ཚལ་རྔ་འགག་ཆུ་མཛོད་ཀྱི་ལྷོ་རི་ཉུལ་པར་བཏང་བའི་བརྡ་ཁྱབ།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། ཚལ་རྔ་འགག་ཆུ་མཛོད་ཀྱི་ལྷོ་རི་ཉུལ་ནས་ཆུ་རླབས་དྲག་པོས་དཔལ་འབྱོར་ཐད་གྱོང་གུན་ཅུང་ཆེན་པོ་བཟོས། རྫོང་སྲིད་གཞུང་གིས་རྫོང་འཕྲལ་བསྟུན་དོ་དམ་ཅུའུ་དང་རྫོང་རང་བྱུང་ཐོན་ཁུངས་ཅུའུ། རྫོང་ཞིང་ཕྱུགས་ཅུའུ། ཚན་རྩལ་ཅུའུ་དང་ས་གཤིས་དཔྱད་ཞིབ་གླིང་བཅས་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ། ཡུལ་དངོས་སུ་ཕྱིན་ནས་རྩད་ཞིབ་བྱས་པ་ལྟར་ན་ལྷོ་རིའི་བདེ་འཇགས་ལ་སྔར་བཞིན་ཉེན་ཁ་ཆེ་བས། ཡང་བསྐྱར་རི་ཉུལ་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་པར་འགོག་སྲུང་བྱ་ཆེད་གཤམ་གྱི་བརྡ་ཁྱབ་འདི་བཏང་བ་ཡིན།

གཅིག དེ་རིང་ནས་བཟུང་། ཚལ་རྔ་འགག་ཆུ་མཛོད་ཀྱི་བྱང་འགྲམ་དང་ཆུ་ངོས་ནས་ལྟ་སྐོར་དང་ཉ་རིགས་འཛིན་པ་སོགས་ཀྱི་བྱ་འགུལ་སྤེལ་མི་ཆོག

གཉིས། ཆུ་མཛོད་ཀྱི་མཐའ་འཁོར་ལ་གཞིས་ཆགས་པའི་སྡེ་བ་སོ་སོའི་སྡེ་མི་དང་མི་གཞན་པ་ཆུ་མཛོད་ཀྱི་འགྲམ་དུ་སོང་ནས་བྱ་འགུལ་གང་ཡང་སྤེལ་མི་ཆོག

གསུམ། ཆུ་མཛོད་མཐའ་འཁོར་གྱི་མང་ཚོགས་ཀྱིས་རང་རྟོགས་སྒོས་འགོག་ཟོན་བྱ་འགུལ་སྤེལ་ཏེ། འཕྲལ་བསྟུན་གནས་ཚུལ་ཤེས་རྟོགས་བྱུང་ཚེ་མྱུར་དུ་ཕྱིར་འཐེན་བྱ་དགོས་པར་མ་ཟད། དུས་ལྟར་གྲོང་རྡལ་དང་སྡེ་བར་ཉེན་བརྡ་བཏང་སྟེ་ཡར་ཞུ་བྱ་དགོས།

བཞི། རྒྱ་ཆེའི་མང་ཚོགས་ཀྱིས་ཐེངས་འདིའི་བརྡ་སྦྱོར་གྱི་འབྲེལ་ཡོད་བླང་བྱ་རང་རྟོགས་སྒོས་བརྩི་སྲུང་བྱས་ཏེ། འགོག་ཟོན་འདུ་ཤེས་ཇེ་ཆེར་བཏང་སྟེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཀྱི་བདེ་འཇགས་ལ་ཁག་ཁུར་བྱ་དགོས། བདེ་འཇགས་ཀྱི་ཉེན་ཁ་ཅུང་ཆེ་བས་བཀག་རྒྱ་འདི་བཀྲམ་པ་ཡིན་ལ། དེ་ལས་བྱུང་བའི་དཀའ་ངལ་དང་ཕྲད་པའི་རྒྱ་ཆེའི་མང་ཚོགས་ལ་དགོངས་འགལ་མེད་པར་ཞུ།

ལྔ། བཀག་རྒྱ་མ་བརྩིས་ཏེ་ཧོལ་རྒྱུག་བྱས་པ་ལས་བྱུང་བའི་གྱོང་གུན་ཅི་རིགས་སོ་སོས་འཁུར་རྒྱུ་ལས་འོས་མ་མཆིས།

གསེར་ཆེན་རྫོང་འཕྲལ་བསྟུན་དོ་དམ་ཅུའུ།

གསེར་ཆེན་རྫོང་རང་བྱུང་ཐོན་ཁུངས་ཅུའུ།

གསེར་ཆེན་རྫོང་ཞིང་ཕྱུགས་དང་ཚན་རྩལ་ཅུའུ།

2021ལོའི་ཟླ་དང་པོའི་ཚེས11ཉིན།

ལོ་ཙཱ་པ། ལྷ་ཆེན་རྒྱལ།