ཚེ་ཐག་རིང་འདོད་ན་བྱ་སྤྱོད་འདི་དག་དང་རྒྱང་ཁྱེད་ཅིག

དྲ་ལམ་དུ་བརྙན་ཐུང་འདི་ལའདྲ་ཞིག་ཡོད། དགོང་མོ་དུས་ཚོད་བཅུ་གཉིས་ཀྱི་རྗེས་ནས་གཉིད་པ་ནི་རང་དམེ་བྱེད་པ་དང་འདྲ་ལ། ཞོགས་ཟས་མི་ཟ་བ་ཡང་རང་དམེ་བྱེད་པ་དང་འདྲ། ནམ་རྒྱུན་བསྲེགས་ཟས་སོགས་ཟོས་ན་ཡང་རང་དམེ་བྱེད་པ་དང་འདྲ། དེ་མིན་ཁ་པར་དུས་ཚོད་ཉེར་བཞི་ལ་ཁ་ཕྱེས་ན་ཡང་རང་སྲོག་གཅོད་པ་དང་འདྲའོ། །དུས་ཡུན་རིང་བོར་ཁང་བའི་ནང་འདུག་ཡུན་རིང་དྲགས་ན་ཡང་གོང་གསལ་གྱི་བྱ་སྤྱོད་ལས་མ་འདས། ལུས་པོར་སྦྱོང་བརྡར་མ་བྱས་ན་ཡང་རང་དམེ་བྱེད་པ་དང་འདྲ་ཟེར་བ་དེར་མི་མང་པོ་ཞིག་གིས་ཟུར་ཟའི་ཚུལ་གྱིས་ངས་ཉིན་གང་བོར་ཅི་ཡང་ལས་བཞིན་མེད་པས་རང་དམེ་བྱེད་པ་མིན་ནམ་ཞེས་ཁོང་དགོད་བྱེད། འདི་ནི་ངོ་མས་ཀུ་རེ་དགོད་གཏམ་ཙམ་མིན་ལ། རང་དམེ་བྱེད་པ་དེ་ཉིན་རེ་རེར་ལུས་དང་གྲིབ་མ་ཇི་བཞིན་ང་ཚོའི་ཉེ་འཁོར་དུ་བསྐོངས་ཡོད། གཤམ་ནས་ང་ཚོས་ངེས་པར་དུ་རྒྱང་བཀྱེད་དགོས་པའི་སྤྱོད་ལམ་མི་ལེགས་པ7ངོ་སྤྲོད་བྱ་རྒྱུ་ཡིན་པས། ཚང་མས་ཡིད་ལ་བརྟན་པོར་གཟུང་རོགས་ཞུ།

རང་དམེ་འདྲ་བའི་སྤྱོད་ལམ་དང་པོ། ནམ་རྒྱུན་དགོང་མོ་དུས་ཚོད12གྱི་རྗེས་ནས་གཉིད་པ།

དུས་ཡུན་རིང་བོར་གཉིད་བཅག་པ་ན་ལུས་པོའི་རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ་དང་། དལ་བའི་རང་བཞིན་གྱི་ནད་རིགས་འདྲ་མིན་སྣ་ཚོགས་བསྐྱེད་སྲིད། ཁྲག་ཤེད་མཐོ་བའི་ནད་དང་སྙིང་ཁམས་མི་བདེ་བའི་ནད། གཅིན་སྙི་ཟ་ཁུ་སོགས་ཀྱི་ནད་འབྱུང་ངེས། དེ་མིན་ཕྲ་ཕུང་ངོ་བོ་ལྡོག་འགྱུར་གྱིས་ནད་པ་ལ་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ།

དེ་མིན་མཚན་མོར་གཉིད་བཅག་ན་ཕོ་རྒྱུ་གཉིས་ཀར་ངལ་གསོ་འདང་ངེས་ཤིག་འཐོབ་དཀའ་བ་རེད། གཞི་གྲངས་ལས་མངོན་པ་ལྟར་ན། གཉིད་བཅག་པའི་དུས་ཚོད6.5ལས་ཉུང་ན་འཆི་བའི་ཉེན་ཁ་ཡང་སྔར་ལས་ཆེས་ཆེར་འགྲོ་སྲིད། དུས་ཡུན་རིང་བོར་འདི་ལྟར་བྱས་་ན་རང་སྲོག་གཅོད་པ་ལས་མ་འདས།

