གླ་ཆད་འགྱངས་མེད་པར་ལག་ཏུ་སོན། དགུན་གྲང་ངར་ཆེ་ཡང་སེམས་པ་དྲོ།

མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་འཛུགས་སྐྲུན་གྱི་ཡུལ་དངོས།

ལྟ་ཞིབ་སྡེ་ཚན་གྱི་རོགས་རམ་འོག་ཞིང་པ་ཞོར་ལས་པས་གླ་དངུལ་ཆད་པ་རྣམས་དུས་ལྟར་ལག་སོན་བྱུང་བ།

ངལ་རྩོལ་ལྟ་ཞིབ་སྡེ་ཚན་གྱིས་ཞིང་པ་ཞོར་ལས་པའི་གླ་དངུལ་ཆད་འགྱང་བྱས་ཡོད་མེད་ལ་ཁྲིམས་ལྟར་ཞིབ་བཤེར་བྱེད་པའི་ཚུལ།

ཁྲེན་ཁྲུན་ཅའེ་ཡིས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ངལ་རྩོལ་ལྟ་ཞིབ་ཅུས་ལ་དཔེ་ལེགས་དར་ཆུང་སྒྲོན་པ།

ཞིང་པ་ཞོར་ལས་པ་ནི་གྲོང་ཁྱེར་འཛུགས་སྐྲུན་མཁན་དང་སྐུལ་འདེད་མཁན་གལ་ཆེན་དུ་ཆགས་ཡོད་ཕྱིར། ཁོ་ཚོས་གླ་ཕོགས་དུས་ལྟར་ལེན་ཐུབ་རྒྱུ་ནི་རྒྱ་ཆེའི་ཞིང་པ་ཞོར་ལས་པའི་རྩ་བའི་ཁེ་ཕན་དང་། སྤྱི་ཚོགས་འདྲ་མཉམ་དྲང་བཞག་དང་འཆམ་མཐུན་གཏན་འཇགས་ཡོང་བར་འབྲེལ་བ་དམ་པོ་ཡོད། དེ་བས་དམངས་ཚིས་ཀྱི་མ་མཐའི་ཁེ་ཕན་དམ་སྲུང་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་གླ་དངུལ་ཆད་འགྱང་གི་རྩ་བའི་གནད་དོན་བཅོས་སྐྱོང་ལ་སྐུལ་འདེད་དང་། ཁྱབ་ཁོངས་གཙོ་བོ་དག་གི་ལྟ་རྟོག་ལ་ཤུགས་སྣོན། བྱེད་པོའི་རང་འགན་དོན་འཁྱོལ་ཕན་ལྡན། གླ་ཆ་སྤྲོད་སྟངས་ཚད་ལྡན་བཅས་སུ་བཏང་སྟེ། ཞིང་པ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཏན་ཏིག་བྱས།

ལྷག་པར་དུ 《ཞིང་པ་ཞོར་ལས་པའི་གླ་དངུལ་སྤྲོད་ལེན་གྱི་འགན་སྲུང་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་པ་དང་བསྟུན་ནས་ལས་གཞི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་ཞིང་། གླ་དངུལ་ཆད་འགྱང་གི་གཏུག་ཞུ་སྟབས་བདེར་བཟོས་ནས་དེ་ལྟ་བུའི་སྲོལ་ངན་བཅོས་སྐྱོང་སྲིད་ཇུས་མི་སེམས་སུ་སྐུལ་བ་སོགས་བྱེད་ཐབས་ཕན་ལྡན་རབ་དང་རིམ་པ་སྤྱད་དེ། སྤྱི་ཚོགས་ཡོངས་སུ་མཉམ་འཛིན་མཉམ་སྐྱོང་གི་རྣམ་པ་བཟང་པོ་ཆགས་པ་དང་། ཞིང་པ་ཞོར་ལས་པའི“གླ་དངུལ་ཆད་འགྱང་གི་སེམས་ཁྲལ”ཡོངས་སུ་སེལ་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་བར་བློ་མིག་གཅིག་ཏུ་ཕྱོགས་ནས་ལག་རྗེས་འཇོག་པར་བྲལ་ཡོད།

2021ལོའི་ལོ་སར་བསླེབ་ལ་ཉེ་བའི་དུས་འདིར། མཚོ་སྔོན་དུ་ཞོར་ལས་ལ་གཞོལ་མཁན་ཞིང་པ་ཞོར་ལས་པ་རྣམས་གཅིག་རྗེས་གཉིས་འཕྲོར་ཕ་ཡུལ་ལ་ལོག་པའི་ལམ་ལ་ཆས་འགོ་བརྩམས་ཡོད་པས། དུས་འདི་ལ་ཁོ་ཚོའི་སེམས་པ་སྤྲོ་སྣང་གིས་བརྟས་ཤིང་། རྡོག་ཁྲེས་ཡིད་ཚིམ་པོ་ཞིག་ཁུར་ནས་ཕ་ཡུལ་ལ་ལོག་པར་སྨོན།

