《མཚོ་སྔོན་ཞིང་ཆེན་གྱིས<དབང་སྐྱོན་སྔོན་འགོག་དང་དབང་སྐྱོན་མི་སྣའི་ཁམས་གསོའི་སྒྲིག་སྲོལ>བྱེད་ཐབས་ལག་བསྟར》སྒོས་རང་ཞིང་གི་དབང་སྐྱོན་སྔོན་འགོག་དང་དབང་སྐྱོན་མི་སྣའི་ཁམས་གསོའི་ཐད་ལ་སྲུང་སྐྱོབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ལྷན་ཚོགས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི<དབང་སྐྱོན་སྔོན་འགོག་དང་དབང་སྐྱོན་མི་སྣའི་ཁམས་གསོའི་སྒྲིག་སྲོལ>བྱེད་ཐབས་ལག་བསྟར》ལ་ཞིབ་འཇུག་བྱས་ནས་ཆོག་མཆན་བཀོད། (གཤམ་ནས《ལག་བསྟར་བྱེད་ཐབས》)ཞེས་བསྡུ་རྒྱུ་ཡིན།) 《ལག་བསྟར་བྱེད་ཐབས》དེར་ལེའུ་ཆེན་པོ6དང་དོན་ཚན31ཡོད། 《དབང་སྐྱོན་སྔོན་འགོག་དང་དབང་སྐྱོན་མི་སྣའི་ཁམས་གསོའི་སྒྲིག་སྲོལ》ལག་བསྟར་དོན་འཁྱོལ་བྱེད་པའི་རྨང་གཞིའི་སྟེང་། 《བདེ་ཐང་མཚོ་སྔོན་གྱི2030ལོའི་འགུལ་སྐྱོད་འཆར་གཞི་དང《2016--2020ལོའི་མཚོ་སྔོན་ཞིང་ཆེན་གྱི་དབང་སྐྱོན་སྔོན་འགོག་ལས་འགུལ་འཆར་གཞི།》 《མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་རོགས་སྐྱོར་སྒྲིག་སྲོལ།》 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དབང་སྐྱོན་བྱིས་པའི་ཁམས་གསོའི་མྱུར་སྐྱོབ་སྒྲིག་སྲོལ་གསར་འཛུགས་སྐོར་གྱི་ལག་བསྟར་བསམ་འཆར》སོགས་ཁྲིམས་སྲོལ་དང་སྲིད་ཇུས་མཐུད་སྦྲེལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་བྱ་བའི་གནས་བབ་གསར་པར་ཁ་གཏད་དེ། གོམ་གང་མདུན་སྤོས་སྒོས་དབང་སྐྱོན་སྔོན་འགོག་སྔར་ལས་ཞིབ་ཚགས་ཅན་དང་ཁམས་གསོ་ཞབས་ཞུ་སོགས་ཀྱི་ཐད་ལ་སྒྲིག་སྲོལ་བྱེད་ཐབས་ལག་བསྟར་བྱས་ཡོད།

འབྲེལ་ཡོད་ལས་ཁུངས་དག་གིས་དབང་སྐྱོན་འགོག་སྲུང་འགན་ནུས་ཞིབ་ཚགས་ཅན་དུ་གཏོང་བ།

《ལག་བསྟར་བྱེད་ཐབས》དེས་དབང་སྐྱོན་སྔོན་འགོག་མཉམ་བསྲེས་ཀྱི་འབྲེལ་ཡོད་ལས་རིགས་དོ་དམ་ཞབས་ཞུའི་ཁྲོད་རྒྱུད་འཛིན་དང་རིམས་ནད། འགྲིམ་འགྲུལ་བདེ་འཇགས། ཐོན་སྐྱེད་བདེ་འཇགས། ཟས་རིགས་སྨན་རྫས་བདེ་འཇགས། ཁོར་ཡུག་སྦགས་བཙོག རང་བྱུང་གནོད་འཚེ། བསམ་ཡུལ་ལས་འདས་པའི་རྨས་སྐྱོན་སོགས་ཀྱིས་དབང་སྐྱོན་དུ་གྱུར་པའི་གཞི་རྐྱེན་དང་གཏན་འབེབས་བྱེ་བྲག་བྱེད་ཐབས་སྔོན་འགོག་གཞིར་བཟུང་ནས། དབང་སྐྱོན་སྔོན་འགོག་དང་དབང་སྐྱོན་མི་སྣའི་ཁམས་གསོའི་སྒྲིག་སྲོལ་གྱི་གཏན་འབེབས་ཞིབ་ཚགས་ཅན་ཏུ་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་དབང་སྐྱོན་སྔོན་འགོག་འདུ་ཤེས་སྔར་ལས་ཆེས་ཆེར་བཏང་།

