མཚོ་ནུབ་ལ་རོགས་སྐྱོར་བྱེད་མཁན་ཀྲེ་ཅང་སྨན་བཅོས་འཕྲོད་བསྟེན་ཆེད་མཁས་ཚོགས་པ་ཁག་བཞི་པས་འོས་འགན་ཡོངས་སུ་བསྒྲུབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཀྲེ་ཅང་ཞིང་ཆེན་གྱི་ཁག་བཞི་པའི་སྨན་བཅོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཆེད་མཁས་ཚོགས་པས་རོགས་སྐྱོར་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་བ་དང་། ལེའང་ཀྲུང་དང་ཀྲུང་ཧུའེ་སོགས་ཆེད་མཁས་པ་དྲུག་ལ“སྨན་བཅོས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཕུལ་བྱུང་ལས་བྱེད་པའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད།

ངོ་སྤྲོད་བྱས་ལྟར་ན། ཀྲེ་ཅང་ཞིང་ཆེན་གྱི་ཁག་བཞི་པའི་སྨན་བཅོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཆེད་མཁས་ཚོགས་པ2019ལོའི་ཟླ་བརྒྱད་པར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ་འབྱོར་རྗེས། ཁུལ་དེའི་མི་དམངས་སྨན་ཁང་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། རིམ་པ་གསུམ་པའི་སྨན་ཁང་གི་བརྟག་དཔྱད་བྱ་བ་ཡག་པོ་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་བུད་མེད་དང་བུ་བཙའ་ཚན་ཁག་དང་ནད་གཞི་ལྕི་རིགས་སོགས་མངོན་མེད་ལེགས་ཆ་ལྡན་པའི་རིག་ཚན་བཏོད་དེ། འབྱིན་རྔུབ་དང་ཉེན་ཚབས་ཆེ་བའི་ནད་གཞིའི་གསོ་རིག་ཚན་ཁག་ཚད་ལྡན་ཅན་གྱི་རིག་ཚན་འཛུགས་སྐྱོང་(PCCM)སོགས་རྒྱལ་ཡོངས་ཀྱི་གཞི་རིམ་གྱི་ཕུལ་བྱུང་ཚན་པའི་ལས་གཞི་བཏོད་ཡོད་པ་རེད།

མཚོ་ནུབ་ཁུལ་གྱི་སྤྱི་ཡོངས་ཀྱི་སྨན་བཅོས་ཆུ་ཚད་མཐོ་རུ་གཏང་ཆེད། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་མཁས་པའི་ཚོགས་པས“ཆེད་མཁས་པའི་མནའ་འབྲེལ”བཙུགས་ཏེ། སྨན་བཅོས་ཆེད་མཁས་པ་ཚང་མ་གཅིག་སྡུད་ཐོག་རིག་གཞུང་ཚོ་ཆུང10ལ་དབྱེ་ནས་མཚོ་སྐྱོར་ཆེད་མཁས་པས་ཙུའུ་ཀྲང་གི་འགན་འཁུར་བ་དང་།སྐོར་སྐྱོད་ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རོགས་སྐྱོར་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ས་གནས་སྨན་ཁང་གི་སྨན་བཅོས་ཆུ་ཚད་སྔར་བས་ཇེ་མཐོར་བཏང་སྟེ། ས་གནས་དེ་གའི་མང་ཚོགས་དེ་བས་མང་བ་ཕྱིར་བསྐྱོད་མི་དགོས་པར་དར་རྒྱས་ཆེ་བའི་ས་ཁུལ་གྱི་ལེགས་ཆའི་སྨན་བཅོས་ཐོན་ཁུངས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་རེད།

གཡང་སྐྱིད་ཀྱིས་བསྒྱུར།