ཞིང་པ་ཞོར་ལས་པའི་གླ་ཆ་སྤྲོད་ལེན་འགན་སྲུང་བྱ་བ་ནི་དམངས་ཚིས་ལས་གཞི་ཞིག་ཡིན་ལ། ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཡང་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཞིང་པ་ཞོར་ལས་པའི་གླ་ཆ་སྤྲོད་ལེན་ལ་མཐོང་ཆེན་ཚད་མེད་གནང་སྟེ། ལམ་ལུགས་ཀྱི་སྣེ་འཁྲིད་ལ་ཤུགས་བསྣན་པ་དང་། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དོན་ཐོག་འཁྱོལ་བར་སྐུལ་འདེད་བཏང་། ལྷག་པར་དུ་ཞིང་པ་ཞོར་ལས་པའི་གླ་ཕོག་དུས་ལྟར་སྤྲོད་པའི་འགན་སྲུང་བྱ་བ་དེང་གི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་དུ་བཟུང་ནས་དམ་འཛིན་ནན་འཛིན་བྱས་པ་དང་ཆབས་ཅིག་ཏུ། འགན་སྲུང་བྱ་བ་དེ་གྲོང་ཁྱེར(ཁུལ)གྱི་ཏང་སྲིད་འགོ་ཁྲིད་པའི་དཔྱད་ཞིབ་དམིགས་འབེན་ཁྲོད་བླངས་ནས“བཀོད་འདོམས་དབྱུག་པ”ཡི་ནུས་པ་གང་ལེགས་བཏོན་ཏེ། ས་གནས་ཁག་གི་མཐོང་ཆེན་གྱི་ཚད་སྔར་བས་ཇེ་ཆེར་སོང་ཡོད་པ་དང་། དག་ཐེར་དམ་འཛིན་བྱས་ནས་ལས་ཀར་སྐུལ་འདེད་ལེགས་པོ་བྱས།

2020ལོའི་ཟླ11པའི་ཟླ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་གྱོད་ཐོར་བཀོད་ཅིང་ཐག་གིས་བཅད་པའི་ཞིང་པ་ཞོར་ལས་པའི་གླ་དངུལ་ཆད་འགྱང་གི་གྱོད་དོན709དང་། ཞིང་པ་ཞོར་ལས་པར་ཆད་འགྱང་བྱས་ཡོད་པའི་གླ་དངུལ་དུང་ཕྱུར1.1བདའ་འདེད་བྱེད་རོགས་བྱས་ནས་ཞུ་གཏུག་གྱོད་དོན་ཐག་བཅད་ཚད100%ལ་བསླེབས་པ་དང་། ཆད་འགྱང་གི་གྱོད་གྲངས་དང་། མི་གྲངས། མ་དངུལ་སོགས་ཇེ་ཉུང་དུ་སོང་ནས་གླ་དངུལ་ཆད་འགྱང་གི་གནད་དོན་རྩ་བཅོས་ཕྱོགས་ནས་དཀའ་གནད་མི་མྱོང་བ་ཞིག་སེལ།

“ཞབས་ཞུ་རྒྱང་ནས་སྒྲུབ”ཏེ་གྱོད་དོན་ལྟ་སྐུལ་གྱི་སྒོ་ནས་ཐག་བཅད།

“གླ་འདེད་ཁེ་སྲུང་མི་སེམས་དྲོ། དཀའ་སེལ་སེམས་གསོ་ནང་མི་འདྲ། ”ཟླ1ཚེས5ཉིན་སི་ཁྲོན་གྱི་ལས་བཟོ་པ་ཁྲེན་ཁྲུན་ཅའེ་ཡིས་གྲོགས་པོར་གཟེངས་རྟགས་དར་ཆ་དེ་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་ངལ་རྩོལ་ལྟ་ཞིབ་ཅུས་ལ་སྤྲོད་དགོས་ཀྱི་མངག་བཅོལ་གནང་། ཁོས་མཚོ་སྔོན་ཞིང་ཆེན་ངལ་རྩོལ་ལྟ་ཞིབ་ཅུས་ཀྱི་ལས་བྱེད་པས་རོགས་རམ་འོག་ལོ་གཉིས་ལ་ཆད་འགྱང་བྱས་པའི་གླ་དངུལ་ཆ་ཚང་ལེན་ཐུབ་སོང་བས་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།