རང་དམེ་འདྲ་བའི་སྤྱོད་ལམ་གཉིས་པ། དུས་ཡུན་རིང་བོར་ནངས་ཇ་མི་འཐུང་བ།

ནངས་ཇ་མ་འཐུང་ན་ཀླད་པར་ལྟོགས་སྐོམ་ཐེབས་པ་དང་ནུས་ཚད་ཀྱིས་མ་འདང་པས་ཀླད་པར་ངལ་དུབ་བྱུང་སྟེ། རྣམ་རིག་གཅིག་བསྡུས་བྱེད་མི་ཐུབ།

ནངས་ཇ་མ་འཐུང་ན་ཕོ་བ་མི་བདེ་བ་དང་དུས་ཡུན་རིང་བོར་ལྟོགས་སྐོམ་བྱུང་ཚེ། ཕོ་བར་སྐྱུར་ལངས་ནས་ཕོ་བའི་གཉན་ཚད་ཕོ་བ་སྨུག་པོའི་ནད་རྟགས་འབྱུང་སྲིད།

ནངས་ཇ་མ་འཐུང་ན་མཁྲིས་རྡོའི་ནད་རྟགས་འབྱུང་ངེས། ཟས་རིགས་མ་ཟོས་ན་མཁྲིས་ཁུ་ཕྱིར་འདོན་བྱེད་དཀའ་བས་མཁྲིས་རྡོའི་ནད་རྟགས་འབྱུང་སླ།

ནངས་ཇ་མ་འཐུང་ན་རྩ་སྐམ་པ་དང་བཤང་ལམ་ནས་རྩ་འདོན་དཀའ་བ་དང་རྩ་མེད་པའི་སྣང་ཚུལ་འབྱུང་སྲིད།

ནངས་ཇ་མ་འཐུང་ན་རིམས་ནད་འབྱུང་སླ་བ་དང་གཅིན་སྙི་ཟ་ཁུ། ཀླད་པ་དང་སྙིང་ཁམས་ཀྱི་ནད་སོགས་འབྱུང་སླ་ངེས།

ནངས་ཇ་མ་འཐུང་ན་ལུས་པོ་རྒྱགས་པ་ཆགས་སླ།

འཇར་མན་གྱི་ཨེ་ལིའང་ཀུན་སློབ་ཆེན་གྱི་ཞིབ་འཇུག་ལས་མངོན་པ་ལྟར་ན། ནངས་ཇ་འཐུང་རྒྱུར་དོ་སྣང་མི་བྱེད་པའི་མི་རྣམས་ཀྱི་ཚེ་ཐག་ཆ་སྙོམས་སྒོས་ལྡབ2.5ཡིས་ཇེ་ཐུང་དུ་འགྲོ་བཞིན་ཡོད་ཟེར།

རང་དམེ་འདྲ་བའི་སྤྱོད་ལམ་གསུམ་པ། ཆང་འཐུང་བ་ཚད་ལས་བརྒལ་པ།

ཆང་བཅུད་ཀྱིས་མཆིན་པ་ལ་ཐེབས་པའི་གནོད་འཚེ་ནི་གསོག་སྡུད་རང་བཞིན་ཅན་ཡིན་ལ། ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་ནས་ཆང་བཅུད་རང་བཞིན་གྱི་མཆིན་པའི་གཉན་ཚད། ཆང་བཅུད་རང་བཞིན་གྱི་མཆིན་པ་སྲ་འགྱུར་བཅས་ནི་མཐའ་མཇུག་མཆིན་པའི་འབྲས་སྐྲན་འབྱུང་བའི་གོམ་སྟབས་ཆེན་པོ་བཞི་ཡིན།

ཡང་གཅིག་བཤད་ན་ཆང་བག་མེད་དུ་བསྟེན་ན་ཆང་ཕོར་གཅིག་གིས་ཀྱང་ཁྱོད་རང་མཆིན་པའི་འབྲས་སྐྲན་གྱི་ཕྱོགས་ལ་བར་ཐག་ཇེ་ཉེ་རུ་གཏོང་བཞིན་ཡོད་ལ། མི་ཚེའི་ཚེ་མཇུག་དང་ཡང་བར་ཐག་ཇེ་ཉེ་རུ་འགྲོ་བཞིན་ཡོད།

