ཁྲི་ཀ་རྫོང་གིས2021ལོ་འཁོར་གྱི་རྫོང་ཏང་ཨུས་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

ཟླ་1ཚེས6ཉིན་གྱི་ཕྱི་དྲོར། ཁྲི་ཀ་རྫོང་གིས2021ལོའི་རྫོང་ཨུད་ཀྱི་རུལ་རྒོལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་ཚོགས་འདུ་འཚོགས་པ་རེད། རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་གོ་ཤིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྫོང་ཨུད་ཀྱི་རྒྱུན་ཨུ་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན། རྫོང་ཨུད་ཀྱི་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལིའུ་ཅུས་ཚོགས་འདུར་ཕེབས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཝང་ཧའེ་དང་།རྫོང་ཁྲིམས་ཁང་གི་ཡོན་ཀྲང་མོང་ཞང་ཁུའེ།རྫོང་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ལིའུ་ཨའེ་ཆོན་དང་།རྫོང་ཨུད་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ཚོགས་ཆུང་གི་ཁོངས་མིའི་ལས་ཁུངས་སོ་སོའི་འགན་འཁུར་བ་དང་དེ་བཞིན་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས་པ་རེད། ཚོགས་འདུའི་ཐོག《〈ཁྲིམས་འཛིན་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་གནད་དོན་གྱི་ཁུངས་སྣེའི་ལས་དོན་སྐྱེལ་སྤྲོད་བྱ་ཐབས〉བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་བརྡ་ཐོ》དང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ཀྱིས《ཏང་ཨུད(ཏང་ཙུའུ)ཀྱིས་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི“རྣམ་པ་དང་པོའི”ལས་དོན་སྐོར་གྱི་བསམ་འཆར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཁོངས་གཏོགས་ལས་ཁུངས་ཁག་གི་འགན་འཁུར་བས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ཚོགས་ཆུང་བཙུགས་ཚུན་གྱི་ལས་དོན་ཐད་སྤེལ་རེས་གཏམ་བཤད་བྱས་ནས་བསམ་བློ་སྔར་བས་གཅིག་གྱུར་བྱས་ཏེ་གོམ་སྟབས་རྗེས་མའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བཏིང་ཡོད།

ཚོགས་འདུའི་སྟེང་བསྟན་དོན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ཚོགས་ཆུང་བཙུགས་པ་ནས་བཟུང་རྫོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོ ་ཁོངས་གཏོགས་ལས་ཁུངས་སོ་སོས་རྫོང་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ལ་དམིགས་པ་དང་རང་ངོས་ཀྱི་ལས་ཀའི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་མཐུན་སྦྱོར་ལ་ཤུགས་སྣོན་དང་།གཞོགས་འདེགས་དམ་ཟབ་བྱས་པས་ལས་དོན་ལ་དེ་བས་རང་འགུལ་དང་།འབྲེལ་གཏུག་དེ་བས་བདེ་པོ།རུལ་སུངས་ལ་ཆད་གཅོད་དེ་བས་ནུས་ལྡན་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོར་བསྐྱང་རྒྱུ་དེ་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་བས། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་ཡོང་བ་བྱས་ཏེ། ནམ་ཡང་ལམ་བུའི་ཐོག་སྙིང་རུས་དང་སྙིང་རུས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོར་བསྐྱང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། གཅིག་ནི་ཆབ་སྲིད་ཀྱི་བརྟན་ཤུགས་སྲུང་འཛིན་བྱས་ཏེ།ཐོག་མཐའ་བར་གསུམ་དུ་གནས་བབ་ལ་བརྡར་ཤ་གཅོད་པའི་ཁྲོད་ནས་ཡིད་ཆེས་དང་ཆོད་སེམས་བརྟན་པོ་བཅངས་ཏེ།སྒྲིག་ཁྲིམས་སྔོན་ལ་བཞག་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་དགོས་ལ། གཉིས་ནས་གཙོ་གནད་དང་དཀའ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ལས་འགན་ཁག་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་འགན་འཁྲི་བདའ་འདེད་དང་།ཆབ་སྲིད་ལྟ་ཞིབ།ཉེན་ཟོན་སློབ་གསོ།མངོན་ཞིབ་ལྐོག་འདྲི་སོགས་ཀྱི་བྱ་ཐབས་སྤེལ་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་གང་ལེགས་བྱས་ཏེ་ལམ་སྲོལ་དང་།མཉམ་ལས།དོན་འཁྱོལ་བཅས་ཀྱི་ཐད་རང་འགུལ་དེ་བས་ཆེ་བ་བྱ་དགོས་པ་རེད་དོ། །

ཚོགས་འདུའི་སྟེང་རེ་བ་བཏོན་པ་ལྟར། ཁོངས་མིའི་ལས་ཁུངས་སོ་སོས་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་སྒོས་ལྟ་སྐུལ་སྣ་ཚོགས་མཐུན་སྦྱོར་བྱས་ཏེ་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྟ་སྐུལ་དྲ་བ་ནན་པོ་ཞིག་ཆགས་པར་བྱེད་དགོས་ལ། ལས་ཀའི་བླང་བྱ་ཁ་གསལ་བཟོ་བ་དང་ལས་ཀའི་ཁ་ཕྱོགས་སྟངས་འཛིན་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཁྲོད་ཤུགས་ཚད་ཆུང་དུ་མི་གཏོང་བ་དང་གོམ་སྟབས་ལ་འགྱུར་ལྡོག་མི་འབྱུང་རྒྱུ་མཐའ་འཁྱོངས་བྱེད་དགོས། འགན་ནུས་འདོན་སྤེལ་ནུས་ལྡན་དང་ལས་ཀའི་མཉམ་ཤུགས་ཆགས་པ།གྱོད་གཞི་ཞིབ་གཅོད་ཀྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་དེ“མིག་མངས་འགྲིག་སྐོར་གཅིག ལེགས་སྒྲིག་གཅིགདྲ་བ་གཅིག”བཅས་ཐུབ་པ་བྱེད་དགོས། ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ།ལས་དོན་སྤེལ་རིང་སྒྲིག་ཁྲིམས་དང་བཅའ་ཁྲིམས་སྦྲེལ་མཐུད་དང་བཅའ་ཁྲིམས་སྦྲེལ་མཐུད་ཀྱི་བླང་བྱ་དོན་འཁྱོལ་བཅས་བྱས་ནས། རང་རེའི་རྫོང་གི་ཆབ་སྲིད་སྣོད་བཅུད་རྒྱུན་མཐུད་ལེགས་སུ་དང་ལེགས་སུ་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།