2018ལོར། ཁྲེན་ཁྲུན་ཅའེ་ནི་ཤིན་ཅང་ཧ་ལ་སུའུ་ཟངས་གཏེར་འདེམས་ཐོན་ལས་གཞིའི་ལས་བཟོ་བ་ཞིག་ཡིན་ཞིང་། ལས་གཞི་དེ་ནི་མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་སྒྲིག་སྦྱོར་ལས་གཞི་ཚད་ཡོད་འགན་ལེན་ཀུང་སིའི་འགན་གཙང་ལེན་བྱས་ནས་བསྐྲུན་པ་ཞིག་ཡིན། 2018ལོའི་ཟླ12པར་ལེགས་འགྲུབ་བྱུང་མོད། ཁྲེན་ཁྲུན་ཅའེ་ཡི་སྒོར་ཁྲི་ལྔ་ཡི་གླ་ཆ་དེ་ད་བར་དུ་ལག་སོན་མ་བྱུང་། བར་སྐབས་དེར་ཁོ་རང་ཐེངས་དུར་མར་སྦྱིན་བདག་ཚུའེ་ཆེ་གེ་མོར་བར་འབྲེལ་བ་བྱས་ཀྱང་ངལ་བ་འབྲས་མེད་དུ་གྱུར་བ་དང་། ཐབས་ཟད་འུ་ཐུག་གི་ངང་ནས་མི་དམངས་དྲ་བའི“འགོ་ཁྲིད་ལ་བསམ་འཆར་འདོན་ས”ནས་རེ་བ་བཏོན།

མཚོ་སྔོན་ཞིང་ཆེན་ངལ་རྩོལ་ལྟ་ཞིབ་ཅུས་ཀྱི་ལས་བྱེད་པའི་ལག་ཏུ་བསམ་འཆར་དེ་འབྱོར་རྗེས། འཕྲལ་མར་རྟོག་ཞིབ་བྱས་ནས་བདེན་དཔང་བཙལ་བ་ན་གནས་ཚུལ་ངོ་མ་ཡིན་པ་ལམ་སེང་རྩད་གཅོད་བྱུང་། ཡིན་ན་ཡང་གླ་དངུལ་དེ་ལམ་སང་ཁོའི་ལག་ཏུ་འབྱོར་རྒྱུ་ཁག་པོ་རེད།

གླ་དངུལ་ཆད་འགྱང་དུ་འཇོག་མཁན་ནི་མཚོ་སྔོན་གྱི་ཁེ་ལས་ཡིན་ན་ཡང་། གྱོད་དོན་དེ་ཁོངས་གཏོགས་དོ་དམ་ལས་ཁུངས་ཀྱི་དོ་དམ་ཁྱབ་ཁོངས་སུ་གཏོགས་པ་མ་གཞི་ནས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁུར་དགོས་པ་རེད།  སྤྱིར་རྒྱུན་ལྡན་གྱི་གོ་རིམ་ལྟར་ན། ཤིན་ཅང་ངལ་རྩོལ་ལྟ་ཞིབ་ལས་ཁུངས་ཀྱིས་མཚོ་སྔོན་ཕྱོགས་ལ་སྒྲུབ་རོགས་བྱེད་དགོས་ཀྱི་རེ་བ་བཏོན་རྗེས་ད་གཟོད་ང་ཚོས་བསྒྲུབ་ཆོག་པ་རེད།

མཚོ་སྔོན་ཞིང་ཆེན་ངལ་རྩོལ་ལྟ་ཞིབ་ཅུས་ཀྱི་རོགས་རེས་འོག 2020ལོའི་ཟླ12ཚེས30ཉིན་ཏེ་ཁྲེན་ཀྲུན་ཅའེ་ཡིས་མི་དམངས་དྲ་བར་རེ་བ་ཞུས་རྗེས་ཀྱི་ཉིན་གསུམ་པ་ཡིན་ལ། ཉིན་དེར་ཆད་འགྱང་བྱས་པའི་གླ་ཆ་སྒོར་ཁྲི5ཆ་ཚང་ཁོའི་ལག་ཏུ་སོན་པ་རེད།

