ཤིན་ཅང་ཨལ་ཐེའི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་དག་ཐེར་ཚོ་ཆུང་མཚོ་སྔོན་དུ་རྟོག་ཞིབ་དང་བགྲོ་གླེང་བྱེད་པར་ཡོང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས6ནས་ཚེས7ཉིན་བར་ཤིན་ཅང་ཨ་ལེ་ཐའེ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་བྱ་བའི་རྟོག་ཞིབ་ཚོ་ཆུང་དང་བཅས་པ་མཚོ་སྔོན་དུ་རྟོག་ཞིབ་ཕན་ཚུན་བགྲོ་གླིང་བྱེད་སྒོ་སྤེལ་བར་ཡོང་བ་རེད།

བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་དང་བཅས་པ་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཐིང་དང་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ཐིང་དུ་ཡོང་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་གནས་ཚུལ་ངོ་སྤྲོད་ལ་ཉན་ཏེ་བཞུགས་མོལ་བྱས་པ་བརྒྱུད་ནས། མཚོ་སྔོན་ཞིང་ཆེན་གྱི་རེས་སྐོར་གཉིས་ཀྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་བྱ་བའི་སྤེལ་ཚུལ་དང་། དེ་བཞིན་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་བའི་འབྲེལ་ཡོད་གནས་ཚུལ་དང་གཞོགས་འདེགས་བྱས་ནས། ཟི་ལིང་གྲོང་ཁྱེར་གྱི་མེ་སྲེག་ལུང་ཤུར་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་དང་། མཚོ་ཤར་གྲོང་ཁྱེར་དུས་བདེ་ཁུལ་པའེ་ཧྲེན་ལུང་ཤུར་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞིར་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་རེད།

བརྟག་ཞིབ་ཚོ་ཆུང་གིས་མཚོ་སྔོན་གྱི་རེས་སྐོར་གཉིས་ཀྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལ་ཐོབ་པའི་ཕན་འབྲས་དང་བྱ་ཐབས་གཙོ་བོར་ཁས་ལེན་བྱས་པ། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་བྱ་བའི་ཁྲོད་བསམ་ཕྱོགས་ཁ་གསལ་དང་།དམིགས་ཚད་གསལ་པོ། བྱ་ཐབས་ནུས་ལྡན།བྱ་བ་ཏན་ཏིག་བཅས་ཡོད་པ་དང་ལྷག་པར་ཞིང་ཆེན་དང་གྲོང་ཁྱེར་དང་ལས་ཁུངས་ཀྱི་མཉམ་འགུལ་ལམ་སྲོལ་གྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་བྱ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པའི་ས་ཆ་མང་པོ་ཡོད་ཟེར། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་འགན་འཁུར་བས་ཤིན་ཅང་དང་མཚོ་སྔོན་ནི་སྤུན་ཟླའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཡིན་པས་སླད་ཕྱིན་འབྲེལ་གཏུག་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།