གཅིག་སྤྱོད་ཁ་ཐུམ་གྱི་བཀོལ་སྟངས་ཡང་དག

ད་ལྟ་འཚོ་བའི་ཁྲོད་ཁ་ཐུམ་ནི་མི་ཚང་མ་ཕྱི་རོལ་ཏུ་འགྲོ་དུས་ངེས་པར་དུ་དགོས་གལ་ཆེ་བའི་མཁོ་དངོས་སུ་གྱུར་ཡོད་མོད། འོན་ཀྱང་ཁ་ཐུམ་བརྒྱབ་པ་ཙམ་གྱིས་ནད་དུག་ཕྱི་རོལ་ཏུ་འགོག་སྲུང་བྱེད་ཐུབ་པའི་ནུས་པ་མེད་པས། ནོར་འཁྲུལ་གྱི་གོམས་གཤིས་ཀྱིས་ནད་དུག་གི་བཙན་འཛུལ་ལ་གོ་སྐབས་སྤྲོད་སྲིད་པས། གཤམ་ནས་ཁ་ཐུམ་གྱི་བཀོལ་སྟངས་ཡང་དག་བཞི་ངོ་སྤྲོད་བྱ་རྒྱུ་ཡིན།

གཅིག ལག་པས་རེག་ཐུག་བྱེད་པ།

1.ལག་པ་ཁ་ཐུམ་གྱི་ཕྱི་ངོས་ལ་རེག་རྗེས་ཡང་བསྐྱར་མིག་ཟུང་སོགས་ཤ་ལ་རེག་ན་འགོས་ནད་ཁྱབ་པའི་ཉེན་ཁ་ཆེ་བས། ཡང་དག་པའི་བཀོལ་སྟངས་ནི་ཁ་ཐུམ་སྙོམས་སྒྲིག་བྱས་རྗེས་ལག་པས་རེག་ཐུག་མི་བྱེད་པ་དང་ལག་པས་རེག་ཐུག་བྱས་རྗེས་ལག་པ་གཙང་མར་བཀྲུ་དགོས།

2.ཁ་ཐུམ་མ་བརྒྱབ་པའི་ཡར་སྔོན་དུ་ལག་པའི་འཕྲོད་བསྟེན་དང་གཙང་སྦྲ་ལ་མཉམ་འཇོག་བྱ་དགོས་ཤིང་ལག་པ་བརྒྱུད་དེ་ནད་དུག་འགོ་བའི་ཉེན་ཁ་ཆེ་བས། ཁ་ཐུམ་མ་བརྒྱབ་པའི་ཡར་སྔོན་དུ་ལག་པ་གཙང་མར་བཀྲུ་དགོས། གལ་ཏེ་ལག་པ་བཀྲུ་རྒྱུར་སྟབས་བདེ་མིན་ཚེ་ལག་བཀྲུ་གཤེར་ཁུས་ལག་པ་གཙང་མར་འཕུར་འཕུར་བྱ་དགོས།

གཉིས། ཁ་སྣ་སོགས་ཕྱིར་མངོན་པ།

1.པྲོག་གསར་ནད་དུག་གི་འགོས་ཁྱབ་གཙོ་བོ་ནི་མཆིལ་ཟེགས་དང་ཐུག་འཕྲད་ལས་ཕན་ཚུན་འགོ་བཞིན་ཡོད་ལ། སྣ་མ་བཏུམས་ཚེ་འགོས་ནད་བྱུང་བའི་ཉེན་ཁ་ཧ་ཅང་ཆེ་པས། ཡང་དག་པའི་ཐབས་ལམ་ནི་ཁ་ཐུམ་གྱིས་ཁ་སྣ་གཉིས་ཀ་བཏུམས་པ་དང་ལྕགས་སྐུད་དེ་སྣ་གདོང་གི་དབྱིབས་ལྟར་དམ་འགེབས་བྱ་དགོས།

2.ཁ་ཐུམ་མ་ནེ་སྟེང་དེད་ན་ཁ་ཐུམ་ནང་ངོས་ལ་མ་ནེ་འོག་གི་མི་གཙང་པ་འགོས་ཡོད་ལ་དེའི་འཕྲོར་ཁ་ཐུམ་ཡང་བསྐྱར་བརྒྱབ་པ་ན་ནད་དུག་ཕོགས་པའི་ཉེན་ཁ་ཆེ་པས། གནས་སྐབས་ཁ་ཐུམ་ལེན་དགོས་ཚེ་མ་ནེ་འོག་ཏུ་མར་འཐེན་མི་རུང་བར་ལེན་དགོས།

གསུམ། ཁ་ཐུམ་ལེན་པ།

1.ཁ་ཐུམ་ཕྱི་ངོས་སུ་འབུ་ཕྲ་དང་ནད་དུག་གང་མང་ཡོད་པས། ཁ་ཐུམ་ལེན་སྐབས་ལག་པ་གཉིས་ཀ་ཁ་ཐུམ་གྱི་ཕྱི་ངོས་སུ་ཐུག་པ་ན་ནད་དུག་འགོ་པའི་ཉེན་ཁ་ཆེ་བས། ཁ་ཐུམ་ལེན་སྐབས་ཁ་ཐུམ་གྱི་ལུང་བུར་ཐུག་ནས་ལེན་པ་ལས་ཁ་ཐུམ་གྱི་ཕྱི་ངོས་ཧྲིལ་བོར་ལག་པ་ཐུག་ནས་ལེན་མི་རུང་།

2.སྣ་སྦྲིད་དང་གློ་ལུ་རྒྱག་སྐབས་འབུ་ཕྲ་དང་ནད་དུག་གཞན་ལ་བགོ་སྲིད་པས། གཙང་ཤོག་གིས་ཁ་སྣ་དགབ་དགོས། གཙང་ཤོག་མེད་དུས་གྲུ་ཚིགས་སོགས་ཀྱིས་ཁ་སྣ་བཏུམ་དགོས།

བཞི། ཁ་ཐུམ་གྱི་འཇོག་སྟངས།

1.ལྭ་བའི་ཁུག་མ་དང་ལག་འཁྱེར་ཁུག་མའི་ནང་དུ་ནམ་རྒྱུན་དངོས་པོ་འདྲ་མིན་འཇོག་དགོས་པས། ཁ་ཐུམ་དེའི་ནང་དུ་བཞག་ན་ནད་དུག་འགོ་སླ་ལ་དེའི་འཕྲོར་ཁ་ཐུམ་ཡང་བསྐྱར་བརྒྱབ་པ་ན་ལུས་ལ་ནད་དུག་ཕོགས་སྲིད་པས། ཕྱི་རོལ་ཏུ་འགྲོ་སྐབས་ཁ་ཐུམ་འཇོག་སའི་ཁུག་མ་ཞིག་གྲ་སྒྲིག་བྱེད་དགོས་ཤིང་ཁ་ཐུམ་རྒྱག་མི་དགོས་དུས་ཁ་ཐུམ་གཞུང་ལྟེབས་ཀྱིས་ཁ་ནང་དུ་བཅུག་ནས་ཁུག་མའི་ནང་འཇོག་དགོས།

2.གལ་ཏེ་ཡུལ་ནས་ཁ་ཐུམ་ཅོག་སྒམ་སྟེང་ཁ་མར་བསྐོར་ནས་བཞག་ན་ཚན་རིག་དང་མི་མཐུན་པས། ཡུལ་ནས་ཁ་ཐུམ་འཇོག་དུས་ལྭ་བ་འགེལ་ས་རུ་འགེལ་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།