ཁྲེན་ཁྲུན་ཅའེ་ཡི་ཆད་དངུལ་ལག་སོན་བྱུང་བའི་དོན་བྱ་དེའི་རྒྱབ་ལོགས་སུ་མཚོ་སྔོན་ཞིང་ཆེན་ངལ་རྩོལ་ལྟ་ཞིབ་དྲ་བ་ཅན་གྱི་ལྟ་སྐུལ་དོ་དམ་གྱིས་རམ་འདེགས་ཤུགས་ཆེན་བྱས་ཡོད། ཆ་འཕྲིན་གྱི་རྒྱབ་སྐྱོར་འདི་ལྟ་བུ་ལ་བརྟེན་ནས་ལམ་སེང་གླ་དངུལ་ཆད་འགྱང་གི་གནད་དོན་སྐོར་ནས་བསམ་འཆར161བཏོན་ཡོད་པ་རེ་རེ་ལ་ལན་སྤྲད་དེ་ཐག་བཅད་པར་མ་ཟད། དེར་ཆེད་བསྐོས་འགན་འཁུར་བ་བཞག་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་སྐུལ་ཞིབ་བཤེར་དང་། མི་ཤུགས་ཐོན་ཁུངས་པུའུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་སྐོར་ཞིབ་འཁྲིད་སྟོན་ལ་སོགས་ཀྱི་འབྲེལ་ཡོད་གྱོད་དོན་སྣ་ཚོགས་ཀྱི་ཁུངས་སྣེའི་ཐོ་ཡིག་བཟོས་ནས་ཞིབ་བཤེར་ནན་ཏན་དང་ཁྲིམས་བཞིན་ཐག་གཅོད། དུས་ལྟར་རྗེས་འདེད་བྱས་ནས་ལོ་ཧྲིལ་བོར་རིམ་པ་ཁག་གིས་ལྟ་སྐུལ་བྱས་ནས་བསྒྲུབས་པའི་གྱོད་དོན152ཐག་གཅོད་བྱས་ཡོད་ལ། མང་ཚོགས་ཀྱིས་བསམ་འཆར་བཏོན་པའི“གླ་ཆའི”སེམས་ཁྲལ་རེ་རེ་སེལ།

2020ལོའི་ལོ་མགོར། མཚོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་ནས་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཆ་འཕྲིན་ཅན་དོ་དམ་གཅིག་གྱུར་མ་ལག་སྤྱད་རྗེས། ཆ་འཕྲིན་འཚོལ་སྡུད་དང་། གྱོད་དོན་རྩད་ཞིབ། ཉིན་རྒྱུན་སྐོར་ཞིབ་དང་ལྟ་སྐུལ་དོ་དམ་ལ་རམ་འདེགས་ནུས་ལྡན་འདོན་སྤྲོད་བྱེད་ཐུབ་པས། ཞིང་ཆེན་ཡོངས་ཀྱི་ཞུ་གཏུག་གྱོད་གཞི་མཉམ་འབྲེལ་ཐོག་ཐག་གཅོད་བྱེད་པར་སྟབས་བདེ་བསྐྲུན། 2020ལོར་མ་ལག་དེ་ལས་ཞུ་གཏུག་གྱོད་དོན35ཐག་གཅོད་བྱས་ནས་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཞབས་ཞུ་དམངས་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་།

“མིང་ཐོ་ནག་པོ”ཁྱབ་སྒྲོག་བྱས་ནས་ཡིད་རྟོན་མེད་པར་ཁྲིམས་ཆད་བཅད།

2020ལོའི་ཟླ4ཚེས10ཉིན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ལ་ཞུ་གཏུག་འབྱོར་དོན། མཁར་ཤར་ཁུལ་གྱི་མེ་ཏོག་གླིང་གཞིས་ཁུལ་གྱི་ལྷོ་ལམ་དུ་ཡོད་པའི་མཚོ་སྔོན་པའོ་ཧྭ་ཚོང་དོན་མགྲོན་ཁང་ཚད་ཡོད་ཀུང་སི་དང་། མཚོ་སྔོན་པའོ་ཧྭ་བཟའ་བཏུང་ཞབས་ཞུ་ཚད་ཡོད་ཀུང་སི་གཉིས་ཀྱིས་ཞིང་པ་ཞོར་ལས་པའི་གླ་དངུལ་ཆད་འགྱང་བྱས་པའི་གནས་ཚུལ་ཞུས་སོང་། རྩད་ཞིབ་བྱས་པ་བརྒྱུད་ཀུང་སི་དེ་གཉིས་ཀྱིས་འཕགས་མོ་སྒྲོལ་མ་སོགས་ཞིང་པ་ཞོར་ལས་པ36གི་གླ་ཆ་སྒོར་ཁྲི15.8ཆད་འགྱང་བྱས་ཡོད་པ་དང་། ཡའོ་ཆེ་གེ་མོ་ནི་ཀུང་སི་དེ་གཉིས་ཀྱི་མ་དངུལ་འཇོག་མཁན་རེད།

