2021ལོའི་ལོ་སྟོད་ལ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་འཛིན་ཡིག་ལེན་པའི་རྒྱུགས་གཞིར་མིང་ཐོ་འགོད་འགོ་བརྩམས་པ།

རང་རེའི་དྲ་བའི་འཕྲིན། སློབ་གསོ་པུའུ་རྒྱུགས་ལེན་ལྟེ་གནས་ཀྱི《2021ལོའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་འཛིན་ཡིག་ལེན་པའི་རྒྱུགས་གཞིའི་འབྲེལ་ཡོད་དོན་ཚན་ཐད་ཀྱི་བརྡ་སྦྱོར》(སློབ་རྒྱུགས་ལྟེ་གནས་ཀྱི་ཡིག་ཆ་ཨང་རྟགས〔2020〕115པ)གྱི་ཡིག་ཆའི་བཀོད་སྒྲིག་གཞིར་བཟུང་སྟེ། མཚོ་སྔོན་གྱི2021ལོའི་ལོ་སྟོད་ལ་དགེ་རྒན་གྱི་འཛིན་ཡིག་ལེན་པའི་ཡིག་རྒྱུགས་དུས་ཚོད་ཟླ3པའི་ཚེས13ཉིན་ལ་གཏན་འཁེལ་བྱས་ཡོད་ཅིང་། མིང་ཐོ་འགོད་རིམ་གཤམ་གསལ་ལྟར།

གཅིག མིང་ཐོ་འགོད་པའི་ཆ་རྐྱེན།

1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་དགོས།

2.རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པ། སློབ་གསོའི་ལས་རིགས་ལ་དགའ་ཞིང་ཀུན་སྤྱོད་ལེགས་པོ་ལྡན་དགོས།

3.གཏན་འཁེལ་བྱས་པའི་དགེ་རྒན་གྱི་འཛིན་ཡིག་རྒྱུགས་གཞིའི་ལུང་པོ་བརྟག་དཔྱད་ཚད་གཞི་དང་མཐུན་དགོས།

4.《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་རྒན་བཅའ་ཁྲིམས》ལས་གཏན་འབེབས་བྱས་པའི་བསླབ་གནས་དང་འབྲེལ་ཡོད་བླང་བྱ་དང་མཐུན་དགོས།

མཐོ་རིམ་སློབ་གྲྭའི་ལོ་རིམ་གསུམ་པ(ལོ་རིམ་གསུམ་པ་འདུ)ཡན་གྱི་སློབ་མས(དངོས་གཞི་ལོ་རིམ་གསུམ་པ་དང་དེའི་ཡན། ཆེད་སྦྱོང་ལོ་རིམ་གསུམ་པ། 3+2མཐར་ཕྱིན་གྱི་ལོ་དེར)སློབ་གྲྭའི་བཏོན་པའི་སློབ་སྦྱོང་གི་བདེན་དཔང་ཡི་གེ་བཟུང་སྟེ་མིང་ཐོ་འགོད་ཆོག

གཉིས། མིང་ཐོ་འགོད་པའི་དུས་ཚོད།

1.དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད། ཟླ་དང་པོའི་ཚེས14ནས17ཉིན།

2.ཞིབ་བཤེར་དུས་ཚོད། ཟླ་དང་པོའི་ཚེས14ནས18ཉིན།

3.གྲོན་དངུལ་སྤྲོད་མཚམས་འཇོག་པའི་དུས་ཚོད། ཟླ་དང་པོའི་ཚེས19ཉིན།

4.རྒྱུགས་ལེན་འཛིན་ཡིག་ལེན་པའི་དུས་ཚོད། ཟླ3པའི་ཚེས8ནས13ཉིན།

5.ཡིག་རྒྱུགས་ལེན་པའི་དུས་ཚོད། ཟླ3པའི་ཚེས8ནས13ཉིན།

6.ཡིག་རྒྱུགས་སྐར་གྲངས་ཁྱབ་སྒྲོག་དུས་ཚོད། ཟླ4པའི་ཚེས15ཉིན།

7.མིང་ཐོ་འགོད་སའི་དྲ་ཚིགས།ཀྲུང་གོ་སློབ་གསོ་རྒྱུགས་ལེན་དྲ་ཚིགས(http://ntce.neea.edu.cn)།

ལོ་ཙཱ་པ། ལྷ་ཆེན་རྒྱལ།