དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡི་བརྡ་ཐོ་གསར་ཤོས།

རང་རེའི་དྲ་བའི་འཕྲིན། རྒྱལ་ཁབ་ཀྱིས་བཏོན་པའི་ལུགས་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་མང་ཚོགས་ཀྱིས་ད་ཆའི་གནས་མལ་ནས་ལོ་སར་རྒྱུར་སྣེ་ཁྲིད་བྱེད་པའི་འབོད་སྐུལ་དང་ལེན་བྱས་ཏེ། ཚད་བཀག་ཆེས་ཆེ་བའི་སྒོ་ནས་མིའི་འགྲོ་འོང་ཇེ་ཉུང་དང་རིམས་ནད་འགོ་བའི་ཉེན་ཁ་དོན་དངོས་ཐོག་ཇེ་ཆུང་དུ་གཏང་ཆེད། ཟླ་དང་པོའི་ཚེས26ཉིན། དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡི་བརྡ་ཐོ་བཏང་སྟེ། ཟླ་དང་པོའི་ཚེས27ནས་ཟླ3པའི་ཚེས8བར་ལ་ལོ་སར་སྐབས་ཀྱི་གནམ་གྲུ་པཱ་སེ་མངགས་ཉོ་བྱེད་མཁན་ཚང་མས། རིན་མེད་སྒོས་པཱ་སེ་ཕྱིར་སློག་པའམ་ཐེངས་གཅིག་ལ་ཟླ་ཚེས་བཟོ་བཅོས་བྱས་ཆོག་པའི་བླང་བྱ་ཁྱབ་སྒྲོག་བྱས་འདུག

གཅིག ཟླ་དང་པོའི་ཚེས28ནས་ཟླ2པའི་ཚེས3བར་པཱ་སེ་མངགས་ཉོ་བྱས་ཟིན་པའི་འགྲུལ་པས། ཟླ་དང་པོའི་ཚེས27ཉིན་གྱི་ཆུ་ཚོད0ནས་གནམ་གྲུ་ཤར་གཏོང་མ་བྱས་སྔོན་ལ་པཱ་སེ་ཕྱིར་སློག་པའམ་ཟླ་ཚེས་ལ་བཟོ་བཅོས་བྱེད་པའི་རེ་ཞུ་བརྒྱབ་ཆོག

གཉིས། ཟླ2པའི་ཚེས4ནས་ཟླ3པའི་ཚེས8བར་པཱ་སེ་མངགས་ཉོ་བྱས་པའི་འགྲུལ་པས། ཟླ་དང་པོའི་ཚེས27ཉིན་གྱི་ཆུ་ཚོད0ནས་གནམ་གྲུ་ཤར་གཏོང་མ་བྱས་སྔོན་གྱི་ཉིན7རིང་ལ་པཱ་སེ་ཕྱིར་སློག་པའམ་ཟླ་ཚེས་ལ་བཟོ་བཅོས་བྱེད་པའི་རེ་ཞུ་བརྒྱབ་ཆོག

གསུམ། ཟླ་དང་པོའི་ཚེས27ཉིན་གྱི་དགུང་མོའི་ཆུ་ཚོད12ཀྱི་སྔོན་ལ་པཱ་སེ་ཕྱིར་སློག་པའམ་ཟླ་ཚེས་ལ་བཟོ་བཅོས་བྱེད་པར་རེ་ཞུ་བྱས་ཟིན་པའི་འགྲུལ་པས་ཐེངས་འདིའི་སྲིད་ཇུས་སྤྱོད་མི་ཆོག

ལོ་ཙཱ་པ། ལྷ་ཆེན་རྒྱལ།