མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་ཁག21པ་བསུ་བ་དང་གསོ་སྦྱོང་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས11ཉིན་མཚོ་སྔོན་དུ་ཡོང་བའི་བུམ་རམས་པའི་ཞབས་ཞུའི་ཚོགས་པའི་དགའ་བསུ་ཞུ་བའི་གསོ་སྦྱོང་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་།ཚོགས་འདུའི་སྟེང་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ཞིན་ཀྲང་ཞིང་གིས་འབུམ་རམས་པའི་ཚོགས་པའི་ཁོངས་མིར་སྤྲིངས་པའི་ཡིག་ལན་བསྒྲགས་པ་རེད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་སྡེ་ཚོགས་ཞིང་ཆེན་ཨུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་འབུམ་རམས་པའི་ཞབས་ཞུའི་ཚོགས་པའི་ཁོངས་མི་ཡོངས་དང་དེ་བཞིན་ཞབས་ཞུའི་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུས་བསྟན་དོན། རྒྱལ་ཡོངས་ས་གནས་སོ་སོ་ནས་ཡོང་མཁན་འབུམ་རམས་པ་ཚོས། རང་འགུལ་སྒོས་མཚོ་སྔོན་ལ་གོམས་སུ་བཅུག་སྟེ་མཚོ་སྔོན་ལ་ཞབས་ཞུ་འབུལ་བའི་ལས་ཀའི་ཁྲོད་ཞུགས་ནས་སྲོལ་རྒྱུན་དར་སྤེལ་དང་སྦྱོང་བརྡར་ཁྲོད་བརྩེ་སེམས་ལག་ལེན་བྱེད་པ། མཛེས་སྡུག་ལྡན་པའི་མཚོ་སྔོན་དུ་རྒྱལ་གཅེས་ཀྱི་བརྩེ་སེམས་སྐྱེད་སྲིང་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བློ་སྟོབས་ལ་བརྩོན་འགྲུས་བྱེད་པ། རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་བྱ་སྤྱོད་ལག་ལེན་བཅས་བྱེད་པ། རང་ངོས་ཀྱི་ཤེས་བྱ་གསོག་འཇོག་དང་། ཆེད་ལས་ཀྱི་ལེགས་ཆ། བྱ་བའི་ཉམས་མྱོང་བཅས་གང་ལེགས་སྤྱད་དེ་ཆེད་ལས་ཀྱི་ཐད་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་བརྟག་ནད་བལྟ་བྱས་ནས་མཚོ་སྔོན་གྱི་ས་གཞི་ཆེན་མོའི་ཐོག་ཚན་ཞིབ་དཔྱད་རྩོམ་འབྲི་དགོས། ཚོགས་འདུའི་སྟེང་བླང་བྱ་བཏོན་དོན།ས་གནས་སོ་སོ་དང་ཚན་པ་སོ་སོས་འགན་འཁྲི་འཁུར་ཕོད་པ་དང་ལས་འགན་བསྒྲུབ་ཕོད་པ་བྱས་ནས་བློ་བདེ་བ་དང་། བློ་རྒྱ་ཆེ་བ། དབང་ཆ་གཤམ་སྤྲོད་བཅས་བྱས་ཏེ་འཚོ་བའི་ཐད་སྤྲོ་སེམས་ཆེན་པོས་སེམས་ཁུར་དང་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་ཐུབ་པ་བྱས་ནས་འབུམ་རམས་པའི་གསར་གཏོད་ལས་གཏོད་དང་། འབད་འཐབ་ཀྱིས་བྱས་རྗེས་འབུལ་མཁན་གྱི་མི་སེམས་འགུལ་བའི་བྱས་རྗེས་སྔོག་འདོན་དང་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། སྤྱོད་ཡོན་གཉིས་ལྡན་དང་རྩེ་གྲ་གཏོད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་དགོས་པ་བསྟན།

ཚོགས་འདུའི་རྗེས་སུ་མཚོ་སྔོན་དུ་ཕེབས་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ཡོངས“མདེལ་གཉིས་སྐར་གཅིག”གི་ཕུགས་བསམ་དད་སེམས་སློབ་གསོའི་སློབ་གླིང་དུ་ཕེབས་པ་དང་།རྒྱལ་ཁབ་ཀྱི་གནས་ཚུལ་དང་ཞིང་ཆེན་གྱི་གནས་ཚུལ་ལ་ཞིབ་འཇུག་ཟབ་སྦྱོང་དང་“འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་སྙིང་སྟོབས་ཀྱི་སློབ་གསོ་དང་ལེན་བྱས་པ་བ་རེད།

གཡང་སྐྱིད་ཀྱིས་བསྒྱུར།