དབུགས་འཚང་ནད་པས་ཆུ་མང་པོ་འཐུང་ན་ལེགས།

དབུགས་འཚང་ནད་པས་ཆུ་མང་པོ་འཐུང་དགོས་ཏེ། རྒྱུ་མཚན་ནི། དབུགས་འཚང་བའི་ནད་པ་དེ་དབུགས་འཚང་བའི་སྐབས་སུ་ལུས་ལ་ཆུ་ཟད་པའི་གནས་སུ་ལྷུང་ཡོད་པ་རེད། དབུགས་ཀྱི་འབྱིན་རྔུབ་ཇེ་མགྱོགས་དང་ཇེ་མང་དུ་ཕྱིན་ན། དབུགས་ཕྱིར་གཏོང་སྐབས་ལུས་ཀྱི་ཆུ་མི་ཉུང་བ་ཤོར་ཟིན་པ་དང་། དབུགས་འཚང་སྐབས་རྒྱུན་པར་རྔུལ་ཆུ་འབྱུང་བས་ལུས་ཀྱི་ཆུ་ཤོར་བ་དང་། དེའི་ཐོག་ཇ་བུལ་རིགས་ཀྱི་སྨན་རྫས་ཡང་ཡང་འཐུང་ན་དྲི་ཆུ་ཕྱིར་འབུད་ཚད་ཇེ་མང་དུ་ཕྱིན་པ་སོགས་ཀྱིས་མིའི་ལུས་ཀྱི་ཆུ་ཟད་པ་རེད།

ལུས་ཀྱི་ཆུ་ཟད་པ་དེས་ལུད་པ་འབྱར་བག་ཏུ་བསྒྱུར་ཅིང་ལུད་པ་ཕྱིར་གཏོང་དཀའ་བས། གློ་ཡའི་ཡན་ལག་ཆུང་བའི་ཁ་བཀག་སྟེ། ཐ་ན་ལུད་པ་རྡོག་འགྱུར་ཀྱང་འབྱུང་ལ། དབུགས་ཕྱིར་གཏོང་བ་ལའང་དཀའ་ཁག་ཆེན་པོ་བཟོ་ངེས་ཡིན།

དེའི་རྐྱེན་གྱིས། དབུགས་འཚང་ནད་པས་རང་ཉིད་བདེ་སྲུང་ལེགས་བྱེད་རྒྱུ་ཧ་ཅང་གལ་ཆེ་སྟེ། རྒྱུན་པར་ཆུ་མང་པོ་འཐུང་ཏེ། (སྐོམ་ན་མ་གཏོགས་ཆུ་མི་འཐུང་བ་མ་ཡིན་པ)ལུས་ཁམས་སུ་ཚད་ངེས་ཅན་གྱི་ལུས་ཆུ་སྲུང་འཛིན་བྱེད་དགོས། འོས་འཚམས་ཀྱིས་ལུས་རྩལ་སྦྱོང་བ། དཔེར་ན་འཆམ་འཆམ་དུ་འགྲོ་བ་དང་། ཆུར་རྐྱལ་བ། དལ་རྒྱུག་སོགས་བྱས་ཏེ་ལུས་གཞི་ཇེ་བདེ་རུ་གཏོང་བ། རྒྱུན་པར་སེམས་ཁམས་ལེགས་པོ་ཞིག་རྒྱུན་སྲུང་བྱེད་དགོས། དབུགས་འཚང་ནད་པས་རྒྱུན་དུ་གྱོན་ཆས་དང་ཉལ་ཐུལ་ཉི་མར་ལྡེ་ལྟེ་ནད་འབུ་སེལ་དགོས། གློ་ལུ་བ་དང་དབུགས་འཚང་བར་སྔོན་འགོག་བྱེད་ཆེད་ནམ་ཟླའི་དྲོད་གྲང་ལ་མཉམ་འཇོག་བྱས་ཏེ་ལུས་པོ་འཁྱག་ཏུ་འཇུག་མི་རུང་།

ཀླུ་མོས་བསྒྱུར།