རང་དམེ་འདྲ་བའི་སྤྱོད་ལམ་བཞི་པ། དུས་ཡུན་རིང་བོར་ཐ་མག་འཐེན་པ།

དུ་བའི་ཁྲོད་དུ་རྫས་འགྱུར་བྱ་དངོས་བརྒྱ་ཕྲག་མང་པོ་ཡོད་ལ། དེའི་ཁྲོད་ཀྱི་རིགས60ལྷག་འབྲས་སྐྲན་དང་འབྲེལ་བ་དམ་པོ་ཡོད། གལ་ཏེ་སྤྱིར་བཏང་གི་མི་ཞིག་ལ་གློ་བའི་འབྲས་སྐྲན་འབྱུང་བའི་ཚད་གཞི་ནི1ཡིན་ཚེ། དུ་བ་འཐེན་པའི་ནད་པ་ལ་འབྲས་སྐྲན་གྱི་ནད་འབྱུང་བའི་ཚད་གཞི་ནི་སྤྱིར་བཏང་གི་དུ་བ་མི་འཐེན་པའི་མི་ཚོགས་ཀྱི་ལྡབ17ཡིན།

དུ་བ་འཚིག་པ་ལས་བྱུང་བའི་དུ་བ་དེ་མིད་ཐག་བརྒྱུད་ནས་ཕོ་བར་སླེབས་པ་དང་གནོད་ལྡན་བྱ་དངོས་ཉི་ཀུའུ་ཏེན་གྱིས་ཕོ་བའི་འབྱར་བག་ལ་ཟུག་གཟེར་དྲག་པོ་ཐེབས་སླ། ཕོ་བའི་འབྱར་བག་ངོས་སུ་ཁྲག་རྩ་འབུར་བ་དང་རེངས་འཁུམ། རུལ་འགྱུར་སོགས་ཀྱི་སྣང་ཚུལ་འབྱུང་སྲིད། དེར་མཐུད་འབྱར་བག་ངོས་ཀྱི་ཁྲག་ཆད་པ་དང་གསོ་རླུང་དཀོན་པ་སོགས་ཀྱི་གནས་ཚུལ་གྱིས་ཕོ་བ་སྨུག་པོ་དང་ཕོ་བའི་གཉན་ཚད་སོགས་ཀྱི་ནད་རིགས་འདྲ་མིན་ཡང་འབྱུང་སྲིད།

ཨ་རིའི་འབྲས་སྐྲན་རིག་གཞུང་ལྷན་ཚོགས་ཀྱི་ཞིབ་འཇུག་མི་སྣས་བསྟན་དོན། 2011ལོར་ལོ35ཡན་གྱི་དར་མ་དག་ལ་འབྲས་སྐྲན་ནད་རིགས་མི་འདྲ་བ12ཀྱི་དབང་གིས་ཚེ་ལས་འདས་པའི་གྲངས་འབོར་ཁྲི34.6ཡིན་ལ། དེའི་ཁྲོད་ཀྱི48.5%ནི་མི་སྒེར་འབྲས་སྐྲན་ཐེབས་པ་ནི་དུ་བ་འཐེན་པ་ལས་བྱུང་བ་རེད། ཚེ་ཐག་ཇེ་རིང་དུ་གཏང་འདོད་ཚེ་ཐ་མག་སྔ་མོ་ནས་བཅད་ན་འགྲིག

རང་དམེ་འདྲ་བའི་སྤྱོད་ལམ་ལྔ་པ། དུས་ཡུན་རིང་བོར་བཙོག་ནས་ཡར་མི་ལངས་མཁན།

མི་ལུས་ཀྱི་སྙིང་རྩའི་བྱ་བར་ཐེབས་པའི་དགོས་མཁོ་ཡང་དེར་བསྟུན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། ཟུངས་ཁྲག་གི་འཁོར་སྐྱོད་ཇེ་དལ་དུ་སོང་ནས་དུས་ཡུན་རིང་བོ་འགོར་ན་སྙིང་རྩའི་ནུས་པ་ཇེ་ཞན་དུ་འགྲོ་བ་དང་སྙིང་རྩ་རེངས་འཁུམ་དང་དབང་རྩ་སྲ་འགྱུར། ཁྲག་ཤེད་མཐོ་བ། སྙིང་ནད་སོགས་སྙིང་ཁམས་དབང་རྩའི་རང་བཞིན་གྱི་ནད་རིགས་འབྱུང་སྲིད། ཞིབ་འཇུག་ལས་མངོན་པ་ལྟར་ན། དུས་ཡུན་རིང་བོར་བཙོག་ནས་ལས་ཀ་བྱེད་པའི་ཀླད་ཤུགས་ངལ་རྩོལ་མཁན་ལ་སྙིང་ཁམས་དབང་རྩའི་ནད་འབྱུང་བའི་ཚད་གཞི་ནི12%ཡིན་ལ། ལུས་ཤུགས་ངལ་རྩོལ་མཁན་ལ་སྙིང་ནད་འབྱུང་བའི་ཚད་གཞི་ནི3%ཡིན་ངེས།

