ཞིང་ཆེན་རྟ་ཐང་གནག་གསོ་བཟོ་གྲྭས་རྩ་འཛུགས་ཐོག་ཆབ་སྲིད་གཞུང་ལུགས་ལ་སློབ་སྦྱོང་བྱས་པ།

ལས་བྱེད་ལས་བཟོ་པའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་སུ་བཏང་སྟེ། བྱ་གཞག་འཕེལ་རྒྱས་དར་སྤེལ་གྱི་ཡིད་རྟོན་དང་ཆོད་སེམས་ཐག་གཅོད་བྱ་ཆེད། 2021ལོའི་བྱ་བའི་ཉིན་དང་པོར་དོ་དམ་མི་སྣ་ཡོད་ཚད་ཀྱིས་གཞུང་ལུགས་ལ་སློབ་སྦྱོང་བྱས། ཟླ1ཚེསཉིན་གྱི་སྔ་དྲོར། ཞིང་ཆེན་རྟ་ཐང་གནག་གསོ་ཁང་གིས་རྩ་ལས་ཁུངས་ཀྱི་མི་སྣ་འཛུགས་བྱས་ནས་ལས་ཆབ་སྲིད་གཞུང་ལུགས་ལ་སློབ་སྦྱོང་བྱེད་པའི་གྲོས་ཚོགས་བསྡུས། བཟོ་གྲྭའི་ཏང་ཨུའི་ཨུ་ཡོན་དང་ཁའོ་གཞོན་པའི་རིམ་པ་ཡན་གྱི་ལས་བྱེད་པ་དང་ལས་ཁུངས། བཟོ་གྲྭའི་ཁོངས་གཏོགས་ལས་ཁུངས་ཀྱི་དོ་དམ་མི་སྣ་བཅས་ཁྱོན་བསྡོམས་མི་གྲངས90ལྷག་གྲོས་ཚོགས་ལ་ཞུགས་ཡོད།

གྲོས་ཚོགས་ཀྱིས་ཐིན་ལས་ཁུངས་ཀྱི་ཏང་ཨུའི《ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་སྐོར་གྱི་བརྡ་སྦྱོར》དང་། 《དོན་ལས་ལས་ཁུངས་ཀྱི་ཏང་ཡོན་མི་སྣའི་ཉིན་རྒྱུན་སློབ་གསོ་སྒྲིག་སྲོལ་ལག་བསྟར(ཚོད་ལྟའི་རང་བཞིན)》བརྒྱུད་སྒྲོག་སྒོག ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་བསམ་འཆར་ལ་སློབ་སྦྱོང་དང་སློབ་སྟོན་དྲིས་ལན་བཏབ། ཀྲུང་གུང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད། ཉིས་སྟོང་སོ་ལྔ་ལོའི་རྒྱང་གཟིགས་དམིགས་འབེན་བསམ་འཆར། ཞིང་ལས་ཞིང་སྡེའི་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་འབྱོར་འབྲིང་སྤྱི་ཚོགས་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས། ད་ལྟ་དང་མ་འོངས་པའི་དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་གི་གནས་བབ་དེ་གཏིང་ཟབ་རྙོག་འཛིང་ཅན་དུ་འགྱུར་བ། ཅིའི་ཕྱིར་ད་ལྟ་དང་མ་འོངས་པའི་དུས་སྐབས་སུ་རང་རྒྱལ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སྐྱོད་པ་དང་ཆབས་ཅིག རང་རྒྱལ་གྱི་འཕེལ་རྒྱས་དོ་མཉམ་མིན་པ་དང་འཐུས་ཚང་མིན་པའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་སོགས་ལ་སློབ་སྦྱོང་བྱས།

གྲོས་ཚོགས་སྟེང་གཅིག་ནས་ལས་བྱེད་ལས་བཟོ་པ་ཡོངས་ཀྱིས་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གྱི་ནང་དོན་ལ་སློབ་སྦྱོང་གཏིང་ཟབ་དུ་སྤེལ་བ་དང་། སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་དང་2035ལོའི་འཕེལ་རྒྱས་དམིགས་འབེན་ལ་སྐུལ་འདེད་བྱེད་པའི་བྱ་བ་སོ་སོ་གཏན་འཁེལ་བྱས། གཉིས་ནས་ཚན་ཁག་སོ་སོ་དང་ལས་ཁུངས་དག་གིས་དོན་ལས་ལས་ཁུངས་ཀྱི་སྒྲིག་འཛུགས་བཅོས་སྒྱུར་གཞིར་བཟུང་སྟེ་བྱ་བའི་བྱེད་ནུས་གསལ་བོར་བཟོས་ཤིང་། 2021ལོའི་བྱ་བའི་གཙོ་གནད་ལེགས་པོར་སྤེལ་ནས་འཆར་གཞི་ཡོད་པའི་བཀོད་སྒྲིག་བྱས། གསུམ་ནས་པྲོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་ནས་འགྲོ་འོངས་རླངས་འཁོར་གཙོ་བོ་དང་མི་སྣ། སྒོ་ཕྱུགས་སོགས་ལ་རྩད་གཅོད་ཐོ་འགོད་གསལ་བོ་བྱ་དགོས་ཚུལ། དེ་དང་ཆབས་ཅིག་ལས་བྱེད་ལས་བཟོ་པ་ཡོངས་དམིགས་གསལ་གྱི་གནས་ཚུལ་མེད་པའི་ཆ་རྐྱེན་འོག་རང་སྣང་གང་ཤར་གྱིས་ཞིང་ཆེན་གཞན་ལ་འགྲོ་མི་ཆོག་པའི་བླང་བྱ་སོགས་བཏོན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།