ཟླ་དང་པོའི་ཚེས12ཉིན། རྒྱལ་ཡོངས་ནས་པྲོག་གསར་ནད་པ115ཡིས་ཇེ་མང་དུ་སོང་།

རང་རེའི་དྲ་བའི་འཕྲིན། 2021ལོའི་ཟླ་དང་པོའི་ཚེས12ཉིན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་ལྟར་ན། ནད་རྟགས་ཐག་བཅད་པའི་པྲོག་གསར་གློ་ཚད་ཀྱི་ནད་པ115ཡོད་པ་དང་། དེའི་ཁྲོད་ཕྱི་རྒྱལ་ནས་འགོས་པའི་ནད་པ8ཡོད་ཅིང་།(ཧྲང་ཧེ་ནད་པ5། ཀོང་ཏུང་ནད་པ2། ཧྥུའུ་ཅན་ནད་པ1།)རང་རྒྱལ་གྱི་ནད་པ107ཡོད། དེའི་ཁྲོད་ཧའོ་པེ་ནད་པ90དང་ཧེ་ལུང་ཅིང་ནད་པ16། ཧྲན་ཞི་ནད་པ1འདུག ཚེ་ལས་འདས་པའི་ནད་པ་མེད་ཅིང་། གསར་དུ་འཕར་བའི་དོགས་ཡོད་ནད་པ1ཡོད།

ཉིན་དེར་ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ28ཡོད་པ་དང་། ནད་འགོས་མེད་པའི་ནད་པ617ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག ནད་པ་ལྕི་མོ་ཉིན་སྔོན་མ་དང་བསྡུར་ན་ནད་པ3གྱིས་འཕར་འདུག

ད་ལྟ་ཕྱི་རྒྱལ་ནས་འགོས་པའི་པྲོག་གསར་གློ་ཚད་ནད་པ286(ནད་པ་ལྕི་མོ3ཡོད)ཡོད་པ་དང་དོགས་ཡོད་ནད་པ1ཡོད། ཕྱི་རྒྱལ་ནས་འགོས་པའི་པྲོག་གསར་གློ་ཚད་ནད་པ་ཁྱོན་བསྡོམས4451དང་སྨན་ཁང་ལས་བུད་པའི་པྲོག་གསར་ནད་པ4165ཡོད་ཅིང་ཚེ་འདས་ནད་པ་མེད།

2021ལོའི་ཟླ་དང་པོའི་ཚེས12ཉིན་གྱི་ཆུ་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པ་ལྟར་ན། ད་ལྟ་ནད་པ784ཡོད་ཅིང་། དེའི་ནང་ནད་པ་ལྕི་མོ21། ད་ལྟའི་བར་ཁྱོན་བསྡོམས་པྲོག་གསར་གློ་ཚད་ནད་པ82288སྨན་ཁང་ནས་བུད་ཅིང་། དེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་ནད་པ4634ཡོད། ནད་རྟགས་ཐག་བཅད་པའི་ནད་པ་ཁྱོན་བསྡོམས87706ཡོད་ལ། དོགས་ཡོད་ནད་པ1ཡོད། ནད་པར་འབྲེལ་འདྲིས་ཟབ་པའི་མི་ཁྱོན་བསྡོམས929694ཡོད་ཅིང་། མི30114ལ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པ་ལྟར་ན། ནད་རྟགས་མེད་པའི་གསར་བྱུང་པྲོག་གསར་ནད་པ38ཡོད་ཅིང་། དེའི་ཁྲོད་ཕྱི་རྒྱལ་ནས་འགོས་པའི་ནད་རྟགས་མེད་པའི་པྲོག་གསར་ནད་པ3ཡོད། ཉིན་དེར་ནད་རྟགས་ངོས་འཛིན་བྱས་པའི་ནད་པ42ཡོད།(ཕྱི་རྒྱལ་ནས་འགོས་པའི་ནད་པ1)མི5(ཕྱི་རྒྱལ་ནས་འགོས་པའི་ནད་པ2)སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག་པ་དང་ནད་རྟགས་མེད་པའི་པྲོག་གསར་ནད་པ556(ཕྱི་རྒྱལ་ནས་འགོས་པའི་ནད་པ256)ལ་མུ་མཐུད་དུ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་སུ་ཁྱོན་བསྡོམས་ནད་པ10227ཡོད་ཅིང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ9343(སྨན་ཁང་ལས་བུད་པའི་ནད་པ8524དང་ཚེ་འདས་ནད་པ160)ཡོད། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ46(སྨན་ཁང་ལས་བུད་པའི་ནད་པ46)། ཐེ་ཝན་ས་ཁུལ་དུ་ནད་པ838(སྨན་ཁང་ལས་བུད་པའི་ནད་པ730དང་ཚེ་འདས་ནད་པ7)ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།