ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་ལོ་སར་སྐབས་ཁམས་འདྲིའི་བྱ་འགུལ་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་མགོན་པོ་བཀྲ་ཤིས་དང་ཐུན་ཨ་ཚའེ། ལིས་ཅེ་ཞང་། ཝང་ཡུའུ་ཡན། ཡུའུ་ཚུན་ལི། མཱ་ཅིས་ཞའོ། ཡན་པའོ། ཁྲིན་རའེ་ཧྥུན། ལིག་ཀུའུ་ཕེན། ཝང་ལེ་མེན་སོགས་གྲོང་ཁྱེར་དང་ཁུལ་སོ་སོར་ཕྱིན་ཏེ་ཏང་ཕྱིའི་མི་སྣ་དང་ཆེད་མཁས་ཤེས་ལྡན་པ། འཚོ་བར་དཀའ་ཁག་ཆེ་བའི་ཏང་ཡོན ཏང་ཡོན་རྒན་པ། གཞུང་དོན་གྱི་ཆེད་ལ་སྐུ་གཤེགས་པའི་གཞི་རིམ་ལས་བྱེད་པའི་ཁྱིམ་མི། གཞི་རིམ་ལས་བྱེད་པ། སྡེ་བ་དང་གཞིས་ཁུལ་གྱི་རྐང་འཛིན་ལས་བྱེད་པ། མཚོ་སྔོན་དུ་སྡོད་པའི་དམག་དཔུང་། དཀའ་ཁག་གི་དབང་གིས་དམག་ཁོངས་ལས་བུད་པའི་དམག་མི། སྔོན་གཤེགས་དམག་མིའི་ཁྱིམ་མི། དམིགས་གསལ་གཟིགས་སྐྱོང་པ། དཀའ་ཁག་ཆེ་བའི་མང་ཚོགས། དབང་པོ་སྐྱོན་ཅན། ཁེ་ལས་དང་རིམ་པ་དང་པོའི་ལས་བཟོ་པ་བཅས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་བསྐྱལ་པ་རེད།

ཐུགས་ཁུར་དང་བརྩེ་སེམས་དྲོན་མོ་བསྣམས་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཚོས་ཏང་ཕྱིའི་མི་སྣ་ཝང་ཅན་དང་ཚའོ་ཧའེ་ལེན། ཝང་ཧྥ་ཁྲང་། ཝང་པེན། ལིས་ཅོན་ཆའོ། ཐང་ཞང་ཅོན། ལིས་ཉིང་ཧྲིན། ཀྲའོ་ཞི་ཕེན། བླ་མཁར་བློ་བཟང་བསྟན་པའི་དབང་ཕྱུག ཤར་ཚང་བསྟན་འཛིན་འཇིགས་མེད། བློ་བཟང་ལུང་རིགས། སྒར་བ་ངག་བཟང་བཟང་པོ། ལ་ཙུང་ཅིན། ཧན་ཀྲའོ་ཧའེ། ཧྲི་ཙི་ཡོན། འཇིགས་མེད་ཕུན་ཚོགས། ལིས་ཧྥང་རའེ། པའོ་ཝུའུ་ཀྲང་། ཚའེ་ཧའེ་ཕེན། ཝང་ཐུང་ལེན། དེ་མིན་ཆེད་མཁས་ཤེས་ལྡན་པའི་འཐུས་ཚབ་པ་ཝུའུ་ཐེན་ཡུའུ། ཝུའུ་ཀྲི་ཅན། ཕན་ཏེན། ཀྲའོ་ཧའེ་ཞིན། ཀྲའོ་ཧྲིན་ཞིའུ། ཀྲོའུ་ཀའོ་དབྱིན། ཆིས་ཏི་ལེན། ལིས་ཝན་ཐའེ། རིན་ཀང་། ཨེ་ཚོགས་ཆེན། ཝང་ཐུའུ་ཧུའུ། ཅ་ཡོན་ཀྲུང་བཅས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དག་གིས་ཐུགས་བརྩེ་བའི་ངང་ནས་བསམ་བློ་བརྗེ་རེས་ཀྱི་ཞལ་མོལ་བྱས་ཤིང་། ཁོ་ཚོའི་དཀའ་སྡུག་འབད་བརྩོན་གྱིས་སྒྲུབ་པའི་བྱ་བ་མཐའ་དག་ལ་བཀའ་དྲིན་ཞུས། ཁོ་ཚོས་འཇོན་ནུས་དང་ཤེས་ནུས་འདོན་སྤེལ་གང་ལེགས་སྒོས་སྲིད་དོན་ལ་གྲོས་སྡུར་བྱེད་རྒྱུར་ཟབ་ཞུགས་དང་བསམ་འཆར་འདོན་པའི་རེ་བ་བཅངས། འཚོ་བར་དཀའ་ཁག་ཆེ་བའི་ཏང་ཡོན་དང་ཏང་ཡོན་རྒན་པ། གཞུང་དོན་གྱི་ཆེད་ལ་སྐུ་གཤེགས་པའི་གཞི་རིམ་ལས་བྱེད་པའི་ཁྱིམ་མི། གཞི་རིམ་ལས་བྱེད་པ། སྡེ་བ་དང་གཞིས་ཁུལ་གྱི་རྐང་འཛིན་ལས་བྱེད་པ་བཅས་ལ་ཁམས་འདྲི་བྱེད་སྐབས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དག་གིས་ས་གནས་ལས་བྱེད་པས་དཀའ་ཁག་ཆེ་བའི་ཏང་ཡོན་དང་གཞུང་དོན་གྱི་ཆེད་དུ་སྐུ་གཤེགས་པའི་གཞི་རིམ་ལས་བྱེད་པའི་ཁྱིམ་མི་དག་གིས་དཀའ་ཁག་ཁྱད་གསོད་བྱས་ནས། ཏང་ཡོན་རྒན་པ། སྡེ་བ་དང་གཞིས་ཁུལ་གྱི་རྐང་འཛིན་རྒན་པ་དག་གིས་མུ་མཐུད་དུ་རང་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། གཞི་རིམ་ལས་བྱེད་པ་དག་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་འབྲེལ་ཟམ་འཛུགས་པའི་ཟམ་གདུང་དང་འཁོར་ལྟེ་བཟང་པོ་ཞིག་བྱ་དགོས་ཚུལ་བཏོན། མཚོ་སྔོན་དུ་སྡོད་པའི་དམག་དཔུང་དང་དམག་ཁོངས་ནས་བུད་པའི་དཀའ་ཁག་ཆེ་བའི་དམག་མི། སྔོན་གཤེགས་དམག་མིའི་ཁྱིམ་མི། དམིགས་གསལ་གཟིགས་སྐྱོང་སྐབས་སོགས་ལ་འཕྲད་སྐབས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཡིས་མཚོ་སྔོན་དུ་སྡོད་པའི་དམག་དཔུང་དང་དམག་དཔོན་དག་ལ་ལོ་སར་གྱི་ཁམས་འདྲི་དང་ལོ་སར་པའི་སྨོན་འདུན་ཞུས་ནས། མཚོ་སྔོན་དུ་སྡོད་པའི་དམག་དཔུང་མཐའ་དག་གིས་མཚོ་སྔོན་ས་ཁུལ་གྱི་འཛུགས་སྐྲུན་ལ་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་པ་མ་ཟད། དམག་ཁོངས་ནས་བུད་པའི་དཀའ་ཁག་ཆེ་བའི་དམག་མི་དང་སྔོན་གཤེགས་དམག་མིའི་ཁྱིམ་མི། དམིགས་གསལ་གཟིགས་སྐྱོང་མཁན་བཅས་ལ་ཐུགས་ཁུར་གནང་ནས། ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ཁག་ལ་རོགས་རམ་བྱས་ཏེ། རིམ་པ་སོ་སོའི་དམིགས་གསལ་སྲིད་ཇུས་སོ་སོ་ལག་བསྟར་དངོས་འབེབས་བྱས། དཀའ་ཁག་ཆེ་བའི་མང་ཚོགས་དང་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་ཁོ་ཚོའི་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དྲིས་པ་མ་ཟད། ཁོ་ཚོའི་བློ་བརྟན་འགྱུར་མེད་ལ་སྐུལ་འདེད་བཏང་སྟེ། རང་སྟོབས་རང་སྤེལ་གྱིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་རོགས་རམ་འོག དཀའ་སྡུག་ངལ་རྩོལ་གྱི་འཚོ་བ་མཛེས་སྡུག་ཅན་ཞིག་གསར་དུ་བསྐྲུན། ཁེ་ལས་དང་རིམ་པ་དང་པོའི་ལས་བཟོ་པ་དག་ལ་ཁམས་འདྲི་བྱེད་སྐབས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཡིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཕུལ་བའི་སྟོབས་ཤུགས་དང་རང་ཞིང་གི་སྤྱི་ཚོགས་འཕེལ་རྒྱས་ཐད་ཕུལ་བའི་བྱས་རྗེས་མཁན་གྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པ་བཀའ་དྲིན་ཞུས། ཁོ་ཚོའི་བློ་བརྟན་འགྱུར་མེད་ཀྱི་འཕེལ་རྒྱས་ཡིད་རྟོན་དང་སྟོབས་ཤུགས་གཅིག་བསྡུས་ངང་དེང་རབས་ཐོན་ལས་སྒྲིག་གཞི་ལ་འཕེལ་རྒྱས་ཀྱི་གནས་བབ་གསར་པ་ཞིག་གསར་སྐྲུན་གྱིས་ཁེ་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་པ་ལ་བཀའ་དྲིན་ཞུས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།