དོན་དག་མེད་ན་ཡང་འགུལ་སྐྱོད་བྱ་དགོས། ཙོག་ནས་འདུག་རྒྱུར་དགའ་བའི་མི་རྣམས་ཀྱིས་རང་སྲོག་གཅོད་པའི་གཤེད་མ་ལ་སྒོ་འབོད་བྱེད་བཞིན་ཡོད།

རང་དམེ་འདྲ་བའི་སྤྱོད་ལམ་དྲུག་པ། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་མེད་པར་རྒྱགས་པ་ཆགས་པ།

ཨ་རིའི《དབྱིན་ཀི་ལན་གསར་པའི་གསོ་རིག་དུས་དེབ》ཞེས་པའི་སྟེང་སྤེལ་བའི་སྙན་ཞུ་ཞིག་ལས་བསྟན་དོན། ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བའི་མི་ཚོགས་ལ་འབྲས་སྐྲན་རིགས་མི་འདྲ་བ13འབྱུང་སླ་ཞིང་། དེ་དག་ནི་ཕོ་བའི་འབྲས་སྐྲན་དང་མཆིན་པའི་འབྲས་སྐྲན། མཁྲིས་པའི་འབྲས་སྐྲན། གཤེར་རྨེན་འབྲས་སྐྲན། མངལ་གནས་འབྲས་སྐྲན། ཨོལ་མདུད་གཤེར་མའི་འབྲས་སྐྲན། ཀླད་པའི་འབྲས་སྐྲན། རུས་རྐང་གི་འབྲས་སྐྲན་སོགས་ཡིན་ཟེར།

རང་ལུས་རྒྱགས་པ་ཚད་རྒྱུར་ཚོད་འཛིན་མ་བྱས་ན་བདེ་ཐང་ལ་མི་ཕན་པ་མ་ཟད། ཚེ་ཐག་ཡང་ཇེ་ཐུང་དུ་འགྲོ་ངེས།

རང་དམེ་འདྲ་བའི་སྤྱོད་ལམ་བདུན་པ། དུས་མ་ཡིན་པར་ཟས་ཅི་འདོད་བསྟེན་པ།

འབྲས་སྐྲན་གྱིས་ཚེ་ལས་འདས་པའི་ཧྥུ་ཏན་སློབ་ཆེན་གྱི་བུད་མེད་འབུམ་རམས་པ་ཡུའུ་ཅོན་ལ་རང་ལུས་ཀྱིས་དངོས་སུ་མྱངས་པའི་ཉམས་མྱོང་ཡོད། དེ་ཡང་ཁོའི་ཕ་རྒན་ནི་ཇ་མ་ཡིན་པས། མོས་ཕལ་ཆེར་གནམ་འོག་གི་ཟ་མ་མ་ཟོས་པ་ཅི་ཡང་མེད་ཅེས་བཤད་ཆོག འོན་ཀྱང་མོར་རྗེས་ནས་དེའི་གནད་ཧ་གོ་རྗེས་བཤད་རྒྱུར། ང་ཚོ་རང་ཉིད་ཀྱི་སྤྱང་གྲུང་ལྡན་པའི་སྔོན་བྱོན་མེས་པོ་དག་ལ་ཡིད་ཆེས་དགོས། ལོ་ངོ་ཆིག་སྟོང་རིང་གི་ཤེས་རབ་ཀྱི་ཉིང་བཅུད་ནི་ཁོ་ཚོས་དུས་ཡུན་རིང་བོར་འདེམས་སྒྲུག་བྱས་པ་ཡིན་པས། ང་ཚོའི་ཚེ་ཐག་གི་དུས་ཚོད་ལས་ལྡབ་འགྱུར་གྱིས་རིང་བས། ད་བཟོད་ང་ཚོའི་ཆེས་མཐའ་མཇུག་གི་བཟའ་རྒྱུ་དེ་དག་ཐག་གཅོད་བྱས་པ་ཡིན་ལ། དེ་ལ་བརྟེན་ནས་ང་ཚོ་སྐྱེད་བསྲིངས་བྱས་པ་ཡིན་ཟེར། དེའི་རྐྱེན་གྱིས་མཐོང་དཀོན་པའི་སྲོག་ཆགས་ཀྱི་ཤ་རིགས་རབ་ཡིན་ན་མ་ཟོས་ན་བཟང་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།