འབྲེལ་ཡོད་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར། མཁར་ཤར་ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་ཀུང་སི་དེ་གཉིས་ལ《ངལ་རྩོལ་འགན་སྲུང་ལྟ་ཞིབ་བྱེད་འགན་དཀྲི་རྒྱུའི་ཆོད་ཡིག》བཀྲམས། ཡིན་ན་ཡང་ཀུང་སིའི་འགན་འཁུར་བ་ཡའོ་ཆེ་གེ་མོས་ཆོད་ཡིག་སྣང་མེད་དུ་བསྐྱར་ནས་སྤྲད་མ་སོང་། རྒྱལ་བོའི་བཀའ་ལས་དབྱུག་པའི་བཙན་ཞེས་པའི་དཔེ་ལྟར། ཕྱིས་མཁར་ཤར་ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་དུ་གྱོད་དོན་དེ་ངལ་རྩོལ་གླ་ཆ་བསམ་བཞིན་དུ་མི་སྤྲོད་པའི་ཉེས་ངོས་ནས་སྤྱི་བདེ་ལས་ཁུངས་ལ་སྤྲད་པ་དང་། ཟླ 5ཚེས20ཉིན་ཡའོ་ཆེ་གེ་མོས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་ཤར་ཁུལ་ཡན་ལག་ཅུས་ནས་ཆད་འགྱང་བྱས་པའི་གླ་ཆ་ལྷག་ལུས་མེད་པར་སྤྲད་པས། ཉེས་ཁྲིམས་ཀྱི་ཆད་པ་འཁུར་མ་དགོས་པ་རེད།

ཡིན་ན་ཡང《ཞིང་པ་ཞོར་ལས་པའི་གླ་ཆ་སྤྲོད་པའི་འགན་སྲུང་སྲོལ་ཡིག》གི་གཏན་འབེབས་ལྟར་ན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱིས་ཀུང་སི་དེ་གཉིས་དང་འགན་འཁུར་བ་ཡའོ་ཆེ་གེ་མོ་ཞིང་པ་ཞོར་ལས་པའི་གླ་ཆ་ཆད་འགྱང་གི“མིང་ཐོ་ནག་པོར”བཞག་སྟེ་“ཡིད་རྟོན་ཀྲུང་གོ”ཞེས་པའི་དྲ་ཚིགས་སུ་ཁྱབ་སྒྲོག་བྱས་ནས་ཆད་བཅད་བསླབ་འདོམས་བྱས།

2020ལོའི་རིང་ལ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་གིས་སྔ་གཞུག་ཏུ་སྤྱི་ཚོགས་ཡོངས་ལ་ཐེངས་གསུམ་དུ་ཞིང་པ་ཞོར་ལས་པའི་གླ་ཆ་ཆད་འགྱང་གི་དཔེ་མཚོན་གྱོད་གཞི12ཁྱབ་སྒྲོག་བྱས་པ་དང་། ཡིད་རྟོན་ཤོར་བ་ཚབས་ཆེ་བའི་ཁེ་ལས6དང་། མི2“མིང་ཐོ་ནག་པོའི”ནང་བཞག་པ་མ་ཟད། “ཡིད་རྟོན་ཀྲུང་གོ”ཡི་འཕྲིན་སྟེགས་སུ་བསྐུར་ནས་ཆད་བཅད་བསླབ་འདོམས་བྱས། དེ་ལྟར་བྱེད་ཐབས་རབ་དང་རིམ་པས་མི་བཀོལ་ལས་ཁུངས་ལ་འཇིགས་སྣང་བསྐྱེད་པ་དང་། ཞིང་པ་ཞོར་ལས་པས་ཁེ་ལས་ཀྱི་ལུགས་མིན་སྤྱོད་ངན་འགོག་པའི“སྲུང་རགས”བསླངས།

དེ་དང་ཆབས་ཅིག་ཏུ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་གིས་སྡེ་ཚན་མང་པོར་མཉམ་འབྲེལ་གྱི་སྒོ་ནས་ཁྲིམས་ལུགས་ལག་བསྟར་བྱས། ལྷག་པར་དུ་ལོ་རྔ་ཟླ་རྔ་ཡི་གནད་འགག་གི་དུས་འདི་ལ་གླ་དངུལ་ཆད་འགྱང་རྩ་བཅོས་ཀྱི་ཆེད་དོན་བྱ་འགུལ་སྤེལ་ཏེ། ལས་གཞི་འཛུགས་སྐྲུན་གྱི་སྒང་དང་ལས་གཞི་བསྐྲུན་ཚར་རྗེས་སུ་ད་དུང་གླ་དངུལ་ཆད་འགྱང་བྱས་ཡོད་པའི་གནས་ཚུལ་གཙང་བཤེར་ནན་མོ་བྱས། ད་སྔའི་བར་དུ་འཛུགས་སྐྲུན་ལས་གཞི936དང་། གླ་ཆ་ཆད་འགྱང་དང་འབྲེལ་བའི་ལས་གཞི222བཅས་ལ་ཞིབ་བཤེར་བྱས། སྲིད་གཞུང་གིས་མ་དངུལ་གཏོང་འཇོག་བྱས་པ་དང་། རྒྱལ་དབང་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་ཀྱིས་མ་དངུལ་བཏང་བའི་ཁེ་ལས་ལས་གཞིར“གཙང་བཤེར”བྱས་ནས་ཞིང་པ་ཞོར་ལས་པ3415ཡི་གླ་ཆ་ཁྲི3396འདེད་རོགས་བྱས།

