རང་ཞིང་གིས་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི45.8ཡོད་པའི་ས་ཁོངས་ལྗང་སྒྱུར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2020ལོ་ནས་བཟུང་། རང་ཞིང་གིས་ཁྱོན་ཡོངས་ནས་ཞིང་ཆེན་ཧྲིལ་བོའི་རྒྱལ་ཁོངས་ལྗང་སྒྱུར་འཕར་ཚད་མཐོར་འདེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ཞིང་། ད་ལྟའི་བར་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི45.8ཡོད་པའི་ས་ཁོངས་ལྗང་སྒྱུར་བྱས་། དེའི་ཁྲོད་ནགས་ཚལ་སྤྱི་ཆིངས་ཁྲི21.8དང་རྩྭ་ཐང་བཅོས་སྐྱོང་སླར་གསོའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི24འདུ། ནགས་ཚལ་སྤྱི་ཆིངས་ཁྲི0.53ལ་ལྗང་སྒྱུར་ཡོངས་འགྲུབ་བྱུང་ཡོད།

རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་ཁྱོན་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེར་མཚོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལོ་གསུམ་བྱེད་སྒོ་ལ་སྐུལ་འདེད་བྱེད་པའི་ལས་འགན་དང་། རྒྱལ་ཁོངས་ལྗང་སྒྱུར་སྲ་བརྟན་མཐོར་འདེགས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་ལས་འགུལ། རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་དུས་རིམ་གཉིས་པ་དང་མདོའི་ཕྱོགས་བསྡུས་བཅོས་སྐྱོང་། བྱང་གསུམ། ཐེན་པའོ། རྨོ་བསྐྱུར་ནགས་སྐྲུན། ཕྱུགས་བསྐྱུར་རྩྭ་འདེབས་སོགས་སྐྱེ་ཁམས་གཙོ་གནད་དག་ལ་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་བཅས་ལ་ཤུགས་ཆེན་པོས་སྒོ་ནས་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་སུ་ནགས་སྐྲུན་བྱ་བའི་གྲ་སྒྲིག་དང་འཕེལ་རིམ། རྒྱུ་སྤུས་བཅས་ཀྱི་ཐད་ལ་ལྟ་སྐུལ་ཞིབ་བཤེར་དང་སྒྲིག་སྲོལ་གསར་སྐྲུན་ནགས་ཚལ་གྱི་བཟོ་སྐྲུན་རྣམ་གྲངས་ཡིག་ཆའི་རྒྱུ་ཆའི་ཡིག་ཚགས་ཁྱབ་ཁོངས་དང་བདག་དོམ་སྲུང་སྐྱོབ་དུས་བཅད་ལ་ལྟ་རྟོག་ནན་མོ་བྱས་ནས་རིམ་པ་སོ་སོའི་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་པར་སྐུལ་འདེད་བཏང་། ཞིང་ཆེན་ཧྲིལ་བོར་ནགས་སྐྲུན་བཟོ་སྐྲུན་ཡུལ་དངོས་ཀྱི་གཟིགས་ཞིབ་གྲོས་ཚོགས་སྤེལ་བ་དང་། རང་ཞིང་གིས་རྒྱ་ཁྱོན་སྤྱི་ཆིངས་ཁྲི2ལྷག་ལ་ཆེས་ཐོག་མར་འཕུར་འདེབས་ནགས་སྐྲུན་བྱས། ཀོས་ཀྲུའུ་ཞིང་ཆེན་ཅིན་ནན་ཀྲུའུ་ཡི་སྐབས་བཞི་པའི་ལྗང་མདོག་བཤམས་སྟོན་གྲོས་ཚོགས་ལ་ཟབ་ཞུགས་བྱེད་པའི་བྱ་བ་རྩ་འཛུགས་བྱས་པས། ཕུལ་བྱུང་འགྲེམས་སྟོན་གསེར་གྱི་རྟགས་མ་དང་ཆེས་ཕུལ་དུ་བྱུང་བའི་ཇུས་འགོད་བྱ་དགའ་ཐོབ།

དེ་དང་ཆབསཅིག 《མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་ལྗང་འགྱུར་འཆར་འགོད》དང《ཟི་ལིང་ས་ཁུལ་གྱི་ལྷོ་བྱང་རི་བོའི་དུས་རིམ་བཞི་པའི་ལྗང་འགྱུར་བཟོ་སྐྲུན་སྤྱིའི་འཆར་འགོད(2021-2030)》《མཚོ་སྔོན་ཞིང་ཆེན་གྱི་འཕུར་འདེབས་ནགས་བཟོའི་འཆར་འགོད(2020ལོ་ནས་2024ལོ་བར)》《མཚོ་སྔོན་ཞིང་ཆེན་གྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་དང་མྱ་ངམ་ཐང་གི་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སླར་གསོའི་བཅོས་སྐྱོང་བཟོ་སྐྲུན་གྱི་འཆར་འགོད(བསམ་འཆར་བསྡུ་ལེན་མ་ཟིན)》《མཚོ་སྔོན་ཞིང་ཆེན་གྱི་བྱང་གསུམ་འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་གྱི་དུས་རིམ་དྲུག་པའི་བཟོ་སྐྲུན་འཆར་འགོད(ཐོག་མའི་མ་ཡིག)》《མཚོ་སྔོན་ཞིང་ཆེན་གྱི་བྱེ་འགོག་བཅོས་སྐྱོང་འཆར་འགོད》(2021ལོ་ནས་2035ལོའི་བར)ཀྱི་དུས་ཡུན་ཁྲོད་འཆར་འགོད་སྒྲིག་བཟོའི་ལས་དོན་སྤེལ་འགོ་འཛུགས་དགོས།

