མཉམ་འབྲེལ་ཐོག་ཁྲིམས་བསྟར་བྱས་ཏེ་ལོ་སར་གཉིས་ཀའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ལ་ཁག་འགན་ཁུར་བ།

དུས་ཆེན་གཉིས་ཀྱི་སྐབས་ཀྱི་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ལ་ཁག་ཐེག་སྒོས་རྒྱ་ཆེའི་མང་ཚོགས་ལ་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ཞིག་རོལ་དུ་གཞུག་ཕྱིར། ཉེ་ལམ་ཡ་རྫི་རྫོང་ཞིང་ལས་ཚན་རྩལ་ཅུའུ་དང་སྤྱི་བདེ་ཅུའུ། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་ལ་བདེ་འཇགས་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་སྐབས་ཞིང་ལས་ཐོན་རྫས་ཚོང་གཉེར་ཁང་དང་གཏན་འཁེལ་བྱས་པའི་བཤས་ར། ཞིང་ལས་ཐོན་སྐྱེད་ཁེ་ལས་བཅས་གཙོར་བཟུང་སྟེ། ཞིང་ལས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་དང་བདེ་འཇགས་ཤེས་བྱའི་དྲིལ་སྒྲོག་བྱ་བ་ལེགས་པོར་སྤེལ། ཐོན་སྐྱེད་ལ་ཟིན་ཐོ་ཡོད་པ་དང་འཁོར་རྒྱུགས་ལ་རྗེས་འདེད་ཡོད་པ། བརྡ་འཕྲིན་རྩད་གཅོད་ཐུབ་པ། བདེ་འཇགས་ལ་རྒྱབ་རྟེན་ཆོག་པ་བཅས་ཀྱི་རེ་འདུན་བླང་བྱ་གཞིར་བཟུང་སྟེ། ཞིབ་བཤེར་ཚན་ཆུང་གིས་ཞིང་ལས་ཐོན་རྫས་ཚོང་གཉེར་ཁང་དང་གཏན་འཁེལ་བྱས་པའི་བཤས་ར། འདེབས་འཛུགས་ཐོན་སྐྱེད་རྟེན་གཞི་གཞིར་བཟུང་ནས་ཡུལ་དངོས་ལྟ་རྟོག་ནན་མོ་དང་རྩིས་ཐོ་ཞིབ་ཀློག་ནན་མོ། འདྲི་གཅོད་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཞིང་སྨན་ཚོང་གཉེར་ཁེ་ལས་དང་སྔོ་ཚོད་ཉོ་བསྡུ་བྱེད་ས། ཕྱིར་འཚོང་མཁན་དང་ཚོང་གཉེར་ཁྱབ་ཁོངས་སོགས་ཀྱི་བདེ་འཇགས་སྒྲིག་སྲོལ་ནན་མོར་བཙུགས། གཏན་འགོག་བྱས་པའི་ནགས་ར་སོགས་ལ་ཞིང་སྨན་གཏོར་བ་སོགས་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་ལྟ་རྟོག་ནན་མོ་བྱས། ཞིབ་བཤེར་ཚན་ཆུང་གིས་ལས་ཞུགས་མི་སྣ་དག་གིས《བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》དང《ཞིང་སྨན་དོ་དམ་སྒྲིག་སྲོལ》གཞིར་བཟུང་སྟེ། ཞིང་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་ཁྲིམས་མཐུན་ཚོང་གཉེར་དང་བདེ་འཇགས་ཐོན་སྐྱེད་བྱས། ཞིང་ལས་བདེ་འཇགས་ཐོན་སྐྱེད་དྲིལ་སྒྲོག་བྱ་བར་ཤུགས་བསྣན་ནས། ཞིང་ལས་ཐོན་རྫས་ཐོན་སྐྱེད་ཚོང་གཉེར་མཁན་གྱི་འགན་འཁྲིའི