གླ་དངུལ་ཆད་འགྱང་གནད་དོན་གྱི་འབྱུང་རྩ་མེད་པར་བཟོ་ཆེད། 2021ལོའི་ལོ་སར་གྱི་སྔུན་ལ་མཚོ་སྔོན་ཞིང་ཆེན་གྱིས་བཟོ་སྐྲུན་ལས་རིགས་དང་། མི་བཀོལ་ལས་ཁུངས་ཀྱི་གླ་ཆ་སྤྲོད་ཚུལ་སྐོར་ནས་ཞིབ་བཤེར་བྱས་ཤིང་།གཙོ་བོ་མ་ལག་གི་ཨང་རྟགས་འདེམས་པའི་ལམ་ནས་ཁྲིམས་བསྟར་བ26དང་ཁེ་ལས་པ176བདམས་ཏེ་རིམ་པ་བཞིན་ཞིབ་བཤེར་བྱས་པ་དང་། འདེམ་བཤེར་གྱི་མཇུག་འབྲས་ལམ་སེང་རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་སྤྱི་བསྒྲགས་མ་ལག་ཏུ་བཀོད་ནས་ཀུན་ལ་བསྒྲགས།

ང་ཚོས་སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་སོགས་ལས་རིགས་གཙོ་འགན་སྡེ་ཁག་བར་འབྲེལ་འདྲིས་ཧུར་ཐག་བྱས་ཏེ། ཞིང་པ་ཞོར་ལས་པའི་གླ་དངུལ་སྤྲོད་ལེན་བྱ་བ་དེ་ཁེ་ལས་ཡིད་སྟོན་དཔྱད་ཞིབ་དོ་དམ་ཁྲོད་བླངས་ནས་གླ་ཆ་ཆད་འགྱང་དང་། དངོས་མིང་འགོད་པའི་ལམ་ལུགས། ཆེད་སྤྱོད་དངུལ་བྱང་སོགས་ལམ་ལུགས་དོན་ཐོག་ཏུ་མ་འཁྱོལ་བའི་ཁེ་ལས་དག་ལ། ཡིད་རྟོན་གྱི་སྐར་ཐང་འཐེན་རྒྱུ་མ་ཟད། བྱ་སྤྱོད་དེ་ཟིན་ཐོར་བཀོད་ནས་ཡིད་རྟོན་གྱི་རིམ་པ་མར་གཅོག་རྒྱུ་དང་། སུས་འཇོན་དེ་འགུགས་ལ་ཞུགས་པར་ཚད་བཀག་འཛིན་རྒྱུ་སོགས་བྱེད་ཐབས་བཏོན་པས། ‘ཆད་པར་མི་སྐྲག་པའི’ཁེ་ལས་ཀྱི་གླ་དངུལ་ཆད་འགྱང་གི་གནད་དོན་ཐག་གཅོད་ཐུབ་ཡོད། ཅེས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་ངལ་རྩོལ་ལྟ་ཞིབ་ཅུས་ཅུས་ཀྲང་ཧུང་ཡ་ཅུན་གྱིས་དེ་ལྟར་བཤད་སོང་།

