དཔའ་ལུང་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱིས་བདེ་ཐང་འཛད་སྤྱོད་ལ་སྣེ་ཁྲིད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས8ཉིན། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས“གསོལ་སྟོན་འཛུམ་གྱིས་རོལ་བ”བརྗོད་དོན་ཡིན་པའི་བྱ་འགུལ་ལ་སྒོ་བྱང་བཀལ་པ་དང་བཟའ་བཏུང་གི་ལས་ཁུངས་ཞབས་ཞུའི་རྒྱུ་སྤུས་ལ་ཁག་ཐེག་དང་བདེ་ཐང་འཛད་སྤྱོད་ལ་སྣེ་ཁྲིད་བྱས་པ་རེད།

བྱ་འགུལ་ཁྲོད་དཔའ་ལུང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྫོང་ཡོངས་ཀྱི་བཟའ་བཏུང་ལས་རིགས་གཉེར་མཁན30ལྷག་གི་འགན་ཁུར་མི་སྣ་རྩ་འཛུགས་སྒོས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་། ཉིན་རྒྱུན་ལྟ་སྐུལ་དོ་དམ་ཁྲོད་ཀྱི་གནད་དོན་ལ་ཟུང་འབྲེལ་སྒོས་བཟའ་བཏུང་ཟས་རིགས་བདེ་འཇགས་ཀྱི་ལས་སྣོན་སྒྲིག་སྲོལ་རྒྱས་བཤད་བྱས། རྫོང་ཡོངས་ཀྱི་བཟའ་བཏུང་ལས་ཁུངས་དག་གིས་ཟས་རིགས་བདེ་འཇགས་བྱ་བའི་ངོས་འཛིན་མཐོར་འདེགས་སུ་བཏང་པ་དང་ཚོང་གཉེར་སྒྲིག་སྲོལ་ཅན་ཁྲིམས་སྲུང་གིས་ཟས་རིགས་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་བྱས། རིམས་ནད་འགོག་སྲུང་བྱ་བར་མཐོང་ཆེན་དང་བཟའ་བཏུང་ལས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་འགན་ལེན་བརྒྱད་དངོས་འབེབས་གསལ་བོར་བྱས། བྱ་འགུལ་ཁྲོད་དཔའ་ལུང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་བཟའ་བཏུང་ཞབས་ཞུའི་ལས་ཁུངས5ལ་འཛུམ་མདངས་ཀྱི་མཚོན་རྟགས་གནང་། བཟའ་བཏུང་ཞབས་ཞུའི་ལས་ཁུངས20ལ་འཛུམ་ལྷུག་གེར་དགོད་པའི་མཚོན་རྟགས་གནང་། ངོ་གདོང་འཛུམ་གྱིས་ཁེངས་པའི་མཚོན་རྟགས་འཐོབ་པའི་དཔའ་ལུང་རྫོང་རྨ་ཆུའི་ལྗང་སྒྱུར་སྐྱེ་ཁམས་གསར་སྤེལ་ཚད་ཡོད་ཀུང་ཟིའི་འགན་ཁུར་མི་སྣ་ཧན་ཞའོ་ཧྥུན་གྱིས་བཤད་རྒྱུར། “རྨ་ཆུའི་ལྗང་སྒྱུར་སྐྱེ་ཁམས་གླིང་ལ་ངོ་གདོང་འཛུམ་གྱིས་ཁེངས་བའི་མཚོན་རྟགས་ཐོབ་པ་ནི་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་དང་རྒྱ་ཆེའི་འཛད་སྤྱོད་མཁན་གྱིས་ང་ཚོའི་བྱ་བར་ངོས་འཛིན་ཐོབ་པ་ཡིན་པས། ང་ཚོས་མུ་མཐུད་དུ་འབྲེལ་ཡོད་སྡེ་ཁག་གི་མཛུབ་སྟོན་དང་རྒྱབ་སྐྱོར་འོག ཟས་རིགས་བདེ་འཇགས་དེ་གཙོ་བོར་བཟུང་ནས་འགོ་ཁུངས་རང་བཞིན་གྱི་དོ་དམ་དམ་འཛིན་སྒོས་བརྒྱུད་རིམ་ལ་དོ་དམ་ཚོད་འཛིན་ངང་འཛད་སྤྱོད་པ་དག་གིས་སེམས་བདེར་བབས་ནས་བཟའ་བཏུང་ལ་རོལ་ཆོག དེ་དང་ཆབས་ཅིག་སྤུས་ལེགས་རྒྱུན་འཁྱོངས་ངང་འཛད་སྤྱོད་པ་ལ་ཞབས་ཞུ་ཡིད་ཚིམས་པ་འདོན་སྤྲོད་ཀྱིས་དཔའ་ལུང་གི་བཟའ་བཏུང་ཞབས་ཞུའི་ཐད་ལ་མཚན་སྙན་གསར་སྐྲུན་བྱ་རྒྱུ་ཡིན”ཟེར།