2020ལོར། ཞིང་ཆེན་ཡོངས་སུ་བྱེ་འགོག་བཅོས་སྐྱོང་སྤྱི་ཆིངས་ཁྲི7ལེགས་འགྲུབ་བྱུང་ཞིང་། ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ལྷན་ལ2019ལོའི་བྱེ་འགོག་བཅོས་སྐྱོང་ལས་དོན་སྤེལ་ཚུལ་སྙན་སེང་ཞུས། མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་བྱེ་ཐང་ཅན་དང་བྱེ་འགྱུར་ས་ཞིང་ལ་ལྟ་ཞིབ་ཚད་ལེན་གྱི་ཕྱི་ཕྱོགས་ལས་དོན་ཐེངས་དྲུག་པ་ལེགས་འགྲུབ་བྱུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ལུན་ཧུའུ་སྲིད་འཛིན་ཨུ་ལྷན་དང་རྨ་ཆེན་རྫོང་ཁྲང་མ་ཆུ་བོ། དབུས་ལམ་རྫོང་གི་ལུའུ་ཧའོ་བཅས་རྒྱལ་ཁབ་ཀྱི་བྱེར་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ3གྱི་ལོ་འཁོར་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱས་པར་མ་དངུལ་སྒོར་ཁྲི3200བཏང་བ་རེད། 2020ལོར་གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་རྣམ་གྲངས་ཀྱི་དུས་འགོའི་ཕྱི་ཕྱོགས་ལས་རིགས་ལ་བརྟག་དཔྱད་དང་ལག་བསྟར་ཇུས་གཞི་བཟོ་བའི་ལས་དོན་ལེགས་སྒྲུབ་བྱས་ནས་ས་གནས་ཁག་གི་གཅིག་སྡུད་བྱེ་བཅོས་ལས་འགན་སྤྱི་ཆིང་ཁྲི་0.83དོན་འཁྱོལ་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་1.5གཤམ་སྤྲོད་བྱས་པ་རེད། བྱེད་སྒོ་སྤེལ་སྟངས་གསར་གཏོད་བྱས་ནས་འོས་འགན་ཤིང་འཛུགས་བྱ་རྒྱུ་དེ་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བ་དང་།གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ།གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པ།ནགས་ཚལ་གྲོང་ཁྱེར་དང་གྲོང་རྡལ་དང་ནགས་ཚལ་གྲོང་ཚོ་སྐྲུན་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འོས་འགན་ཤིང་འཛུགས་ཀྱི་རང་འགན་གཙང་སྒྲུབ་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ཀྱི“གཅིག་གསུམ”བྱེད་སྒོ་གཏིང་ཟབ་སྤེལ་ནས་འོས་འགན་ཤིང་འཛུགས་ཁྲི་1500ལེགས་སྒྲུབ་བྱས་ཡོད། མིག་སྔའི་བར་ཞིང་ཆེན་དེ་ཡོངས་ཀྱིས་རྒྱལ་ཁབ་ཀྱི“དྲ་སྦྲེལ་དང་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ཟུང་འཛུགས”ཀྱི་རྟེན་གཞི་2དང་།མཚོ་སྔོན་གྱི“དྲ་སྦྲེལ་དང་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ཟུང་འབྲེལ”རྟེན་གཞི་14གྲོང་ཁྱེར་རིམ་པའི་འོས་འགན་ཤིང་འཛུགས་སྣེ་ལེན་ས་ཚིགས་19བཅས་བསྐྲུན་ནས་འོས་འགན་ཤིང་འཛུགས་ཀྱི་ལམ་ཐིག་དང་ལམ་ཐིག་འོག་གི་ལྕགས་ལམ་གཉིས་མཉམ་དུ་བསྐྲུན་ཡོད་པ་རེད།

གཞན་ཡང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་སྒོར་ཁྲི3500དོན་འཁྱོལ་བྱས་པ་བརྒྱུད་ནགས་ཚལ་གྲོང་ཁྱེར་དང་གྲོང་རྡལ་7དང་ནགས་ཚལ་དང་ཤང་གྲོང་15གཏོད་ཡོད་ཅིང་། ཐེངས་དང་པོར་སྒོར་ཁྲི་67དོན་འཁྱོལ་བྱས་ནས་ཞིང་ཆེན་དེ་ཡོངས་ཀྱི་གནའ་ཤིང་གི་གྲགས་ཅན་སླར་གསོ་བྱས་ཤིང་། རྐྱེན་ལམ་དུ་ཤོར་བའི་གནའ་བོའི་ཤིང་གི་མིང་དང་ཤིང་ལ་དུས་ཐོག་ཏུ་དགོས་ངེས་ཀྱི་བསྐྱར་གསོ་བྱ་ཐབས་སྤྱད་པ་རེད། གནའ་ཤིང་གྲགས་ཅན་གྱི་སྐྱེ་འཚར་གནས་ཚུལ་ལ་གཞིགས་ནས་སྲུང་སྐྱོབ་རང་བཞིན་གྱི་ལྕགས་ར་དང་འདེགས་སྒྲོམ་བཟོ་དགོས། ཤིང་ཁུང་བཟོ་བ་དང་།ནད་དང་འབུའི་གནོད་པ་འགོག་བཅོས།ཆུ་བཏང་ནས་ལུད་རྒྱག་པ་སོགས་ཀྱི་སྲུང་སྐྱོང་བྱ་ཐབས་སྤྱད་དེ་གནའ་ཤིང་གི་མིང་དང་ཤིང་ཆ་སྐྱོན་བྲལ་ངང་སྐྱེ་འཚར་ཡོང་རྒྱུ་འགན་ལེན་བྱེད་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།