རིག་གནས་དམངས་ཚིས་འདོན་སྤེལ་གྱིས་ལོ་སར་གྱི་དུས་ཆེན་མཉམ་དུ་བསུས་པ།

ཟླ2པའི་ཚེས7ཉིན་གྱི་དགོང་མོར། མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་རིག་གནས་སྡེ་ཁག་གིས་ཞིང་ཆེན་རིམ་པ་དང་དེའི་ཡན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ24རྩ་འཛུགས་སྒོས། རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་གནའ་བོའི་གྲོང་རྡལ་དུ་གཟུགས་འདས་ཤུལ་བཞག་ལ་བརྟེན་ནས་ལོ་སར་པ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་རིག་གནས་སྐྱེལ་པ་བརྗོད་དོན་ཡིན་པའི་མཚོ་སྔོན་གྱི་ལོ་སར་བཟི་ཉམས་ཀྱི་མཚོ་ཤར་ཞེས་པའི་རིམ་བསྟར་བྱ་འགུལ་སྤེལ། རྒྱུན་འཛིན་པ་དག་གིས་མགྱོགས་འཕྲིན་དང་འཁྱུག་དབྱངས་ཐད་གཏོང་ལས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་འཁྲབ་སྟོན་བྱེད་པའི་རྣམ་པ་བརྒྱུད་དེ་ལོ་སར་གྱི་དུས་སྟོན་གསར་པ་ཞིག་སྤྲོ་སྐྱིད་ཀྱིས་བསུས་པ་རེད།

འདྲ་པར་འདི་ནི་སྣུམ་བསྲེགས་ཟས་རིགས་གསར་བཟོ་བྱས་པའི་རྩལ་ནུས་འགྲེམས་སྟོན་བྱེད་པའི་རྣམ་པ།

ཉེ་ལམ། ཟི་ལིང་གྲོང་ཁྱེར་སྨན་བཅོས་སྡེ་ཚོགས་དང་པོས་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འཕྲོད་བསྟེན་གླིང་དང་སྡེ་བའི་སྨན་པའི་ཁྱིམ་ཚང་དུ་སོང་ནས། སྡེ་མི་དག་ལ་ལོ་སར་གྱི་སྐབས་སུ་བདེ་ཐང་གི་བཟའ་བཏུང་སོགས་ཀྱི་ཐད་ནས་སློབ་སྟོན་དྲིལ་སྒྲོག་བྱས། དེ་དང་ཆབས་ཅིག་སྡེ་མི་དག་ལ་དུས་ཆེན་གྱི་སྨོན་འདུན་བསྐྱལ་པ་རེད།

མཚན་ཁྲོམ་མྱུལ་བ་དང་ཟས་མཆོག་གི་བྲོ་བ་མྱངས་པ། རིག་གནས་ཉམས་སུ་ལེན་པ་སོགས་ལོ་སར་སླེབས་ལ་ཉེ་བ་དང་བསྟུན་ནས། གནའ་མཁར་ཟི་ལིང་གི་མཚན་མོར་གང་སར་གློག་འོད་ཀྱིས་ཁེབས་པ་དང་ཚོན་མདངས་རྣམ་པར་བཀྲ་པའི་བཟི་ཉམས་ཀྱིས་ལོ་སར་བསུ་པའི་རྣམ་པ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།