མཚོ་ལྷོ་ཁུལ་གྱི་སྐབས13པའི་ཚང་འཛོམས་གྲོས་ཚོགས་ཐེངས12པ་འཚོགས་པ།

     གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ1པོའི་ཚེས12ཉིན་གྱི་སྔ་དྲོ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཁུལ་ཨུའི་གྲོས་ཚོགས་ཚོམས་ཆེན་དུ་བསྡུས་པ་དང་ཚོགས་ཡུན་ཉིན་གཉིས་ཡིན།ཚང་འཛོམས་གྲོས་ཚོགས་ལ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། 

   ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་དང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་བྱས། 

   ཚོགས་ཐོག་ཏུ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁེའུ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ2020ལོའི་བྱ་བའི་སྙན་ཞུ་ཕུལ་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ《ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་སྐོར་གྱི་གྲོས་གཞི(གྲོས་བསྡུར་མ་ཡིག)ལ་གསལ་བཤད་བྱས།

   ཚོགས་འདུ་གྲོལ་རྗེས། ཚན་སྐོར་བགོས་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང《ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་སྐོར་གྱི་གྲོས་གཞིའི(གྲོས་བསྡུར་མ་ཡིག)》གསལ་བཤད་དང《གྲོས་གཞི(གྲོས་བསྡུར་མ་ཡིག)》ལ་གྲོས་ཞིབ་བྱས། 

གསར་འགོད་པ། ཚེ་རིང་འབུམ།