ནངས་ཇའི་སྔོན་ལ་ཆུ་ཁོལ་དྲོ་འཇམ་རན་ཙམ་འཐུང་ན་ལེགས།

མི་ལ་ལ་སྔོ་མོ་དུས་ཚོད5འམ6སྟེང་ནས་ལངས་པར་མ་ཟད། ནངས་ཇའང་སྔ་མོ་ནས་འཐུང་བ་རེད། སྤྱིར་སྔ་མོ་ལངས་རྗེས་ཐོག་མར་ཆུ་དྲོ་འཇམ་དཀར་ཡོལ་གང་འཐུང་བ་དང་། དུས་ཚོད7གྱི་རྗེས་སུ་ད་གཟོད་ནངས་ཇ་འཐུང་ན་ཅུང་ལེགས། རྒྱུ་མཚན་གཉིས་ཡོད་དེ།

དགོང་མོ་གཉིད་སྐབས་མི་ལུས་ཀྱི་དབང་པོ་མང་ཆེ་ཤོས་ལ་ངལ་གསོ་ཆེས་ཆེར་ཐོབ་ཡོད་མོད། འོན་ཀྱང་འཇུ་བྱེད་དབང་པོ་ཁོ་ནས་སྔར་བཞིན་ཕོ་རྒྱུ་ནང་གི་བཟའ་ཆས་སྡུད་ལེན་བྱས་ཏེ་སྔ་མོ་མ་གཏོགས་ངལ་གསོའི་གནས་ལྷུང་མེད་པ་དང་། གལ་ཏེ་ནངས་ཇ་འཐུང་ཚད་སྔ་དྲགས་ན་ཕོ་རྒྱུའི་ངལ་གསོ་ལ་ངན་ཤུགས་ཐེབས་པ་རེད། དེ་བས་ཡང་དག་པའི་བྱ་ཐབས་ནི་སྔ་མོ་ལངས་རྗེས་ཐོག་མར་ཆུ་དྲོ་འཇམ་དཀར་ཡོལ་གང་འཐུང་ནས། དུས་ཚོད7གྱི་རྗེས་སུ་ད་གཟོད་ནངས་ཇ་འཐུང་ན་ལེགས་པ་དང་གཅིག

ཞག་གང་བོར་གཉིད་ནས་མི་ལུས་ཀྱི་གཅིན་དང་སྐྱི་ལྤགས། དབུགས་གཏོང་ལེན་བཅས་ལས་རླན་བཤེར་ཆེས་ཆེར་ཟད་པ་དང་། སྔ་མོ་ལངས་རྗེས་མི་ལུས་ལ་ཆུ་དཀོན་པའི་གནས་སུ་ལྷུང་ཡོད་པར་མ་ཟད། ལྷག་པར་དུ་ད་དུང་མི་དར་མ་དང་རྒན་པོ་སོགས་ལ་ཚད་མི་འདྲ་བའི་ཁྲག་འབྱར་ཚད་ཇེ་མཐོར་འགྲོ་བའི་གནས་ཚུལ་ཡང་འབྱུང་བ་རེད། དེར་བརྟེན། མི་རྣམས་ཀྱིས་ནངས་ཇ་འཐུང་བའི་སྔོན་ལ་ཆུ་དྲོ་འཇམ་དཀར་ཡོལ་གང་འཐུང་ན། མི་ལུས་ཀྱི་འཇུ་བྱེད་དབང་བོ་སོགས་ལ་གཙང་བཤལ་རྒྱག་པ་དང་དུས་མཉམ་དབང་བོའི་ནུས་པ་ལའང་ལེགས་བཅོས་བྱེད་ཐུབ་པ་དང་གཉིས་སོ།།

ཀླུ་མོས་བསྒྱུར།