ཡོངས་འཛིན་བོད་ཡིག་ཆ་འཕྲིན་ཀུང་ཟིའི་ལས་བྱེད་མི་སྣ་བསྡུ་བའི་བརྡ་སྦྱོར།

མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟིས་བྱ་བའི་དགོས་དབང་ལྟར། ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ཏེ་ལས་བྱེད་མི་སྣ3བསྡུ་རྒྱུ་ཡིན་ཞིང་། དེའི་ཁྲོད་བོད་ཡིག་ཆ་འཕྲིན་ཐག་གཅོད་ཞིབ་འཇུག་ཁ་ཕྱོགས་ཀྱི་ཆེད་ལས་མི་སྣ2དང་རྩིས་འཁོར་ཆེད་ལས་ཀྱི་ལས་བྱེད་མི་སྣ1བཅས་བསྡུ་འཆར་ཡོད་པའི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།

གཅིག ཆ་རྐྱེན།

1.ཆབ་སྲིད་ཀྱི་གོ་རྟོགས་དང་ལས་རིགས་ཀུན་སྤྱོད་ལེགས་པོ་ལྡན་དགོས།

2.འབྲེལ་ཡོད་བྱ་བར་ཉམས་མྱོང་ཅན་ལ་དམིགས་བསལ་ཡོད།

3.ལོ18གྱི་ཡན་ཡིན་དགོས།

4.ཁྲིམས་འགལ་སྒྲིག་འགལ་གྱི་ཟིན་ཐོ་ཡོད་མི་ཆོག

5.ལུས་པོ་བདེ་ཐང་ཡིན་དགོས།

གཉིས། ལས་གནས་ཀྱི་བླང་བྱ།

1.བོད་ཡིག་ཆ་འཕྲིན་ཐག་གཅོད་ཞིབ་འཇུག་ཁ་ཕྱོགས་ཀྱི་ལས་གནས་ལ་ཞུགས་མཁན་གྱི་བསླབ་གནས་ཆ་རྐྱེན། ཞིབ་འཇུག་སློབ་མ་དང་དེའི་ཡན་གྱི་བསླབ་གནས་ལྡན་དགོས་ཤིང་། བོད་ཀྱི་རྩོམ་རིག་དང་བོད་ཡིག་རྩིས་འཕྲུལ་སྐད་བརྡ་རིག་པའི་ཆེད་ལས་ཡིན་དགོས།

2.རྩིས་འཁོར་ཆེད་ལས་ཀྱི་ལས་གནས་ལ་ཞུགས་མཁན་གྱི་བསླབ་གནས་ཆ་རྐྱེན། དངོས་གཞི་དང་དེའི་ཡན་གྱི་བསླབ་གནས་ལྡན་དགོས་ཤིང་། རྩིས་འཁོར་དང་འབྲེལ་ཡོད་ཀྱི་ཆེད་ལས་ཡིན་དགོས།

གསུམ། གསོལ་ཐང་།

1.ཚོད་ལྟའི་དུས་ཡུན་ཟླ2ཡིན་ཞིང་། དེའི་རིང་ལ་ཟླ་རེར་ཟླ་ཕོགས་སྒོར2500སྟེར་རྒྱུ།

2.དངོས་སུ་ལས་ཞུགས་བྱས་རྗེས་ཟླ་ཕོགས་ཀྱི་ཚད་ཐིག་ཟླ་རེར་སྒོར3000སྟེར་རྒྱུ།(ཞིབ་ཕྲའི་ཟླ་ཕོགས་ཀུང་ཟིའི་ནོར་སྲིད་ལམ་ལུགས་ཀྱི་ལས་གནས་ལྟར་སྤྲད་རྒྱུ།)

3.དངོས་སུ་ལས་ཞུགས་བྱས་རྗེས་རྒན་གསོ་མ་དངུལ་དང་སྨན་བཅོས་འགན་སྲུང་། ལས་རྨས་ཉེན་སྲུང་མ་དངུལ་བཅས་སྤྲད་རྒྱུ།

བཞི། མིང་ཐོ་འགོད་སྟངས།

1.གྲ་སྒྲིག་བྱ་དགོས་པའི་རྒྱུ་ཆ།

རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་དང་ཐོབ་ཐང་ལག་ཁྱེར། མཐར་ཕྱིན་འཛིན་ཡིག ལུས་ཕུང་བརྟག་དཔྱད་ཀྱི་མཇུག་འབྲས། གནས་སྡོད་བདེན་དཔང་ཡི་གེ་བཅས་ཀྱི་མ་ཡིག་དང་བསྐྱར་དཔར་རེ། དེ་མིན་པར་ཆུང་གཉིས་བཅས་གྲ་སྒྲིག་བྱ་དགོས།

2.ཡུལ་དངོས་ཀྱི་མིང་ཐོ་འགོད་གནས།

མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟི།

3.དྲ་ཐོག་གི་མིང་ཐོ་འགོད་སྟངས།

ཡིག་ཟམ་ལམ་ནས་མིང་ཐོ་འགོད་དགོས། ཡིག་ཟམ་ཨང་གྲངས 419809603@qq.com།

ལྔ། མིང་ཐོ་འགོད་པའི་དུས་ཚོད།

2021ལོའི་ཟླ་དང་པོའི་ཚེས7ནས15ཉིན་བར།

དྲུག འབྲེལ་གཏུགས་བྱ་ཡུལ།

0974-8529887

ལོ་ཙཱ་པ། ལྷ་ཆེན་རྒྱལ།