དབང་སྐྱོན་མི་སྣའི་ཁམས་གསོའི་ཞབས་ཞུའི་གཞི་རྩའི་བླང་བྱ་གཏན་འབེབས་གསལ་པོ་བྱས་པ།

《ལག་བསྟར་བྱེད་ཐབས》དེས་གཞིས་ཁུལ་དུ་ཁམས་གསོ་གསར་འཛུགས་བྱེད་པ་རྨང་གཞིར་བཟུང་ནས། ཁམས་གསོའི་སྒྲིག་སྲོལ་གྱི་རྐང་འཛིན་དང་དབང་སྐྱོན་མི་སྣའི་ཁྱིམ་ཚང་གཞི་འཛིན་ས་བྱས་ནས་དབང་སྐྱོན་མི་སྣའི་ཁམས་གསོའི་ཞབས་ཞུའི་མ་ལག་གཞིར་བཟུང་ནས། ཁམས་གསོའི་སྒྲིག་སྲོལ་དང་དེ་མིན་ལས་བྱེད་མི་སྣའི་ཁྲིམས་བཀོད་ཆ་རྐྱེན་དང་རེ་འདུན་གཏན་འཁེལ་བྱས། རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ། ཁམས་གསོའི་ཞབས་ཞུའི་སྒྲིག་སྲོལ་ལ་རྒྱབ་སྐྱོར་དང་ཁམས་གསོའི་རོགས་འདེགས་ཡོ་བྱད་ཀྱི་འོས་བསྟུན་ཞབས་ཞུའི་ས་ཚིགས་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས། ཁམས་གསོའི་རོགས་འདེགས་ཆས་ཀྱི་ཞབས་ཞུའི་དྲ་ཚིགས་སྔར་ལས་འཐུས་ཚང་ཅན་ཏུ་བཏང་བ་དང་ཁམས་གསོའི་རོགས་འདེགས་ཆས་ཀྱི་ཐོན་ལས་དང་སྨན་བཅོས། རྒན་གསོ། དབང་སྐྱོན་མི་སྣའི་ཁམས་གསོའི་བྱ་གཞག་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། དབང་སྐྱོན་ནར་མ་སོན་པའི་མི་སྣའི་ཁམས་གསོའི་རོགས་སྐྱོར་ལ་ཤུགས་སྣོན་བྱས།

དབང་སྐྱོན་སྔོན་འགོག་དང་དབང་སྐྱོན་མི་སྣའི་ཞབས་ཞུའི་འགན་སྲུང་བྱེད་ཐབས་འཐུས་ཚང་ཅན་ཏུ་གཏོང་རྒྱུ།

《ལག་བསྟར་བྱེད་ཐབས》དེས་མིག་སྔའི་རང་ཞིང་གི་དབང་སྐྱོན་སྔོན་འགོག་དང་དབང་སྐྱོན་མི་སྣའི་ཁམས་གསོའི་བྱ་བའི་ཁྲོད་ཀྱི་འབུར་ཐོན་དཀའ་ཁག་དང་གནད་དོན་ལ་ཁ་གཏད་ནས། དཀའ་ཁག་ཆེ་བའི་དབང་སྐྱོན་མི་སྣ་ལ་འཚོ་བའི་ཁ་གསབ་དང་དབང་སྐྱོན་ཚབས་ཆེ་ཤོས་ཀྱི་མི་སྣ་ལ་ནད་གཡོག་ཁ་གསབ་ལམ་ལུགས་འཐུས་ཚང་དུ་བཏང་། དབང་སྐྱོན་སྔོན་འགོག་དང་དབང་སྐྱོན་མི་སྣའི་ཁམས་གསོ་བྱ་བའི་གནས་ཚུལ་མཉམ་སྤྱོད་སྒྲིག་སྲོལ་གསར་འཛུགས་བྱས། མཐོ་རིམ་སློབ་གླིང་དང་ལས་རིགས་སློབ་གྲྭ་རུ་དབང་སྐྱོན་སྔོན་འགོག་དང་དབང་སྐྱོན་མི་སྣའི་ཁམས་གསོའི་འབྲེལ་ཡོད་ཆེད་ལས་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་། ཁམས་གསོའི་སྒྲིག་སྲོལ་གསར་འཛུགས་ཀྱི་སློབ་གྲྭའི་དངོས་སྦྱོང་གསབ་སྦྱོང་དང་འཇོན་མིའི་མཉམ་ལས་སྒྲིག་སྲོལ་གཞིར་བཟུང་ནས་ཁམས་གསོའི་ཆེད་ལས་འཇོན་མིའི་འགན་སྲུང་བྱེད་ཐབས་ལ་གསབ་སྦྱོང་གནང་བ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།