མཁལ་མའི་རྡེའུ་སྐྲན་བྱུང་བའི་ནད་པས་ཉལ་ཁར་འོ་མ་འཐུང་ན་ལེགས།

ཉེ་བའི་ལོ་འགའི་རིང་། དགོང་མོ་ཉལ་ཁར་འོ་མ་འཐུང་བའི་མི་ཇེ་མང་ནས་ཇེ་མང་ཡིན་ལ། དེའི་རྒྱུ་མཚན་ནི་འོ་མའི་ནང་དུ་འདུས་པའི་མདོག་ལྡན་ཨན་སྐྱུར་གྱིས་གཉིད་སྐྱིད་པོ་ཞིག་ཡོང་བར་ཕན་ནུས་ཐོབ་པས་སོ། ། ཡིན་ནའང་བྱེད་ཐབས་འདི་སྤྱིར་བཏང་གི་མི་རྣམས་ལ་མཚོན་ན་ཧ་ཅང་ལེགས་པོ་ཞིག་ཡིན་པ་སྨོས་མ་དགོས་མོད། འོན་ཀྱང་མཁལ་མའི་རྡེའུ་སྐྲན་ནད་ཕོག་མཁན་ནམ་ཡང་ན་གསོ་བཅོས་བྱས་ཏེ་དྲག་ཟིན་པའི་ནད་པ་དག་ལ་མཚོན་ན་དེ་ལྟ་བུའི་ཞིག་གཏན་ནས་མིན་པ་སྟེ། ཝུའུ་ཕན་གྲོང་ཁྱེར་སྨན་ཁང་དང་པོའི་གཅིན་ཟགས་ཕྱི་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་ཆིའུ་ཝུན་པོས་བཤད་རྒྱུར། མཁལ་མའི་རྡེའུ་སྐྲན་མང་ཆེ་ཤོས་ནི་རྩྭ་སྐྱུར་ཀལ་གྲུབ་འདུས་ཤིང་། སྲོག་ཆགས་ཀྱི་སྤྲི་དཀར་དང་འོ་བཟོས་ཐོན་རྫས་སོགས་ཚད་བརྒལ་ཟོས་ན། གཅིན་ནང་གི་ཀལ་དང་རྩྭ་སྐྱུར་གྱི་འདུས་ཚད་མངོན་གསལ་སྒོས་ཇེ་མང་དུ་སོང་ནས། མཁལ་མའི་རྡེའུ་སྐྲན་འབྱུང་སླ་ཞིང་ཡང་བསྐྱར་འཕར་སླ། དེ་ཡང་དགོང་མོ་ནི་རྡེའུ་སྐྲན་གྱི་གྲུབ་ཆ་ཕྱིར་འདོན་བྱེད་པའི་སྒང་ཡིན་ལ། གལ་ཏེ་དེའི་སྐབས་སུ་འོ་མ་འཐུང་ན། འོ་མའི་ནང་གི་ཀལ་གྱི་འདུས་ཚད་མཐོ་ཞིང་། འཐུང་རྗེས་ཀྱི་དུས་ཚོད2-3གྱི་ནང་། ཀལ་མཁལ་མར་བརྒྱུད་ནས་ཕྱིར་འདོན་བྱེད་བཞིན་པའི་སྒང་ཡིན་སྟབས། གལ་ཏེ་དེའི་སྐབས་སུ་གཉིད་ལོག་པའི་སྐབས་ཡིན་ཚེ། ཀལ་མཁལ་མར་བརྒྱུད་ཚད་ཇེ་མང་དུ་ཕྱིན་ནས་རྡེའུ་སྐྲན་དུ་འགྱུར་སླ་བ་རེད་ཅེས་ངོ་སྤྲོད་མཛད།

དེ་བས། ཉལ་ཁར་རབ་ཡིན་ན་འོ་མ་མི་འཐུང་བར། ཆུ་ཁོལ་ཧའེ་ཧྲེང500འཐུང་སྟེ། ནངས་སྔ་མོར་ལངས་ནས་གཅིན་བཏང་རྗེས་ཡང་བསྐྱར་ཆུ་ཁོལ་ཧའོ་ཧྲེང200འཐུང་ན་ཆེས་ལེགས་པ་ཡིན། གཞན་ཉིན་རེར་ཆུ་མང་པོ་འཐུང་ནས་གཅིན་གཏོང་ཚད་ཧའོ་ཧྲེང2500ནས3000ཡས་མས་སུ་ཁག་ཐེག་བྱས་ནའང་མཁལ་མའི་རྡེའུ་སྐྲན་ནད་ལ་སྔོན་འགོག་བྱེད་པར་ཕན་ནུས་ཆེན་པོ་ཐོན་ཐུབ།

ཀླུ་མོས་བསྒྱུར།