མི་དམངས་ཟས་ལ་བརྟེན་པ་དང་ཟས་ལ་བདེ་འཇགས་གཙོ་བོ་ཡིན་ཟེར་བ་ནང་བཞིན། དཔའ་ལུང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་མེང་ཅིས་ལུང་གིས་གསར་འགོད་པས་བཅའ་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཟས་རིགས་བདེ་འཇགས་ནི་ཆེས་མ་མཐའི་དམངས་ཚིས་གནད་དོན་ཡིན་ལ། མི་དམངས་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་འབྲེལ་བ་དམ་པོ་ཡོད། ཟས་ལ་འཛུམ་མཁན་བཙལ་བའི་བྱ་འགུལ་སྤེལ་བ་བརྒྱུད་བཟའ་བཏུང་ཞབས་ཞུའི་ལས་རིགས་ཀྱི་ཚད་འཇལ་རིམ་བཀར་ངོ་གདོང་འཛུམ་གྱིས་ཁེངས་བའི་སྤྱི་བསྒྲགས་ལམ་ལུགས་ལག་བསྟར་སྒོས་དཔེར་མཚོན་སྣེ་ཁྲིད་ཀྱི་ཕན་འབྲས་ཆེས་ཆེར་བཏང་ཞིང་། མང་ཚོགས་ལ་སྣེ་ཁྲིད་ནས་འཛུམ་གྱིས་བཟའ་བཏུང་ལ་རོལ་བ་འཚོལ་བཤེར་ངང་། མང་ཚོགས་ཀྱི་བདེ་ཐང་འཛད་སྤྱོད་འདུ་ཤེས་ཆེས་ཆེར་བཏང་པ་དང་བཟའ་བཏུང་གི་ལས་སྣོན་སྒྲིག་སྲོལ་སྔར་ལས་མོད་པོ་ཞིག་གིས་ཁོར་ཡུག་གི་འཕྲོད་བསྟེན་ལེགས་པོ་དང་བྲོ་བ་སྔར་ལས་ལེགས་པའི་བཟའ་བཏུང་ཞབས་ཞུའི་ཁེ་ལས་ཤིག་འབུར་དུ་ཐོན་པར་བྱས་ནས། སྤྱི་ཚོགས་ཧྲིལ་བོར་མི་ཚང་མས་དོ་ཁུར་བྱེད་པའི་བཟའ་བཏུང་བདེ་འཇགས་ཀྱི་མཁའ་དབུགས་ལེགས་པོ་ཞིག་སྐྲུན་ཡོད།

དཔའ་ལུང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་མུ་མཐུད་དུ་ཟས་ལ་འཛུམ་གྱིས་རོལ་བའི་བྱ་འགུལ་སྤེལ་བ་དང་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་བྱ་འགུལ་ཧུར་ཐག་གིས་སྤེལ་ནས། རྒྱ་ཆེའི་འཛད་སྤྱོད་མཁན་དག་ལ་ཟས་ལ་འཛུམ་གྱིས་རོལ་བའི་བྱ་འགུལ་དེར་རྒྱུས་ལོན་དང་ངོས་འཛིན་གསལ་བོ་ཞིག་བྱེད་དུ་བཅུག་ཤིང་། བཟའ་བཏུང་ལས་རིགས་ཀྱི་བཟའ་བཏུང་གོ་རིམ་ཐད་ཀྱི་ཟས་རིགས་ཆེས་ཆེར་གཏོང་བ་མཐོར་འདེགས་བཏང་། ཆོས་ཉིད་དང་ཡིད་རྟོན་ཡོད་པའི་ཚོང་གཉེར་འདུ་ཤེས་ལ་ཤུགས་བསྣན་ནས་རྫོང་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།