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས། རྒྱུ་སྤུས་བདེ་འཇགས་ཀྱི་འདུ་ཤེས་སོགས་མཐོར་འདེགས་སུ་བཏང་སྟེ། ཞིང་ལས་ཐོན་སྐྱེད་དང་ཐོན་རྫས་རྒྱུ་སྤུས་བདེ་འཇགས་འགལ་རྐྱེན་ཐད་ཀྱི་མྱུ་གུའི་རང་བཞིན་གྱི་གནས་བབ་གཞིར་བཟུང་བ་རེད། ཡ་རྫི་རྫོང་གི་ཞིང་ལས་ཐོན་རྫས་དེ་དག་ལ་དུས་ཆེན་གྱི་སྐབས་སུ་བདེ་འཇགས་འགན་འཁྲིའི་དོན་རྐྱེན་མི་འབྱུང་བར་ཁག་ཐེག་བྱས། དེ་མིན་གཏན་འཁེལ་བྱས་པའི་བཤས་ར1དང་ཞིང་ལས་ཉོ་འཚོང་ཁྲོམ་ར1 སྒོ་རྩིས་ཁང་ཆེན་པོ1 ཞིང་ལས་ཐོན་རྫས་སྡེབ་འཚོང་སྒོ་བསྟེན་ཁང13 གཟན་ཆས་ཕྱིར་འཚོང་སྒོ་བསྟེན་ཁང3 ཕྱུགས་སྨན་ཚོང་གཉེར་སྒོ་བསྟེན་ཁང3 ཐོན་སྐྱེད་རྟེན་གཞི3བཅས་ལ་ཞིབ་བཤེར་བྱས། ཞིབ་བཤེར་ཁྲོད་དུས་ཡོལ་བའི་ཕྱུགས་སྨན་དང་གཟན་ཆས་ཐོན་རྫས་ཕྱིར་འཚོང་དང་ཁྲིམས་འགལ་བེད་སྤྱོད། ཞིང་སྨན་གྱི་སླད་སྐྱོན་ཚབས་ཆེན་ཐེབས་པའི་ཁྲིམས་འགལ་སྒྲིག་འགལ་ཅན་གྱི་ཚོང་རྟགས་སོགས་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་བེད་སྤྱོད་བྱེད་པའི་སྣང་ཚུལ་ཅི་ཡང་མེད།

ཞིབ་བཤེར་དང་དྲིལ་སྒྲོག་བརྒྱུད་ཞིང་ཞོར་ཁེ་ལས་དང་མཉམ་ལས་ཁང་། ཞིང་ཕྱུགས་སྨན་ཚོང་གཉེར་གཙོ་བོ་ཡིན་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་མཁན་གྱི་འགན་འཁྲིའི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་འགལ་རྐྱེན་གོམ་གང་མདུན་སྤོས་སྒོས་མེད་པར་བཏང་། ལས་རིམ་རྗེས་མར་ཡ་རྫི་རྫོང་གི་ཞིང་ལས་ཞིང་སྡེ་དང་ཚན་རྩལ་ཅུའུ་ཡིས་མུ་མཐུད་དུ་ཞིང་ལས་གཏོང་སྒོའི་འགོ་ཁུངས་ཀྱི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བསྣན་ནས། འདེབས་འཛུགས་གསོ་སྤེལ་རྟེན་གཞི་དང་ཆུ་ནང་ཐོན་སྐྱེད་གསོ་སྤེལ་གྱི་རྒྱུ་སྤུས་བདེ་འཇགས་ལྟ་སྐུལ་བདག་དོམ་ཚད་གཞི་མུ་མཐུད་དུ་ཆེས་ཆེར་བཏང་བ་མ་ཟད། འདེབས་འཛུགས་གསོ་སྤེལ་རྟེན་གཞིའི་ཞིང་སྨན་ལྷག་འཕྲོའི་ཞིབ་བཤེར་ཚད་ལེན་བྱ་བར་ཤུགས་སྣོན་བྱས་ཏེ། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཀྱི་དྲིལ་སྒྲོག་ལ་ཤུགས་བསྣན་ནས་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཐད་ལ་འགན་སྲུང་བྱ་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།