“དངུལ་གཉིས་ལུགས་གསུམ”དམ་འཛིན་བྱས་ནས་གླ་ཆ་སྤྲོད་པར་འགན་སྲུང་བྱས།

མཚོ་སྔོན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་སུ་གསར་འགོད་པས་མཐོང་བ་ནི། ལས་བཟོ་པ་ལས་ཡུལ་དུ་འགྲོ་དགོས་ན་སྒོ་ཆེན་ནས“ངོ་གདོང་བཤེར”དགོས་པ་རེད། ང་ཚོས་དངུལ་ཁང་གི་དངོས་མིང་བཅུག་པའི་སྒྲིག་ཆས་བཀོལ་ནས་ཐོབ་ཐང་ལག་འཁྱེར་གྱི་གདོང་བཤེར་ནང་འཇུག་བྱས་པ་ཡིན། དངོས་མིང་དོ་དམ་མ་ལག་བེད་སྤྱད་ན་དུས་ཐོག་ཏུ་ལས་གཞིའི་ལས་བཟོ་བའི་གནས་ཚུལ་ལྟ་ཞིབ་ཚད་ལེན་ཐུབ་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་པའི་དངོས་མིང་དོ་དམ་མ་ལག་ཏུ་བསྐུར་ནས་སྲིད་གཞུང་སྡེ་ཚན་གྱིས་ཁེ་ལས་ཀྱི་ལས་གཞིའི་ངལ་ལས་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་དོ་དམ་བྱ་ཐུབ། ཅེས་ཀྲུང་གོའི་བཟོ་སྐྲུན་ལས་གཞིའི་ཅུའུ་བརྒྱད་པའི་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་འཛུགས་སྐྲུན་ལས་གཞིའི་སྤྱི་གཉེར་བ་དབྱང་ཞི་ཝན་གྱིས་བཤད་སོང་།

ཞིང་པ་ཞོར་ལས་པའི་གླ་ཆ་ཆད་འགྱང་གི་གནད་དོན་རྩ་བཅོས་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་བཟོ་སྐྲུན་མངའ་ཁོངས་སུ་ཞིང་པ་ཞོར་ལས་པའི་དངོས་མིང་དོ་དམ་ལམ་ལུགས་ལག་བསྟར་བྱས་པ་དང་། ཞིང་པ་ཞོར་ལས་པའི་གླ་ཆ་སྤྲོད་ལེན་ཆ་འཕྲིན་ཅན་འགྱུར་གྱི་ལྟ་སྐུལ་ཚོད་འཛིན་སྟེགས་བུ་བཙུགས། སྟེགས་བུ་དེས་དོ་དམ་མ་ལག་ལ་གཞི་བཅོལ་ནས་འཛུགས་སྐྲུན་སྒང་གི་ལས་གཞི་དང་། དེ་དང་འབྲེལ་པའི་ཞིང་པ་ཞོར་ལས་པ་རེ་རེ་དང་གླ་དངུལ་ལེན་མཁན་རེ་རེ། གླ་དངུལ་སྤྲོད་ལེན་གྱི་ཆ་འཕྲིན་རེ་རེ་ལ་ལྟ་རྟོག་བྱེད་ཐུབ་པར་མ་ཟད། ཨར་ལས་ལས་བཟོ་པའི་དངོས་མིང་ཐོ་འགོད་དང་། དྲ་ལམ་ལྟ་རྟོག མ་དངུལ་འཁོར་རྒྱུག་སོགས་ཆ་འཕྲིན་གསལ་བོར་མཐོང་ཐུབ་པས། “གཞི་གྲངས་ཀྱི་མཛོད་གཅིག་དང་། དོ་དམ་གྱི་མུ་རྒྱུད་གཅིག ལྟ་རྟོག་གི་དྲ་ལམ་གཅིག”པའི་ཆ་འཕྲིན་ཅན་འགྱུར་གྱི་རྣམ་པ་ཆགས་ནས་དངོས་མིང་དོ་དམ་གྱི་ཆ་འཕྲིན་དུས་ལྟར་འགོད་ཐུབ་ཚད91%ལ་བསླེབས་ཡོད་པ་རེད།

དེ་དང་ཆབས་ཅིག་ཏུ། དངོས་མིང་ཐོ་འགོད་ཀྱི་དོ་དམ་ལམ་ལུགས་སྤྱད་ན་ཞིང་པ་ཞོར་ལས་པའི་གླ་དངུལ་ཚབ་སྤྲོད་ལམ་ལུགས་ལག་བསྟར་ལ་རམ་འདེགས་ཐུབ་པའི་དགེ་མཚན་ཡོད། ལོ་མཇུག་ལ་བསླེབ་དུས་ཞིང་པ་ཞོར་ལས་པའི་གླ་དངུལ་དེ་དངུལ་ཁང་གིས་གླ་ཆའི་དངུལ་ཐོའི་ཁྲོད་ནས་ཐད་ཀར་རྩིས་བརྒྱབ་ནས་ཞིང་པ་ཞོར་ལས་པའི་དངུལ་བྱང་དུ་བསྐུར་བ་ཡིན་པས། གླ་དངུལ་ཆད་འགྱང་གི་ཉེན་ཁ་མི་འབྱུང་བ་རེད།

