སྙན་སྒྲོན་པ་བསྡུ་བའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། མཚོ་སྔོན་གནམ་གཤིས་བརྡ་ཁྱབ་ཀུང་ཟིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་བོད་སྐད་སྙན་སྒྲོན་པ་གཅིག་ནས་གཉིས་བསྡུ་འཆར་ཡོད་ལ། འབྲོལ་ཡོད་ནང་དོན་གཤམ་གསལ་ལྟར།

གཅིག མིང་ཐོ་འགོད་པའི་ཆ་རྐྱེན།

1.སྙན་སྒྲོན་ལས་རིགས་ལ་དགའ་ཞིང་རྩོམ་འབྲིའི་ནུས་པ་ཅུང་ཟད་ལྡན་པ། རྩིས་འཁོར་རྨང་གཞིའི་ལག་ལེན་ལ་བྱང་ཆ་ལྡན་ཞིང་གནམ་གཤིས་སྔོན་བརྡའི་ལེ་ཚན་དང་སྨྱན་བྱད་གསར་བའི་མདོ་འཛིན་དང་ཇུས་འགོད་བྱ་བ་སྒྲུབ་ཐུབ་པ།

2.སློབ་ཆེན་དངོས་གཞི་དང་དེའི་ཡན་གྱི་བསླབ་གནས་དགོས་ཤིང་། སྙན་སྒྲོན་ཆེད་ལས་དང་ཉམས་མྱོང་ཅན་ལ་དམིགས་བསལ་ཡོད།

3.སྐྱེ་གཟུགས་ལེགས་ཤིང་སྨྲ་ལྕེ་དག་པ། རྣམ་རིག་རྒོད་པ་སོགས་ཀྱི་ཆ་རྐྱེན་འཛོམ་དགོས།

གཉིས། མིང་ཐོ་འགོད་ཚུལ་དང་ཡུལ་དུས།

1.མིང་ཐོ་འགོད་སྐབས་མཐར་ཕྱིན་འཛིན་ཡིག་དང་ཐོབ་ཐང་ལག་ཁྱེར་བཅས་ཀྱི་མ་ཡིག་དང་བསྐྱར་དཔར་རེ། རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་དང་ཉེ་ཆར་བླངས་པའི་ཚོན་ལྡན་པར་ཆུང(1寸)2རེ་གྲ་སྒྲིག་བྱ་དགོས།

2.མིང་ཐོ་འགོད་ཡུན། 2020ལོའི་ཟླ12པའི་ཚེས25ནས2021ལོའི་ཟླ1པོའི་ཚེས30ཉིན་བར་ཡིན།

3.མིང་ཐོ་འགོད་ཡུལ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ལྔ་བཞི་ལམ་ཆེན་གྱི་ཨང་རྟགས19པ། གནམ་གཤིས་ཐོག་ཁང་ཆེན་མོའི་ཁང་བརྩེགས་བཅུ་གསུམ།

གསུམ། འབྲེལ་གཏུགས་བྱ་ཡུལ།

བཀྲ་ཤིས་རབ་བརྟན། ཁ་པར། 15500505593

ལོ་ཙཱ་པ། ལྷ་ཆེན་རྒྱལ།