམ་འཇོན་ནུས་དོ་དམ་མ་ལག་ལ་བརྟེན་ནས་འཁོར་རྒྱུགས་བྱེད་རྒྱུར་ཚོད་ལྟ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ན་གོར་མོ་གྲོང་ཁྱེར་གྱིས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་དོ་དམ་སྲུང་སྐྱོབ་བྱེད་པའི་ཚན་རྩལ་ཆུ་ཚད་དང་དོ་དམ་སྲུང་སྐྱོབ་ཕྱོགས་བསྡུས་ནུས་པ་མཐོར་འདེགས་སུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་དོ་དམ་དེ་ཚན་རིག་ཅན་དང་བརྡ་འཕྲིན་དྲ་རྒྱ་ཅན། སྒྲིག་ཅན་དེང་རབས་ཅན། དོ་དམ་འཇོན་ནུས་ཅན་བཅས་མངོན་འགྱུར་བྱ་ཆེད། ཉེ་ལམ། ན་གོར་མོ་གྲོང་ཁྱེར་གྱིས་ནགས་ཚལ་གྱི་འགོག་སྲུང་གསུམ་འཇོན་ནུས་དོ་དམ་མ་ལག་ལ་བརྟེན་ནས་འཁོར་རྒྱུགས་བྱེད་རྒྱུར་ཚོད་ལྟ་དུས་རིམ་དུ་སླེབས་པ་རེད།

གནམ་གཤིས་ཧྲིལ་བོ་དང་ཡོངས་ཁྱབ་ཅན་འཛུགས་སྐྲུན་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་ལྟ་སྐུལ་ཚད་ལེན་གྱི་དྲ་རྒྱ་སྒྲིག་འཛུགས་བྱས་པས། ན་གོར་མོ་གྲོང་ཁྱེར་གྱི་སྐྱེ་ཁམས་ས་ཁུལ་གྱི་ནགས་ཚལ་ལ་མེ་སྐྱོན་འབྱུང་བ་སྔོན་འགོག་ཐུབ་པ་མངོན་འགྱུར་བྱུང་། ནགས་ལས་གནོད་ལྡན་སྐྱེ་དངོས་ཀྱི་སྔོན་དཔག་ལྟ་ཞིབ་ཚད་ལེན་དང་ནགས་ས་ལ་གནོད་འཚེ་བྱུང་བ། རི་སྐྱེས་སྲོག་ཆགས་ལྐོག་གསོད་བྱེད་པ། སྡོང་བོ་གཅོད་པ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས། མི་ཤུགས་ཀྱིས་མི་འདང་པ་དང་ས་ཁྱོན་གཞི་རྒྱ་ཆེ་བ། བརྡ་འཕྲིན་དུས་ལྟར་འབྱོར་མི་ཐུབ་པ་དང་གནད་ལ་ཁེལ་མི་ཐུབ་པ་སོགས་ཀྱི་གནད་དོན་དེ་ཡོངས་སུ་གཏོར། ལས་གཞི་དེ་ཀུ་ལི་ཆེ་བ་ཡུལ་ཚོའི་ཝུའུ་ཙི་མཚེའུ་དང་ཀོའུ་ལི་མོའུ་སྡེ་གྲོང་རྡལ། གསར་ཁུལ་སྐྱེ་ཁམས་འདམ་རའི་སྤྱི་གླིང་བཅས་ལ་ལྟ་སྐུལ་བརྙན་མིག་བཙུགས་ཡོད་པས། ཝུའུ་ཙི་མཚེའུ་རང་བྱུང་ནགས་ཁུལ་དང་ཀོའུ་ལི་མོའུ་སྡེ་གྲོང་རྡལ་གྱི་ནགས་ས་གཙོ་བོ། འདམ་རའི་སྤྱི་གླིང་ནང་ཁུལ་གྱི་ནགས་ཚལ་ལ་མེ་སྐྱོན་དང་མི་རྣམས་ཀྱི་འགྲོ་འདུག རི་སྐྱེས་སྲོག་ཆགས་བཅས་ལ་ལྟ་སྐུལ་བྱས་ཡོད། དེར་མ་ཟད་ཁྱབ་ཁོངས་དེའི་ནགས་ཚལ་ཁྲོད་ཀྱི་གནོད་ལྡན་སྐྱེ་དངོས་ལ་གནས་ཚུལ་ཅི་ཞིག་བྱུང་བའི་ཐད་ལ་ཡང་སྔོན་འགོག་དང་ལྟ་སྐུལ་ཞིབ་བཤེར་བྱས་ཡོད།

ཉེ་ལམ། རིག་ནུས་དོ་དམ་མ་ལག་དེ་མེ་སྐྱོན་སྔོན་འགོག་གི་ཁྱབ་ཁོངས85%ལ་ཁྱབ་ཡོད་པ་དང་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་ལྟ་ཞིབ་ཚད་ལེན་གྱི་ཚངས་ཐིག་དེ་སྤྱི་ལེ55ལ་ཁེབས་འདུག མི་སྣ་དང་རླངས་འཁོར་གྱི་འཁོར་རྒྱུགས་ལྟ་ཞིབ་ཚད་ལེན་གྱི་ཚངས་ཐིག་དེ་སྤྱི་ལེ3ཡིན་པས། ཚད་ངེས་ཅན་གྱི་སྒོ་ནས་ན་གོར་མོ་གྲོང་ཁྱེར་གྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་དོ་དམ་ནུས་པ་ཆེས་ཆེར་བཏང་པས། ནགས་ཚལ་དང་རྩྭ་ཐང་གི་དོན་རྐྱེན་དང་ནགས་ཚལ་གྱི་མེ་སྐྱོན་སྔ་མོ་ནས་ཤེས་ཐུབ་པ་དང་མགྱོགས་མྱུར་སྒོས་ཐག་གཅོད་ཐུབ་པ་མངོན་འགྱུར་བྱུང་ཡོད། དེར་མ་ཟད་ནགས་ཚལ་དང་ས་གཞིའི་སྟེང་དུ་སྡོང་བོ་གཅོད་པ་དང་རི་སྐྱེས་སྲོག་ཆགས་རྔོན་པ། ནགས་ཚལ་ལ་མེ་སྐྱོན་འབྱུང་བ་སོགས་རྒྱུ་རྐྱེན་ལ་གནད་དུ་ཁེལ་བའི་བརྡ་འཕྲིན་གྱི་འགན་སྲུང་དང་ལག་རྩལ་གྱི་རྒྱབ་རྟེན་ཐོབ་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།