དབྱང་ཞི་ཝན་གྱིས་ངོ་སྤྲོད་ལྟར་ན། ཀྲུང་གོའི་འཛུགས་སྐྲུན་ཅུས་བརྒྱད་པ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་མཁན་རྒྱལ་དབང་ཁེ་ལས་ཡིན་པའི་ངོས་ནས་ཞིང་པ་ཞོར་ལས་པར་གླ་དངུལ་ཆེད་སྤྱོད་ཀྱི་དངུལ་ཐོ་དང་ཆེད་སྤྱོད་དངུལ་བྱང་སྒྲུབ་ནས་གླ་དངུལ་སྤྲོད་པའི་ཆེད་དོན་ལམ་ལུགས་ལག་བསྟར་བྱས་ཡོད། ལས་གཞིས2019ལོའི་ཟླ9ནས2020ལོའི་ཟླ7པའི་བར་ཆེད་སྤྱོད་དངུལ་ཐོ་བརྒྱུད་ནས་གླ་ཆ་སྒོར་ཁྲི1350.6སྤྲད་ཡོད་ཟེར།

ད་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་དངུལ་ཁང་གི་ཚབ་སྤྲོད་གླ་དངུལ་རྣམ་གྲངས1098ལ་བསླེབས་ཤིང་། ཞིང་པ་ཞོར་ལས་པ་ཁྲི4.9ལ་གླ་དངུལ་སྒོར་དུང་ཕྱུར10.7ཚབ་སྤྲོད་བྱས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་གྱིས་གླ་ཕོགས་འགན་ལེན་མ་དངུལ་དང་། གླ་དངུལ་ཆད་འགྱང་འཕྲད་བསྟུན་འཁོར་རྒྱུག་མ་དངུལ། ཞིང་པ་ཞོར་ལས་པའི་དངོས་མིང་ལམ་ལུགས་ཀྱི་དོ་དམ། ཟླ་བ་རེ་ཡི་གླ་ཕོགས་བགོ་སྤྲོད། ཞིང་པ་ཞོར་ལས་པའི་གླ་ཆ་ཆེད་སྤྱོད་དངུལ་ཐོ་ཡི་དོ་དམ་སོགས“དངུལ་གཉིས་ལུགས་གསུམ”དོན་ཐོག་ཏུ་འཁྱོལ་བར་མིག་གིས་འཚོས་ཏེ། ཞིང་པ་ཞོར་ལས་པའི་གླ་ཆ་“གནད་ཐོག”ཏུ་སྤྲོད་པར་སྐུལ་འདེད་དང་། འཛུགས་སྐྲུན་ལས་ཁུངས་ཀྱི་གླ་དངུལ་བགོ་སྤྲོད་ཞིབ་ཕྲ་ཅན་དང་། ཨར་ལས་སྤྱི་འགན་ལེན་བྱེད་མཁན་ལས་ཁུངས་ཀྱི་དོ་དམ་ལམ་ལུགས་ཅན། ཁག་བགོས་ལས་ཁུངས་ཀྱི་སྡོམ་རྩིས་ཆེད་ལས་ཅན། ཞིང་པ་ཞོར་ལས་པའི་གླ་དངུལ་སྤྲོད་སྟངས་ཚད་ལྡན་ཅན། སྲིད་གཞུང་གི་ལྟ་སྐུལ་དོ་དམ་ཚན་རིག་ཅན་དུ་བསྒྱུར་བར་མ་ཟད། ཟླ་གཉིས་ལ་ཚད་གཞི་སྙོམས་སྒྲིག་དང་། དུས་ངེས་གཏན་ནང་ཡོངས་བསྒྲགས་བྱས་ནས་གསར་དུ་གཉེར་བའི་ལས་གཞི100%ཡིས་ལམ་ལུགས་དེ་དག་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་བྱས།

སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འགྱུར་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་དར་སྤེལ་གཏང་དགོས་ན། ཞིང་པ་ཞོར་ལས་པའི་དཀའ་སྤྱད་ངལ་རྩོལ་དང་བློ་གཏོང་གི་ལག་རྗེས་ལ་འབྲལ་ཐབས་མེད་པས། སྤྱི་ཚོགས་ཡོངས་ཀྱིས་ཞིང་པ་ཞོར་ལས་པར་སེམས་ཁུར་དང་གཅེས་སྐྱོང་ཡག་པོ་བྱ་འོས། ལྷག་པར་དུ་ཞིང་པ་ཞོར་ལས་པའི་གླ་དངུལ་ཆད་འགྱང་ལ་མཐའ་གཅིག་ཏུ་བཀག་འགོག་ནན་མོ་དང་། གླ་ཆ་གཅོག་འཐེན་གྱི་སྣང་ཚུལ་མེད་པར་བཟོ་བ་དང་། ཁོ་ཚོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་མུ་མཐུད་ནས་ཆེ་རུ་གཏང་དགོས།

ཁོན་ཐར་འཚོས་བསྒྱུར།